ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་དུ་འགྱུར་རྒྱུར་ཁག་ཐེག་བྱེད་དགོས།
2022.08.25 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 38

—དུས་རབས་གསར་པར་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་དཔྱད་བརྗོད།

“ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོའི་ཁྱད་ཆོས་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་ཆེ་ཤོས་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཡིན་པ། ཀྲུང་གོ་གུང་ཁྲན་ཏང་ནི་ཆེས་མཐོའི་ཆབ་སྲིད་ཀྱི་འགོ་ཁྲིད་སྟོབས་ཤུགས་དེ་ཡིན།”

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་འཐབ་ཇུས་ཀྱི་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་སྤྱད་དེ། ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་པས། ཆབ་སྲིད་ཀྱི་གྲུབ་འབྲས་དང་གཞུང་ལུགས་ཀྱི་གྲུབ་འབྲས། ལམ་ལུགས་ཀྱི་གྲུབ་འབྲས། ལག་ལེན་གྱི་གྲུབ་འབྲས་བཅས་གལ་ཆེན་ཐོབ་ཡོད།

ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་འགན་ལེན་ནུས་ལྡན་བྱུང་བ་དང་། ཏང་གི་འགོ་ཁྲིད་ལམ་ལུགས་ཀྱི་མ་ལག་རྒྱུན་འཆད་མེད་པར་འཐུས་ཚང་དུ་སོང་ལ། ཏང་གི་འགོ་ཁྲིད་བྱེད་སྟངས་ཚན་རིག་དང་སྔར་ལས་མཐུན་པ་དང་། ཏང་ཡོངས་ཀྱི་བསམ་བློའི་སྟེང་སྔར་ལས་གཅིག་གྱུར་ཡིན་པ། ཆབ་སྲིད་ཐད་སྔར་ལས་མཐུན་སྒྲིལ་དང་བྱ་སྤྱོད་ཐོག་སྔར་ལས་གཅིག་མཐུན་བཅས་བྱུང་ལ། ཏང་གི་ཆབ་སྲིད་ཀྱི་འགོ་ཁྲིད་ནུས་པ་དང་བསམ་བློའི་ཁྲིད་སྟོན་ནུས་པ། མང་ཚོགས་རྩ་འཛུགས་ཀྱི་ནུས་པ། སྤྱི་ཚོགས་ཀྱི་འབོད་སྐུལ་ནུས་པ་བཅས་མངོན་གསལ་སྒོས་ཆེ་རུ་ཕྱིན་ཡོད།

དར་ཆ་གསལ་སྟོན་གྱིས་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་འགན་ལེན་ནུས་ལྡན་བྱུང་།

2021ལོའི་ཟླ་བཅུ་གཅིག་པར། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་ཏང་གི་ལོ་རྒྱུས་ཀྱི་གྲོས་ཆོད་གསུམ་པར་གྲོས་འཆམ་བྱུང་ནས་ཆབ་སྲིད་ཀྱི་ཆོད་གཏམ་གལ་ཆེན་གནང་སྟེ།

“ཏང་གིས་བློ་མཐུན་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གོ་གནས་སུ་གཏན་འཁེལ་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་གནས་བབ་གཏན་འཁེལ་བྱས་པ་དེའི་ཐོག་ནས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་བཅས་ཀྱི་ཐུན་མོང་གི་བསམ་འདུན་མཚོན་པ་དང་། དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་ཡོད”ཅེས་བསྟན།

“གཏན་འཁེལ་གཉིས”ནི་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་ཆབ་སྲིད་ཀྱི་གྲུབ་འབྲས་གལ་ཆེན་ཞིག་དང་དུས་རབས་ཀྱི་འབོད་སྐུལ་དང་ལོ་རྒྱུས་ཀྱི་གདམ་ག དམངས་སེམས་ཕྱོགས་ས་བཅས་རེད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་རྒྱུ་དེ་ལས་དོན་གྱི་རྣམ་པ་གསར་བ་གཏོད་པའི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས། ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པའི་ཤིན་ཏུ་གལ་ཆེའི་རང་བཞིན་དང་ཚན་རིག་དང་མཐུན་པའི་ནང་དོན་རྒྱས་བཤད་གཏིང་ཟབ་བྱས་ཡོད།

