སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།
ང་ཚོས་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཏང་གི་ལྟེ་བའི་ལས་འགན་ཁོང་དུ་ཆུད་པར་བྱས་ནས་བསམ་ཕྱོགས་གསར་པ་དང་། འཐབ་ཇུས་གསར་པ། བྱེད་ཐབས་གསར་པ་བཅས་འདོན་པ་དང་། ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལ་མུ་མཐུད་དུ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། འབད་འབུངས་ཡར་བརྩོན་དང་། ཞུམ་མེད་མདུན་སྐྱོད། མཐུན་སྒྲིལ་འབད་འཐབ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལེའུ་གསར་བ་ཞིག་ཧུར་ཐག་གིས་རྩོམ་དགོས། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་བསུ་མ་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་གསལ་བཤད་གཏིང་ཟབ་གནང་བ་དང་། མ་འོངས་པའི་དུས་སྐབས་ཤིག་གི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་སྲིད་ཇུས་དང་བྱེད་ཕྱོགས་གལ་ཆེན་དང་བྱ་སྤྱོད་ཀྱི་རྩ་འཛིན་གསལ་བཤད་གནང་བར་མ་ཟད། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་ཇེ་བརྟན་དུ་བཏང་སྟེ། རྡོག་རྩ་གཅིག་སྒྲིལ་གྱིས་མདུན་དུ་བསྐྱོད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་ཀྱི་འཕེལ་རིམ་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་དགོས་པའི་སྐུལ་ལྕག་གནང་ཡོད།
སྟོབས་ཤུགས་ནི་མཐུན་སྒྲིལ་ལས་བྱུང་བ་དང་བདེ་སྐྱིད་ནི་འབད་འཐབ་ལས་བྱུང་བ་རེད། མཐུན་སྒྲིལ་བྱས་ན་རྒྱལ་ཁ་ཐོབ་ཐུབ་པ་དང་། འབད་འཐབ་བྱས་ན་ལེགས་འགྲུབ་ཡོང་ཐུབ། ཧྲི་ཁུའུ་མོན་ནས་གནམ་བདེ་སྒོ་མོའི་བར་དང་། གྲུ་གཟིངས་དམར་པོ་ཆུང་ཆུང་ནས་བརྗིད་ཉམས་ཆེ་བའི་གྲུ་གཟིངས་ཆེན་པོའི་བར་དུ། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་དུང་ཕྱུར་མང་པོར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། དཀའ་ངལ་ཁྲི་སྟོང་མང་པོ་ཁྱད་དུ་བསད་པ་དང་ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པ། ཉེན་ཁ་ཁྲི་ལས་རྣམ་པར་རྒྱལ་ཏེ་བློ་བརྟན་འགྱུར་མེད་ངང་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཐོག་གི་ཆེས་རྒྱ་ཆེ་བའི་ལོ་རྒྱུས་མཚོན་པའི་སྙན་ངག་རིང་ཤོས་བརྩམས་ཡོད། ཏང་དང་མི་དམངས་ལ་ཐོབ་པའི་གྲུབ་འབྲས་མཐའ་དག་ནི་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་ཡིན་པ་དང་། མཐུན་སྒྲིལ་འབད་འཐབ་བྱེད་པ་ནི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱི་བསམ་པའི་མཚོན་རྟགས་མངོན་གསལ་དོད་ཤོས་ཤིག་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཁྱོན་ཡོངས་དང་འཛམ་གླིང་ལ་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་སྤྱི་འདོམས་བྱས་ཏེ། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཛ་དྲག་དང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་དང་གཅིག་རྗེས་གཉིས་མཐུད་དུ་ཐོན་པའི་ཉེན་ཁ་དང་འགྲན་སློང་ཆེན་པོར་ཁ་གཏད་ནུས་ལྡན་བཅག་ཏེ། འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་ལ་བརྟེན་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མདུན་ཕྱོགས་སུ་སྐུལ་འདེད་བཏང་ཡོད། སྟོབས་ཤུགས་གཅིག་སྡུད་ཀྱིས་དབུལ་ཐར་མཁྲེགས་གཏོར་དམག་འཐབ་ཡག་པོ་བརྒྱབ་ནས། ཀྲུང་ཧྭའི་ས་གཞི་ཆེན་པོའི་ཐོག་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་། རིམས་ནད་ལ་འགོག་རྒོལ་བྱེད་པའི་མི་དམངས་དམག་འཁྲུག་དང་། ཁྱོན་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ཡག་པོར་བརྒྱབ་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྤྱི་འདོམས་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་འཛམ་གླིང་ཐོག་གི་གྲུབ་འབྲས་ལེགས་པོ་ཐོབ་ཡོད། འཐབ་རྩོད་བྱེད་སྐབས་རྒྱལ་ཁབ་ཀྱི་ལ་རྒྱ་དང་སྲོག་ཤིང་གི་ཁེ་ཕན་སྲུང་སྐྱོབ་བྱས་ནས་རང་རྒྱལ་གྱི་འཕེལ་རྒྱས་དང་བདེ་འཇགས་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ཡག་པོ་བྱས་ཡོད། ལོ10ཡི་རིང་ང་ཚོར་འཕྲད་པའི་ཉེན་ཁ་དང་འགྲན་སློང་ནི་ལང་ལོང་དུ་འཕྱུར་བའི་རྦ་རླབས་བཞིན་ཛ་དྲག་ཆེ་ལ་ཐ་ན་སྐབས་འགར་འཇིགས་སུ་རུང་བ་ཞིག་ཀྱང་རེད། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ང་ཚོས་ཡིད་ཆེས་བརྟན་པོས་དཀའ་ངལ་ལ་མི་འཛེམ་པར་མདུན་སྐྱོད་དང་། འབད་འབུངས་ཡར་བརྩོན། དམག་འཐབ་ཡང་ཡང་རྒྱག་པ་བཅས་བྱས་ཏེ་ཕྱོགས་མང་པོའི་ཐད་ཀྱི་ཉམས་སད་ཐེག་པར་བྱས་པས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད། མཐུན་སྒྲིལ་ནི་སྟོབས་ཤུགས་ཤིག་དང་འབད་འཐབ་བྱས་ན་འབྱུང་འགྱུར་གཏོད་ཐུབ་པ་དང་། མཐུན་སྒྲིལ་དང་འབད་འཐབ་བྱེད་ཐུབ་པའི་མི་རིགས་ལ་གཞི་ནས་འོད་ཟེར་སྟོང་ལྡན་གྱི་མདུན་ལམ་ལྡན་པ། མཐུན་སྒྲིལ་དང་འབད་འཐབ་བྱེད་ཐུབ་པའི་སྲིད་ཏང་ཞིག་ཡིན་ཕྱིན་གཞི་ནས་མི་ཕམ་པའི་གནས་སུ་ལངས་ཐུབ་པ་བཅས་ལོ་རྒྱུས་དང་ལག་ལེན་ལས་ར་སྤྲོད་བྱུང་ཡོད།
