མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
2022.08.17 ཁུངས། ཀྲུང་གོ་གུང་ཁྲན་ཏང་གསར་འགྱུར་དྲ་བ། ཀློག་གྲངས། 27

 ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་ཐེངས་གཉིས་གནང་བ་དང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཐེངས་གཉིས་ཞུགས་པ། མི་རིགས་ཁག་གི་མི་དམངས་དང་མཐོ་སྒང་གི་ས་གཞི་ཆེ་མོར་བརྩེ་བ་ཟབ་མོ་བཅངས་ཤིང་།   མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པར་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་དགོས་ཞེས་མངགས་བཅོལ་ཟབ་མོ་གནང་ཏེ། མཚོ་སྔོན་གྱི་འཕེལ་རྒྱས་ལ་བརྗིད་ཆེའི་འཆར་གཞི་བཀོད་པ་དང་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད།

ལོ་བཅུའི་རིང་། མཚོ་སྔོན་གྱིས་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་འབད་འབུངས་ཡར་བརྩོན་གྱིས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་བཏང་ཡོད། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་མགྱོགས་མྱུར་ངང་འཕར་བ་དང་།  བརླན་སའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ། ནུས་རྒྱུ་གཙང་མའི་གློག་ཤུགས་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་གྱིས་བཟུང་བའི་བསྡུར་ཚད་རྒྱལ་ཡོངས་ཀྱི་མཐོ་ཤོས་རྒྱུན་འཁྱོངས་བྱས་ཡོད། མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་སྟེང་ལྗང་མདོག་འཕེལ་རྒྱས་དང་། སྐྱེ་ཁམས་མཛའ་མཐུན། གསར་སྐྲུན་སྒོ་འབྱེད།  དཔལ་ཡོན་འཆམ་མཐུན། མི་དམངས་བདེ་སྐྱིད། ཆབ་སྲིད་དྭངས་གསལ་བཅས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས་ཞེས་བཏོན་ཡོད། ད་ལྟ་ཀྲུང་ཧྭའི་ཆུ་མཛོད་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་སྔར་ལས་མཛེས་སྡུག་དང་འབྱོར་ཕྱུག འཆམ་མཐུན་བཅས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་མངོན་བཞིན་ཡོད།

རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་ཁུར་བ།

མཚོ་སྔོན་དུ་གཟིགས་ཞིབ་བྱེད་པར་ཐེངས་གཉིས་ཕེབས་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐྱེ་ཁམས་སྲུང་སྐྱོབ་ཐད་མཛུབ་སྟོན་གལ་ཆེན་གནང་ཞིང་།  2016ལོའི་ཟླ8པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་དང་། འགན་འཁྲི་ཆེ་ཤོས།  སྦས་ཤུགས་ཆེ་ཤོས་བཅས་ལྡན་ས་ནི་སྐྱེ་ཁམས་རེད་ཅེས་ནན་བཤད་གནང་བ་དང་། 2021ལོའི་ཟླ6པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི་རྒྱལ་ཁབ་ཀྱི་དོན་ཆེན་ཡིན་པས། རི་སྔོ་ཆུ་དྭངས་ནི་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོ་བཙུགས་ནས་སའི་གོ་ལའི་གླིང་སྣེ་གསུམ་པའི་སྐྱེ་ཁམས་སྲུང་སྐྱོབ་ཏན་ཏིག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་དང་།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ། སའི་གོ་ལའི་གླིང་སྣེ་གསུམ་པ་སྲུང་སྐྱོབ་ཡག་པོ་བཅས་བྱ་རྒྱུ་ནི་མཚོ་སྔོན་གྱི་འདོར་ཐབས་མེད་པའི་འགན་འཁྲི་ཞིག་རེད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། མཚོ་སྔོན་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་ཁུར་ཏེ། སྐྱེ་ཁམས་ དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་འགོ་བརྩམས་ནས་བཅོས་སྐྱོང་ནུས་ལྡན་དང་སྙིང་རུས་གཏན་འཁྱོངས་བྱས་པས། མཚོ་སྔོན་གྱི་སྐྱེ་ཁམས་མིང་བྱང་སྔར་ལས་ཤུགས་ཆེ་རུ་ཕྱིན་ནས་ལྗང་མདོག་གི་རྩ་བ་སྔར་བས་ཇེ་བརྟན་དུ་སོང་ཡོད།

ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པ།

མིག་སྔར། མཚོ་སྔོན་གྱི2022ལོའི་ལྗང་མདོག་གློག་ཤུགས་གཟའ་འཁོར་ལྔའི་ནུས་རྒྱུ་གཙང་མའི་གློག་འདོན་བྱེད་སྒོ་བདེ་བླག་ངང་ལེགས་སྒྲུབ་བྱས་ཡོད། དེ་ནི་མཚོ་སྔོན་གྱིས་2017ལོ་ནས་བཟུང་བསྟུད་མར་ལོ་དྲུག་ལ་ལྗང་མདོག་གློག་ཤུགས་གསར་བསྐྲུན་འཚོལ་ཞིབ་བྱེད་པའི་ལག་ལེན་བྱེད་སྒོ་ཞིག་ཡིན་པར་མ་ཟད།  ཟིན་ཐོ་གསར་པ་ཐེངས་མང་བཏོད་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2021ལོའི་ཟླ6པར་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས། རྒྱལ་ཁོངས་ས་ཁོངས་བར་སྟོང་གསར་སྤེལ་སྲུང་སྐྱོབ་ཀྱི་རྣམ་པ་ཇེ་ལེགས་སུ་བཏང་ནས།  ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་རྒྱུན་འཁྱོངས་ཀྱིས་དོན་དངོས་དང་ཟུང་འབྲེལ་དང་དགེ་སྤེལ་སྐྱོན་སྤོང་བྱས་ནས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་དགོས་ཞེས་མཛུབ་སྟོན་གནང་བ་རེད།

མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ།  མཐོ་སྒང་གི་ཐུན་མོང་མ་ཡིན་པའི་རླུང་ཤུགས་དང་འོད་ནུས་ཀྱི་ཐོན་ཁུངས་ལེགས་པོ་བེད་སྤྱད་དེ་ནུས་རྒྱུ་གཙང་མ་འཛུགས་སྐྲུན་བྱེད་པའི་མྱུར་ཚད་ཇེ་མགྱོགས་སུ་བཏང་ཞིང་། ན་ནིང་ལོ་མཇུག་བར་ཞིང་ཆེན་ཡོངས་ཀྱི་གློག་ཤུགས་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནང་ནུས་རྒྱུ་གཙང་མས་བཟུང་ཚད90.83%དང་ནུས་རྒྱུ་གསར་པས61.36%བཟུང་ནས། རྒྱལ་ཡོངས་ཀྱི་མཐོ་ཤོས་མུ་མཐུད་དུ་རྒྱུན་འཁྱོངས་བྱས་པ་དང་། འཛམ་གླིང་སྟེང་ཆེད་མངགས་ནུས་རྒྱུ་གཙང་མ་ཕྱིར་སྐྱེལ་བྱས་ནས་བསྐྲུན་པའི་ མཐོ་གནོན་སྐུད་ལམ་ཐོག་མ་དེ་དངོས་སུ་སྤྱོད་འགོ་ཚུགས་ཤིང་།  མཐོ་སྒང་གི་ལྗང་མདོག་གློག་རྒྱུན་ཆད་མེད་པར་ཞིང་ཆེན་ཕྱི་ལ་བཏང་ནས“ཐཱན་གཉིས”དམིགས་ཚད་མངོན་འགྱུར་བྱེད་པར་མཚོ་སྔོན་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་བ་རེད།

ཉེ་བའི་ལོ་ཤས་རིང་། མཚོ་སྔོན་གྱིས་ལག་རྩལ་གསར་བསྐྲུན་དང་བགྲོད་ལམ་འཛུགས་སྐྲུན་བྱས་པ་བརྒྱུད། དྭངས་གཙང་ནུས་རྒྱུའི་འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་བྱས་པ་དེས་ཐོན་ཁུངས་ཀྱི་ལེགས་ཆ་ཐོན་ལས་ཀྱི་ལེགས་ཆར་གྱུར་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་སྔར་ལས་མངོན་གསལ་དུ་གྱུར་ཡོད།