“ཏང་སྲིད་དམག་དམངས་སློབ་གྲྭ་དང་། ཤར་ལྷོ་ནུབ་བྱང་དབུས་གང་ཡིན་ཡང་། ཏང་ནི་ཡོད་ཚད་ལ་འགོ་ཁྲིད་བྱེད་མཁན་ཡིན་ལ། ཆེས་མཐོའི་ཆབ་སྲིད་ཀྱི་འགོ་ཁྲིད་སྟོབས་ཤུགས་ཀྱང་ཡིན།”

“ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་ཆེ་ཤོས་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཡིན་པ་དང་།” “ཏང་གི་འགོ་ཁྲིད་ནི་ཏང་དང་རྒྱལ་ཁབ་ཀྱི་རྩ་བ་གནས་ས་དང་སྲོག་རྩ་གནས་ས་ཡིན་ཞིང་། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱི་ཁེ་ཕན་དང་ལས་དབང་ལ་ཐུག་ཡོད།”

“ང་ཚོས་རྒྱལ་སྐྱོང་སྲིད་འཛིན་གྱི་རྩ་བ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཡིན།”

“ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལམ་བུ་ཉག་གཅིག་ཡིན།”

“ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་འགོ་ཁྲིད་སྲོག་ཤིང་ཡིན་པས། ངེས་པར་དུ་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་ཏེ། ཏང་གིས་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་ཕྱོགས་གང་ཅི་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་སྲོག་ཤིང་གི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས།”

རྣམ་བཤད་གལ་ཆེན་རབ་དང་རིམ་པ་ཞིག་གི་ཐོག་ནས་ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་རྒྱུའི་གལ་ཆེའི་རང་བཞིན་དང་ཚན་རིག་དང་མཐུན་པའི་ནང་དོན་རྒྱས་བཤད་གཏིང་ཟབ་བྱས་ནས། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་བསམ་བློ་གཅིག་གྱུར་ཡོང་བར་རིགས་པའི་གཞུང་ལུགས་ཀྱི་ཁྲིད་སྟོན་བྱས་ཡོད།

2017ལོའི་སྟོན་དུས་སུ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་བཏོན་ནས། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་རྒྱག་དགོས་པའི་ནན་བཤད་གནང་ཡོད།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྟེང་། “ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོའི་ཁྱད་ཆོས་ཤིག་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་སྟོབས་ཆེ་ཤོས་ཤིག་ཡིན”ཞེས་ཏང་གི་སྒྲིག་ཡིག་ནང་བཀོད་པ་དང་། ཕྱི་ལོའི་ཟླ་གསུམ་པར་བསྡུས་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། “ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོའི་ཁྱད་ཆོས་ཡིན”ཞེས་པ་དེ་རྩ་ཁྲིམས་ཀྱི་ལེའུ་དང་པོའི《སྤྱིའི་རྩ་འཛིན》གྱི་དོན་ཚན་དང་པོར་བཀོད་ཡོད།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི“ཁ་གསལ་བཟོས་ཡོད་པ་བཅུའི”ལྟེ་བའི་ནང་དོན་ནས་རང་རྒྱལ་གྱི་རྒྱལ་ཁབ་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་ཕྱོགས་བཅུ་གསུམ་ཐད་ཁྱད་སྟོབས་མངོན་གསལ་ཡིན་པ་དང་། དེ་ནས་ཀྲུང་གོ་གུང་ཁྲན་ཏང་གིས་ལོ་བརྒྱའི་འབད་འཐབ་བྱེད་པའི“རྒྱུན་འཁྱོངས་བཅུའི”ལོ་རྒྱུས་ཉམས་མྱོང་སོགས་རིགས་པའི་གཞུང་ལུགས་གལ་ཆེན་རབ་དང་རིམ་པའི་ཕྱོགས་སྡོམ་དང་། ཉམས་མྱོང་གལ་ཆེན་གྱི་བློ་སྒོ་འབྱེད་པའི་ཁྲོད་ཏང་གི་འགོ་ཁྲིད་ཨང་དང་པོར་སླེབས་ཡོད།

བྱ་བ་ཕྱོགས་བཞིར་ཡོད་ལ། བཀོད་འདོམས་ཀྲུང་དབྱང་དུ་ཡོད། ཏང་ཀྲུང་དབྱང་གིས་གཅིག་བསྡུས་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་པ་ནི་ཏང་གི་འགོ་ཁྲིད་ཀྱི་ཆེས་མཐོའི་རྩ་དོན་ཡིན།

ཏང་ཀྲུང་དབྱང་ནི་ཏང་ཡོངས་ཀྱི་གཙོ་གནད་ཡིན་ཞིང་། ཏང་ཡོངས་ལ་སྣེ་ཁྲིད་པའི་དབང་གྲགས་ལྡན། ཏང་གི་ས་གནས་རྩ་འཛུགས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ས་ཁུལ་དེ་གར་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་འགན་ལེན་བྱས་ཏེ། བཀའ་ཡོད་ན་མྱུར་དུ་ལག་ལེན་བསྟར་པ་དང་བཀག་འགོག་བྱེད་དགོས་ས་ཡང་མྱུར་དུ་ལག་བསྟར་བྱེད་དགོས། ཏང་རྩ་འཛུགས་ཀྱིས་ཏང་ཀྲུང་དབྱང་དང་གོང་རིམ་ཏང་རྩ་འཛུགས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ། ཁ་ཕྱོགས་དང་ཁྱོན་ཡོངས། དོན་འཁྱོལ་བཅས་འགན་སྲུང་བྱེད་པའི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པ་དང་། ཏང་གི་གཞི་རིམ་རྩ་འཛུགས་ཀྱིས་ཏང་ཀྲུང་དབྱང་དང་གོང་རིམ་ཏང་རྩ་འཛུགས་ཀྱི་ཐབས་ཇུས་བཀོད་སྒྲིག་གཞི་རིམ་བཞིན་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་འགན་འཁུར་དགོས།

གོང་འོག་སྦྲེལ་མཐུད་དང་ནུས་ལྡན་གྱི་རྩ་འཛུགས་མ་ལག་ལག་བསྟར་བྱས་ནས། ཏང་ཀྲུང་དབྱང་ལ་འགྲན་ཟླ་མེད་པའི་འགོ་ཁྲིད་ཀྱི་ནུས་པ་དང་། རྩ་འཛུགས་ཀྱི་ནུས་པ། ལག་བསྟར་གྱི་ནུས་པ་བཅས་ཆགས་པར་བྱེད་དགོས།

ཏང་ཡོངས་ལ་སྲོག་ཤིང་ཡོད་པར་བྱས་ན། ཏང་ཀྲུང་དབྱང་ལ་གཞི་ནས་དབང་གྲགས་ཡོད་པ་དང་། ཏང་ལ་གཞི་ནས་སྟོབས་ཤུགས་ཡོད་པར་འགྱུར།

“སྲུང་སྐྱོབ་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པ་བྱ་རྒྱུ་ནི་ང་ཚོའི་ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་གལ་ཆེ་ཤོས་ཤིག་ཡིན། ཏང་ཡོངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་། ཏང་ཡོངས་ཀྱི་སྲོག་ཤིང་གི་གོ་གནས་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱས་ནས། “སྲ་ཞིང་བརྟན་པའི་ངར་ལྕགས”ལྟ་བུའི་མཐུན་སྒྲིལ་བྱས་ཏེ་གོམ་སྟབས་གཅིག་གྱུར་གྱིས་མདུན་དུ་སྐྱོད་དགོས།

སྒྲིག་སྲོལ་དང་ལམ་ལུགས་བཙུགས་ནས། ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་དེ་རྒྱལ་ཁབ་བཅོས་སྐྱོང་གི་ཁྱབ་ཁོངས་སོ་སོ་དང་ཕྱོགས་སོ་སོའི་རིམ་པ་ཁག་ཏུ་དོན་འཁྱོལ་བྱེད་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “ཏང་གིས་བྱ་བ་ཐམས་ཅད་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བའི་བླང་བྱ་ནི་དོན་མེད་དང་སྤྱི་མཚན་ཙམ་ཞིག་མིན་པར། ཕྱོགས་གང་ཅིའི་ཐད་དང་རིམ་པ་ཁག་ཏུ་དོན་འཁྱོལ་དང་མངོན་པར་བྱ་དགོས”ཞེས་གསུངས།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ། ཏང་གི་འགོ་ཁྲིད་དེ་རྒྱལ་ཁབ་བཅོས་སྐྱོང་གི་ཁྱབ་ཁོངས་སོ་སོ་དང་ཕྱོགས་སོ་སོའི་རིམ་པ་ཁག་ཏུ་དོན་འཁྱོལ་བྱས་ནས། ཏང་གིས་བསྐྱར་དར་གྱི་གྲུ་གཟིངས་ཆེན་པོའི་སྣེ་ཁྲིད་དེ་ཡང་དག་པའི་ཕྱོགས་སུ་རླབས་གཤགས་མདུན་སྐྱོད་ཐུབ་པ་ཁག་ཐེག་བྱས་ཡོད།