འབད་འཐབ་དམིགས་འབེན་གསལ་བོ་བྱེད་པར་དམིགས་ནས་གྲུབ་པའི་མཐུན་སྒྲིལ་ནི་མཐུན་སྒྲིལ་བརྟན་པོ་ཞིག་ཡིན་པ་དང་། མཐུན་སྒྲིལ་དམ་པོ་བྱས་ནས་འབད་འཐབ་བྱེད་པ་ནི་ནུས་ལྡན་གྱི་འབད་འཐབ་ཅིག་ཡིན། འཚོགས་ལ་ཉེ་བའི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་པའི་འགག་རྩའི་དུས་སྐབས་སུ་འཚོག་པའི་ཧ་ཅང་གལ་འགངས་ཆེ་བའི་ཚོགས་ཆེན་ཞིག་ཡིན་པས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་གོམ་སྟབས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་སྤྱི་ཁོག་ནས་རྒྱང་ལྟ་དང་། མ་འོངས་པའི་ལོ5དང་ཐ་ན་དུས་ཡུན་སྔར་ལས་རིང་བའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་དམིགས་འབེན་ལས་འགན་དང་སྲིད་ཇུས་བྱེད་ཕྱོགས་གལ་ཆེན་ཚན་རིག་དང་མཐུན་པར་ཇུས་འགོད་བྱ་རྒྱུ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གིས་སྐྱོད་ལམ་གསར་པའི་ཐོག་དར་ཆ་གང་འདྲ་ཞིག་སྒྲེང་བ་དང་། ལམ་བུ་གང་འདྲ་ཞིག་ཏུ་སྐྱོད་པ། བསམ་པའི་རྣམ་པ་གང་འདྲ་ཞིག་ལ་བརྟེན་པ། དམིགས་འབེན་གང་འདྲ་ཞིག་གི་ཕྱོགས་སུ་མུ་མཐུད་དུ་མདུན་སྐྱོད་བྱེད་པ་བཅས་ཁྱབ་བསྒྲགས་གསལ་བོ་གནང་བ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྐུལ་ལྕག་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་ལེན་པར་འབད་འཐབ་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་ནན་བཤད་གནང་བ་རེད། མ་འོངས་པའི་ལོ་ལྔ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་འགོ་རྩོམ་པའི་འགག་རྩའི་དུས་སྐབས་ཤིག་ཡིན། ལོ་ལྔ་ཡི་རིང་གི་འཕེལ་རྒྱས་ལས་དོན་ཡག་པོར་བསྒྲུབ་རྒྱུ་དེ་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད། ང་ཚོས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱེད་པ་དང་། དམངས་ཡོངས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་པ། སྤྱི་ཚོགས་ཡོངས་ཀྱི་གསར་སྐྲུན་གྱི་གསོན་ཤུགས་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་སྐུལ་སློང་བྱེད་པ། ཀུན་སེམས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་བཅས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱེད་པ་དང་། སྔོན་ལ་གཏན་འཁེལ་བྱས་པའི་འབད་འཐབ་དམིགས་འབེན་ལ་དམིགས་ནས་བློ་སྟོབས་ཆེར་སྐྱེད་ཀྱིས་མ་འོངས་པའི་ཕྱོགས་སུ་སྐྱོད་དགོས།
དེང་སྐབས། འཛམ་གླིང་ལ་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་མགྱོགས་མྱུར་ངང་འབྱུང་བཞིན་ཡོད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་འགག་རྩའི་དུས་སྐབས་སུ་སླེབས་ཡོད།