འཆམ་མཐུན་ཁྱིམ་གཞིས་མཉམ་དུ་བསྐྲུན་ནས་དམངས་ཚིས་བདེ་སྐྱིད་མུ་མཐུད་དུ་ཇེ་ཆེར་བཏང་བ།

2021ལོའི་ཟླ6པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས།  སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་མི་རིགས་གཅིག་ཀྱང་མེད་དུ་མི་རུང་ཞེས་ནན་བཤད་གནང་བ་རེད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། མཚོ་སྔོན་གྱི་རྫོང་དབུལ་པོ42ཀྱི་དབུལ་ཞྭ་ཕུད་པ་དང་།  སྡེ་བ་དབུལ་པོ1622ཚང་མ་དབུལ་ཕོངས་ལས་ཐར་བ།   མི་གྲངས་དབུལ་པོ་འབུམ་ལྔ་དང་ཁྲི་གསུམ་སྟོང་དགུ་དྲུག་བརྒྱ་དབུལ་ཕོངས་ལས་ཐར་ཐུབ་པ་བྱུང་ནས་དབུལ་པོ་དབུལ་ནག་དང་ས་ཁོངས་རང་བཞིན་གྱི་དབུལ་ཐར་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།  དབུལ་ཞྭ་ཕུད་པ་ནི་མཇུག་མཐའ་ཞིག་མིན་པར་དེ་ནི་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་པ་ཞིག་རེད། ད་ལྟ་མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ39དང་སྡེ་བ225ལ་གྲོང་གསེབ་དར་སྤེལ་གཏོང་བའི་ཚོད་ལྟའི་ལས་དོན་སྤེལ་འགོ་བརྩམས་ཡོད།

དབྱར་དུས་ཀྱི་མཚོ་སྔོན་པོའི་བྱང་ངོགས་སུ་ཡུལ་སྐོར་བས་ཁེངས་ཞིང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དཀོན་ལོ་ཞོལ་མ་སྡེ་བའི་རི་ལྡེབས་སུ་བོད་བཟོའི་ཤིང་ཁང་ཆུང་ཆུང་མང་པོ་ལས་ཡོད་པ་དང་།    ཤིང་ཁང་ཆུང་ཆུང་གི་གང་སར་ལམ་ཆུང་མང་པོ་སྦྲེལ་མཐུད་བྱས་ཡོད།

དེ་ནི་གངས་རི་མེ་ཏོག་སྤྲོ་གསེང་གྲོང་ཚོ་ཡིན་པ་དང་། གཉེར་སྐྱོང་བ་ནི་ལོ་ན་དྲུག་ཅུར་སླེབས་པའི་དཀོན་ལོ་ཞོལ་མ་སྡེ་བའི་སྡེ་མི་རིན་ཆེན་ཚེ་རྣམ་ཡིན་པ་རེད། ཉེ་བའི་ལོ་ཤས་རིང་། དབུལ་ཐར་མཁྲེགས་གཏོར་གྱི་སྲིད་ཇུས་ལ་བརྟེན་ནས་དཀོན་ལོ་ཞོལ་མ་སྡེ་བ་རྫོང་ མཁར་གྱི་ཉེ་འགྲམ་དུ་སྤོས་པ་དང་།  རིན་ཆེན་ཚེ་རྣམ་སྡོད་ཁང་གསར་པའི་ནང་སྤར་ནས་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་སོང་ཡོད། གྲོང་གསེབ་དར་སྤེལ་གཏོང་བའི་ཚ་རླབས་ཁྲོད་ རིན་ཆེན་ཚེ་རྣམ་གྱིས་ཕྱུགས་ལས་ལ་བརྟེན་ནས་སྤྲོ་གསེང་གླིང་གཉེར་བར་མ་ཟད། ད་དུང་ སྡེ་བ་དེའི་འབྲོག་པ་མང་ཚོགས10ལྷག་རང་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་ཐུབ་པར་སྐུལ་ཁྲིད་ཀྱང་བྱས་པ་རེད།

རྒས་དུས་འཚོ་རྟེན་ཡོད་པ་དང་། བྱིས་པར་སློབ་གྲྭ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། སྡོད་སའི་ཁང་པ་ཡོད་པ། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་གྱིས་ནོར་སྲིད་གཏོང་སྒོའི་75%ཡན་དམངས་ཚིས་ལ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དམངས་ཚིས་བདེ་སྐྱིད་མུ་མཐུད་དུ་ཇེ་མཐོར་གཏོང་བའི་བྱ་སྤྱོད་དངོས་ཀྱི་ཐོག་ནས།  སུའི་ཆེད་དུ་ཡིན་པ་དང་། སུ་ལ་བརྟེན་དགོས་པ། རང་ཉིད་སུ་ཞིག་ཡིན་པ་བཅས་ཀྱི་བརྗོད་གཞི་གལ་ཆེན་ལ་ལན་བཏབ་པ་དང་།   ཞིང་བ་ཁྱིམ་ཚང་ཁྲི་སྟོང་མང་པོ་ནས་རྩྭ་ཐང་གི་ཕྱུགས་རའི་བར་དང་། གངས་ལྗོངས་མཐོ་སྒང་ནས་རྒྱ་ཆེ་བའི་མཚོ་འགྲམ་གྲོང་ཁྱེར་བར་མཐོ་སྒང་གི་ས་གཞི་ཆེ་མོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དག་འཛུམ་མདངས་འཕྱུར་བའི་ངོ་གདོང་ནས་མངོན་བཞིན་མཆིས།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།