ཏང་གི་འགོ་ཁྲིད་ལམ་ལུགས་ཀྱི་མ་ལག་རྒྱུན་མི་ཆད་པར་འཐུས་ཚང་དུ་བཏང་བ།

2015ལོའི་ཟླ་དང་པོའི་ཚེས་བཅུ་དྲུག་ཉིན། ཀྲུང་ནན་ཧའེ་ཧེ་རིན་ཚོམས་ཆེན་དུ་ཚོགས་འདུ་གལ་ཆེན་ཞིག་ཉིན་གཅིག་ལ་འཚོགས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་འགོ་འཛིན་མཛད་པ་དང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་རྩ་འཛུགས་ཀྱི་བྱ་བའི་སྙན་ཞུ་ལ་གསན་པ་རེད།

དེའི་རྗེས་ཀྱི་ལོ་རེའི་ལོ་སྟོད་དུ་སྙན་ཞུ་དེ་ལྟ་བུ་ཐེངས་གཅིག་སྤེལ་ནས། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པའི་ལམ་ལུགས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་ཏུ་གྱུར་ཡོད།

ལམ་ལུགས་བརྟན་པོ་ཡོད་ན་རྒྱལ་ཁབ་བརྟན་བརླིང་ཡོང་བ་དང་། ལམ་ལུགས་སྟོབས་དང་ལྡན་ན་རྒྱལ་ཁབ་སྟོབས་དང་ལྡན་པ་རེད།

ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཏང་གི་འགོ་ཁྲིད་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་རྒྱུ་འབུར་ཐོན་དུ་བྱས་ནས། རྒྱལ་ཁབ་བཅོས་སྐྱོང་གི་གནད་འགག་དང་རྩ་བ་དམ་འཛིན་བྱས་ཡོད།

ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་དང་སྲུང་སྐྱོབ་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གཏན་འབེབས་འགའ་དང་། ཀྲུང་གོ་གུང་ཁྲན་ཏང་གི་དོན་དག་གལ་ཆེན་སྐོར་གྱི་སྙན་ཞུ་སྲོལ་ཡིག་སོགས་ཏང་ནང་གི་ཁྲིམས་སྲོལ་བཏོན་པ་དང་། ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་སྔར་ལས་ལམ་ལུགས་ཅན་དང་ཚད་ལྡན་ཅན་དུ་གྱུར་ཡོད།

ཀྲུང་དབྱང་གི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་དང་། ཀྲུང་དབྱང་གི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་གི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་གི་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཨུ་ཡོན་ལྷན་ཁང་སོགས་བཙུགས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་གྲོས་མོལ་མཐུན་སྦྱོར་སྒྲིག་གཞིའི་འགན་ནུས་ཤུགས་ཆེར་བཏང་།

ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་སྟེ། ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འགན་ནུས་མ་ལག་རང་བཞིན་དང་ཁྱོན་ཡོངས་རང་བཞིན་གྱི་བསྐྱར་སྒྲིག་བྱུང་།

རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱི་ཏང་ཨུ་(ཏང་རྩ་འཛུགས)ཡིས་འགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་། མཐོ་རིམ་སློབ་གྲྭས་ཏང་ཨུའི་འགོ་ཁྲིད་འོག་གི་སློབ་གཙོའི་འགན་འཁུར་བའི་ལམ་ལུགས་ལག་བསྟར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། གཞུང་བཙུགས་སློབ་གྲྭ་འབྲིང་ཆུང་དང་། སྨན་ཁང་། ཚན་རིག་ཞིབ་འཇུག་སློབ་གླིང་བཅས་སུ་རིམ་བཞིན་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་འོག་གི་སློབ་གྲྭ(ཁང་དང་ཁང་)ཡི་སློབ་གཙོས་འགན་འཁུར་བའི་ལམ་ལུགས་ལག་བསྟར་བྱེད་དགོས།