ང་ཚོས་ལོ་རྒྱུས་ཀྱི་དུས་སྐབས་གང་འདྲ་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་དམིགས་འབེན་མངོན་འགྱུར་བྱེད་པར་དེ་བས་ཉེ་བཅར་དང་དེ་བས་ཡིད་ཆེས་དང་ནུས་པ་ལྡན་ཡོད། དེ་དང་ཆབས་ཅིག་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ནི་ལས་སླ་པོ་དང་རྔ་རྡུང་དར་འཕྱར་བྱས་པ་ཙམ་གྱིས་མངོན་འགྱུར་བྱེད་ཐུབ་པ་ཞིག་མིན་པས། ངེས་པར་དུ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་འཐབ་རྩོད་བྱེད་ཕོད་པ་དང་དཀའ་ཚེགས་དང་དཀའ་སྡུག་དེ་བས་ཆེ་བའི་འབད་འཐབ་བྱ་རྒྱུའི་གྲ་སྒྲིག་བྱེད་དགོས་པ་རིག་པ་དྭངས་གསལ་གྱིས་ངོས་འཛིན་ཐུབ་པར་བྱེད་དགོས། མཐུན་སྒྲིལ་ནི་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་མདུན་སྐྱོད་ལམ་བུའི་ཐོག་གི་ཉེན་ཁ་དང་འགྲན་སློང་མཐའ་དག་ལས་རྣམ་པར་རྒྱལ་བ་དང་རྒྱལ་ཁ་ནས་རྒྱལ་ཁ་གསར་པའི་ཕྱོགས་སུ་མུ་མཐུད་དུ་སྐྱོད་པའི་འགན་ལེན་གལ་ཆེན་ཞིག་ཡིན་པ་ལོ་རྒྱུས་ཀྱིས་ང་ཚོར་གསལ་བཤད་བྱས་ཡོད། དེང་གི་དུས་འདིར་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱིས་བསམ་བློ་ཕྱོགས་གཅིག་ཏུ་གཏོང་བ་དང་ནུས་ཤུགས་ཕྱོགས་གཅིག་ཏུ་བཏོན་ནས། རྡོག་རྩ་གཅིག་སྒྲིལ་དང་ནུས་ཤུགས་ཡོད་རྒུ་བཏོན་ཏེ། མཉམ་དུ་འབད་འཐབ་བྱེད་པའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་གང་ཐུབ་བྱེད་དགོས། ཀྲུང་གོ་མི་དམངས་དུང་ཕྱུར14ལྷག་གིས་ཐོག་མཐའ་བར་གསུམ་དུ་ལག་གདང་སྦྲེལ་ནས་མ་འོངས་པར་ཕྱོགས་པ་དང་། ཀྲུང་གོ་གུང་ཁྲན་ཏང་མི་བྱེ་བ་དགུ་ས་ཡ་དྲུག་ལྷག་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་དང་སེམས་པ་གཅིག་ཏུ་སྦྲེལ་ནས་མ་འོངས་པར་ཕྱོགས་ཚེ། ང་ཚོས་རྒྱུགས་ལེན་གྱི་ལམ་བུའི་ཐོག་མི་རྣམས་ཧ་ལས་དགོས་པའི་ངོ་མཚར་མུ་མཐུད་དུ་བསྐྲུན་ཐུབ་ངེས་རེད།
མཐུན་སྒྲིལ་འབད་འཐབ་བྱེད་རྒྱུ་ནི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་ལོ་རྒྱུས་ཀྱི་རླབས་ཆེན་བྱ་གཞག་གསར་སྐྲུན་བྱེད་པར་བརྒྱུད་དགོས་པའི་ལམ་བུ་ཞིག་རེད། ང་ཚོས་མཐུན་སྒྲིལ་འབད་འཐབ་ལ་བརྟེན་ནས་འོད་སྟོང་འཕྲོ་བའི་ལོ་རྒྱུས་བསྐྲུན་ཡོད་ལ། ད་དུང་མུ་མཐུད་དུ་མཐུན་སྒྲིལ་འབད་འཐབ་ལ་བརྟེན་ནས་མཛེས་སྡུག་གི་མ་འོངས་པ་གཏོད་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་ཆུད་པར་བྱེད་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་སྒྲུབ་ཐུབ་པར་བྱེད་པ། མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་བྱེད་པ། སྐུལ་སློང་བྱེད་ཐུབ་པའི་མཐུན་རྐྱེན་མཐའ་དག་སྐུལ་སློང་བྱེད་པ། ནུས་ཤུགས་ཡོད་རྒུས་རང་ཉིད་ཀྱི་བྱ་བ་ཡག་པོར་སྒྲུབ་པ། ནམ་ཡང་འབད་འཐབ་ལྷོད་མེད་བཅས་བྱས་ཏེ་རླབས་ཆེན་གྱི་སྐྱོད་ལམ་གསར་པའི་ཐོག་དུས་རབས་ཀྱི་འོད་སྟོང་གསར་པ་དང་ལོ་རྒྱུས་ཀྱི་རླབས་ཆེན་བྱ་གཞག་གཏོད་དགོས།
ཡིག་སྒྱུར་བ། སྒྲོལ་མ་སྐྱིད།