འཕྲེད་ཕྱོགས་ནས་མཐའ་དང་། གཞུང་ཕྱོགས་ནས་མཐིལ་བར་ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་ལམ་ལུགས་ཀྱི་མ་ལག་སྔར་ལས་འཐུས་ཚང་དང་སྔར་ལས་གཏན་འཁེལ་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱས་ཡོད།

ཏང་གི་འགོ་ཁྲིད་བྱེད་སྟངས་སྔར་ལས་ཚན་རིག་དང་མཐུན་པར་གྱུར་ཡོད།

ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱ་དགོས་ལ་ཏང་གི་འགོ་ཁྲིད་རྒྱུན་མི་ཆད་པར་འཐུས་ཚང་དུའང་གཏོང་དགོས།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་བླང་བྱ་ལྟར་ཏང་གི་སྲིད་སྐྱོང་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་བཏང་སྟེ། སློབ་སྦྱོང་གི་ནུས་པ་དང་ཆབ་སྲིད་ཀྱི་འགོ་ཁྲིད་ནུས་པ། བཅོས་སྒྱུར་གསར་གཏོད་ཀྱི་ནུས་པ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ནུས་པ། ཁྲིམས་ལྟར་སྲིད་སྐྱོང་གི་ནུས་པ། མང་ཚོགས་ཀྱི་བྱ་བའི་ནུས་པ། དོན་འཁྱོལ་དམ་འཛིན་གྱི་ནུས་པ། ཉེན་ཁའི་ཁ་ལོ་སྒྱུར་བའི་ནུས་པ་བཅས་ལ་དམིགས་ནས་ཞིབ་ཕྲའི་བླང་བྱ་བཏོན་ཡོད།

2022ལོའི་ཟླ4པར། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འབྲེལ་ཡོད་བྱ་བ་དྲ་བའི་ཐོག་བསམ་འཆར་བསྡུ་ལེན་བྱེད་འགོ་བརྩམས་པ་རེད། དུས་ཐུང་ཟླ་གཅིག་གི་ནང་བྱེད་སྒོར་རིམ་རྩིས་བྱས་ན་དྲ་དམངས་ཀྱི་ཐབས་ཇུས་ས་ཡ་བརྒྱད་དང་འབུམ་ལྔ་ཁྲི་བཞི་སྟོང་གཉིས་ལྷག་ཙམ་འབྱོར་ཡོད། དེའི་སྔོན་གྱི2020ལོའི་ཟླ་བརྒྱད་པར། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་ཀྱི་གྲོས་འགོའི་འཆར་ཟིན་འགོད་པའི་བརྒྱུད་རིམ་ཁྲོད། ང་ཚོའི་ཏང་གིས་ལོ་ལྔའི་འཆར་འགོད་སྒྲིག་ཁོངས་ལོ་རྒྱུས་ཐོག“དྲ་རྒྱའི་ཐོག་ནས་ཐབས་ཇུས་འདྲི་བའི”བྱ་བ་ཐོག་མར་སྤེལ་བ་རེད།

དམངས་གཙོ་གཅིག་སྡུད་ལམ་ལུགས་རྒྱུན་འཁྱོངས་དང་། ཚན་རིག་དང་མཐུན་པར་སྲིད་སྐྱོང་དང་། དམངས་གཙོའི་སྲིད་སྐྱོང་། ཁྲིམས་ལྟར་སྲིད་སྐྱོང་བཅས་རྒྱུན་འཁྱོངས་བྱས་ཏེ་ཏང་གིས་ཁ་ཕྱོགས་དང་ཁྱོན་ཡོངས། སྲིད་ཇུས། བཅོས་སྒྱུར་བཅས་ལ་སྐུལ་སྤེལ་གཏོང་བའི་ནུས་པ་དང་བརྟན་ཤུགས་བཅས་རྒྱུན་མི་ཆད་པར་ཆེ་རུ་བཏང་ནས། ཏང་གི་འགོ་ཁྲིད་ཀྱིས་ལག་ལེན་དང་དུས་རབས། མི་དམངས་བཅས་ཀྱི་བླང་བྱ་དང་སྔར་ལས་འཚམ་པར་བྱ་དགོས།

ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་དོན་འཁྱོལ་ཡོང་བར་སྐུལ་འདེད་ནུས་ལྡན་བྱ་དགོས།

བཀའ་ཞིག་ཕབ་རྗེས་ནུས་ཤུགས་ཡོད་རྒུས་དམག་འཐབ་རྒྱག་དགོས། ཧྲུའུ་ཅི་དང་པོ་དང་སྡེ་སྡོད་ལས་བྱེད་པ་ས་ཡ་གསུམ་ལྷག་གིས་དབུལ་ཐར་མཁྲེགས་གཏོར་གྱི་ལས་ཡུལ་དང་པོར་འབད་འཐབ་བྱས་པ་དང་། ལྡོག་སྐྱོད་དང་གདོང་མཆོང་མདུན་བསྐྱོད་བྱས་ཏེ། ཏང་གི་དར་ཆ་དེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་ཡུལ་དང་པོ་རུ་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། དམག་འཐབ་ཆེན་པོ་དང་ཚོད་བགམ་ཆེན་པོ་ཐེངས་མང་བྱས་ནས་མི་དམངས་མང་ཚོགས་ལ་མྱོང་ཚོར་དངོས་བྱུང་བ་དང་། ཀྲུང་གོ་གུང་ཁྲན་ཏང་ལ་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ནུས་པ་ལྡན་པས། དེ་ནི་ཆར་རླུང་ཐོན་སྐབས་ཀྲུང་གོ་མི་དམངས་ཀྱི་བློས་འགེལ་ཆོག་པའི་སྲོག་ཤིང་ལྟ་བུ་ཞིག་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་དམིགས་འབེན་དང་ལས་འགན་སྣ་ཚོགས་མངོན་འགྱུར་བྱེད་པའི་འགག་རྩ་ནི་ཏང་ལ་ཐུག་ཡོད”ཅེས་གསུངས།

སྐྱོད་ལམ་གསར་པའི་སྟེང་། ངེས་པར་དུ་ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་ནས། ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལས་དོན་གྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་དུ་འགྱུར་བའི་ཁག་ཐེག་བྱེད་དགོས།

“ཐུན་མོང་གིས་སྲུང་སྐྱོབ་ཆེན་པོ་འཛིན་པ་དང་གསར་སྤེལ་ཆེན་པོ་མི་བྱེད་པའི”འདུ་ཤེས་ལག་བསྟར་བྱས་ནས། འབྲི་ཆུའི་འབབ་རྒྱུད་ཀྱི་ས་གནས་སོ་སོའི་མཉམ་ལས་མཉམ་བཅོས་བྱས་པས། མ་ཡུམ་གཙང་པོ་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་། “ཐུན་མོང་ཐོག་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་པའི”བཀོད་སྒྲིག་དོན་འཁྱོལ་བྱས་ཏེ། གཙང་པོ་དང་ས་གཞི་ཆེན་པོའི་ཐོག་བརྟན་པོའི་ངང་ལམ་སྲོལ་གསར་པ་འཚོལ་ཞིབ་བྱེད། “ཐུན་མོང་གིས་ས་ནག་སྲུང་སྐྱོབ་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་དགོས་པའི”བླང་བྱ་ལྟར། ཧེ་ལུང་ཅང་གིས་ས་ནག་ཁྲིམས་བཟོས་ནས་འབྲུ་མཛོད་ཆེན་པོའི“སྲོག་རྩ”སྲུང་སྐྱོབ་ཡག་པོ་བྱེད་དགོས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་གལ་ཆེའི་སྲིད་ཇུས་བྱེད་ཕྱོགས་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་པ་ལྟར། “རིམ་པ་སོ་སོའི་ཏང་རྩ་འཛུགས་ཚང་མས་རྒྱུན་དུ་མིག་ལྟོས་བྱ་རྒྱུའི་འབོད་སྐུལ་བཏང་ན། གཞི་ནས་དུས་དང་རྣམ་པ་ཀུན་ཏུ་རྨོངས་གཉིད་ལས་སད་པ་དང་དུས་ཐོག་ཏུ་ཡོ་བསྲང་བྱས་ན། ཏང་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ་གྲལ་འགྲིག་ཅིང་དཔའ་ངར་ཆེར་བསྐྱེད་ཀྱི་འབད་འཐབ་རྣམ་པ་རྒྱུན་འཁྱོངས་བྱེད་ཐུབ།”

“རྒྱལ་ཁབ་ཀྱི་དོན་ཆེན”ཡིད་ལ་བཅངས་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་རྟོགས་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་མི་ཆད་པར་ཆེ་རུ་བཏང་སྟེ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐོག་ནས་རང་རྟོགས་ངང་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ཚེ། ཏང་ཡོངས་ཀྱི་གོང་འོག་ཚང་མས་རྡོག་རྩ་གཅིག་སྒྲིལ་དང་བསམ་བློ་གཅིག་ཏུ་ཕྱོགས་པ། ནུས་ཤུགས་གཅིག་ཏུ་འགྲིལ་བ་བཅས་བྱེད་ཐུབ།

2022ལོའི་ཟླ7པའི་ཚེས13ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིན་ཅང་བུའུ་ལུམ་མུའུ་ཆི་གྲོང་ཁྱེར་ཐེན་ཧྲན་ཆུས་ཀུའུ་ཡོན་སྲང་ལམ་སྡེ་ཁུལ་དུ་རྟོག་ཞིབ་གནང་སྐབས། “སྡེ་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཡག་པོ་བཙུགས་ནས། འཐབ་འཛིང་བཙན་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྡེ་ཁུལ་གྱི་ཕྱོགས་སོ་སོའི་ཞབས་ཞུའི་བྱ་བ་ཡག་པོ་བསྒྲུབས་ནས། མི་རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པ་བྱེད་དགོས”ཞེས་གསུངས་པ་རེད།

ཤིང་རིང་པོ་དགོས་ན་རྩ་བ་བརྟན་དགོས། ཏང་གི་གཞི་རིམ་རྩ་འཛུགས་ནི་ཏང་གི་བྱ་བ་ཡོངས་དང་འཐབ་འཛིང་ནུས་ཤུགས་ཀྱི་རྨང་གཞི་ཡིན།

ཡངས་ཤིང་རྒྱ་ཆེ་བའི་གྲོང་གསེབ་ཏུ། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ལས་བྱེད་པས་རང་འགན་གཙང་སྒྲུབ་བྱས་ཏེ། གྲོང་གསེབ་དར་སྤེལ་གཏོང་བའི“སྣེ་ཁྲིད་པ”ཞིག་བྱ་རྒྱུ་དང་། ཁེ་ལས་སྣ་ཚོགས་ཀྱི་ཁྲོད་དུ་གཞི་རིམ་ཏང་རྩ་འཛུགས་ཀྱིས་ཏང་འཛུགས་སྐྲུན་གྱི་བྱ་བ་དེ་ཐོན་སྐྱེད་གཉེར་སྐྱོང་གི་རིམ་པ་སོ་སོའི་ནང་འདྲེས་པར་སྐུལ་འདེད་བཏང་ནས། ཁེ་ལས་འཕེལ་རྒྱས་ལ“གསར་བརྗེའི་འགུལ་ནུས”བསྣན་པ་སོགས་ཏང་གི་རྩ་འཛུགས་མ་ལག་གི“དབང་རྩའི་སྣེ་མོ”སྔར་ལས་ཇེ་བཟང་དུ་བཏང་བ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་སྔར་ལས་འདོན་སྤེལ་གང་ལེགས་བྱས་ཡོད།

བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། “འདུ་ཤེས་བཞི”རྒྱུན་མི་ཆད་པར་ཇེ་དྲག་ཏུ་གཏོང་བ་དང་། “རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོབ་གཉིས”ལེགས་པོར་སྒྲུབ་པ་བཅས་ཀྱི་ཐོག་ནས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་བཅས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ངང་མདུན་སྐྱོད་བྱས་ཚེ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལེའུ་གསར་བ་ཞིག་རྩོམ་ཐུབ་ངེས་རེད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།