རྒྱལ་ཁབ་ཀྱི་དོན་ཆེན་བློ་ལ་བརྟན་པོར་བཅངས་ནས་སྐྱེ་ཁམས་སྔོན་ལ་ལག་བསྟར་བྱེད་པའི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དགོས།
2022.09.30 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 25

མི་དམངས་ཉིན་རེའི་ཚགས་པར་ཁང་གི་དཔྱད་གཏམ་པས་སྤེལ་བའི་དཔྱད་བརྗོད།

མདོ་ལ་རི་བོའི་ལྷོ་ཕྱོགས་ཀྱི་མུ་རི་གཏེར་ཁུལ་དུ་དེ་སྔོན་ཁྲིམས་འགལ་ངང་གཏེར་ཁ་སྔོག་འདོན་བྱས་པའི་རྗེས་ཤུལ་མང་པོ་ཡོད་ཅིང་།    དེར་རྩྭ་བཏབ་ནས་ལྗང་མདོག་སླར་གསོ་བྱས་པ་བརྒྱུད་ད་ལྟ་ཕལ་ཆེར་ལྗང་མདོག་གིས་ཡོངས་སུ་ཁེབས་ཡོད་པ་རེད། ལོ་གཉིས་ལྷག་ཙམ་གྱི་རིང་དུ་ས་དོང་སྙོམས་པ་དང་ལྗང་མདོག་སླར་གསོ་བྱས་པ། ་ཉེ་འགྲམ་གྱི་རི་ངོས་ལ་བཅོས་སྐྱོང་བྱས་པ་སོགས་སྐྱེ་ཁམས་ཉམས་གསོའི་བཟོ་སྐྲུན་ལག་བསྟར་བྱས་པ་བརྒྱུད། མུ་རི་གཏེར་ཁུལ་གྱི་སྐྱེ་ཁམས་མ་ལག་གི་གྲུབ་ཚུལ་རིམ་བཞིན་ཇེ་བརྟན་དུ་སོང་ཞིང་། ཆུ་ཁུངས་གསོ་ནུས་མངོན་གསལ་གྱིས་ཆེ་རུ་སོང་བ་སོགས་སྐྱེ་ཁམས་ཁོར་ཡུག་གི་སྤྱིའི་རྣམ་པ་ཇེ་ལེགས་སུ་སོང་ཡོད་པ་རེད།

མཚོ་སྔོན་ནི“རྨ་འབྲི་རྫ་གསུམ་གྱི་མགོ་ཁུངས”དང“ཀྲུང་ཧྭའི་ཆུ་མཛོད”ཡིན་ཞིང་། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དེ་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་དང་མི་རིགས་རྒྱུན་མཐུད་འཕེལ་རྒྱས་དང་འབྲེལ་བ་ཡོད། དུས་སྐབས་ཤིག་གི་རིང་མུ་རི་གཏེར་ཁུལ་དུ་ཁྲིམས་འགལ་ངང་རྡོ་སོལ་སྔོག་འདོན་བྱས་པའི་གནད་དོན་གྱིས་ས་མཐོའི་སྐྱེ་ཁམས་ལ་གཏོར་སྐྱོན་ཆེན་པོ་བཟོས་ནས་རྒྱ་ཆེའི་མང་ཚོགས་ཀྱི་སེམས་པ་ཧ་ཅང་སྐྱོ་པོ་བྱུང་ཡོད།   “མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ཡག་པོ་བྱེད་རྒྱུ་ནི་རྒྱལ་ཁབ་ཀྱི་དོན་ཆེན་ཞིག་རེད།”  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མུ་རི་གཏེར་ཁུལ་གྱི་གནད་དོན་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས“གནད་དོན་ཤེས་རྟོགས་ཐུབ་ཚེ་དམ་འཛིན་ལྷོད་མེད་དང་དམ་འཛིན་མཐར་ཕྱིན་བྱེད་དགོས”་ཞེས་དང“མུ་རིའི་གནད་དོན་ལེགས་སྒྲིག་དམ་འཛིན་བྱས་ནས་མཇུག་མ་མི་འཇོག་པ་དང་བློ་ཕམ་མི་དགོས་པ་བྱེད་དགོས”ཞེས་བླང་གལ་ཆེན་བྱ་བཏོན་ཡོད། མཚོ་སྔོན་གྱིས་གྱོད་གཞི་དཔྱད་གཞིར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས“རྨོངས་བར་གྱུར་པ”ནས“སད་པ”དང་“རྟོགས་པའི”བར་གྱི་འགྱུར་ལྡོག་མངོན་འགྱུར་བྱུང་བ་དང་།“ཀྲུང་ཧྭའི་ཆུ་མཛོད”ཀྱི་ལྟ་སྲུང་བའི་ཆབ་སྲིད་ཀྱི་རང་རྟོགས་ཇེ་བརྟན་དུ་བཏང་སྟེ། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པའི་ཆོད་སེམས་ཇེ་བརྟན་དུ་བཏང་། བརྒྱུད་རིམ་ལྡན་པའི་སྒོ་ནས་བཅོས་སྐྱོང་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས་མུ་རི་གཏེར་ཁུལ་གྱི་གནད་སར་དམིགས་ནས་ཐོག་མཐའ་བར་གསུམ་དུ་དག་ཐེར་བཅོས་སྐྱོང་བྱེད་རྒྱུ་དམ་འཛིན་བྱས་ནས། ཚད་གཞི་མཐོ་བའི་སྒོ་ནས་གཏོར་སྐྱོན་ཐེབས་པའི་ས་གནས་བདུན་བརྒྱ་གོ་བརྒྱད་ཀྱི་བཅོས་སྐྱོང་གི་ལས་འགན་ལེགས་འགྲུབ་བྱང་བ་དང་།   ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོའི་ངོས་ལ་ཁྱབ་པར་བྱས་ནས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་མྱུར་དུ་བསྐྲུན། ཐོན་ལས་སྐྱེ་ཁམས་ཅན་དང་སྐྱེ་ཁམས་ཐོན་ལས་ཅན་དུ་འགྱུར་བ་རྒྱུན་འཁྱོངས་བྱས་ཏེ། ཐོན་ལས“ས་ཁུལ་བཞི་”གཙོ་རྒོལ་ཁ་ཕྱོགས་ཡིན་པའི་ལྗང་མདོག་འཕེལ་རྒྱས་ཀྱི་ཕྱོགས་སུ་གོམ་སྟབས་བརྟན་པོ་སྤོས་ཡོད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་རྒྱུ་ནི་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བའི་རྩ་བའི་ཇུས་ཆེན་ཞིག་ཡིན་པ་དང་། སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་ཀུན་ལ་ཕན་ཤོས་ཀྱི་དམངས་འཚོའི་བདེ་སྐྱིད་ཅིག་ཡིན་པས། བློ་བརྟན་འགྱུར་མེད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་ལག་ལེན་མཐར་ཕྱིན་བྱེད་རྒྱུ་ནི།  སྐྱེ་ཁམས་ཁོར་ཡུག་གི་གནད་དོན་མངོན་གསལ་ཅན་ཐག་གཅོད་བྱེད་པའི་ཆབ་སྲིད་ཀྱི་ལྡེ་མིག་གལ་ཆེན་ཞིག་ཡིན་པ་ནི་དོན་དངོས་ཀྱིས་གསལ་བཤད་གང་ལེགས་བྱས་ཡོད།

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་རྒྱུ་དེ་ནི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན་པར་མ་ཟད།  མི་དམངས་མང་ཚོགས་ཀྱིས་སྤུས་ཚད་མཐོ་བའི་འཚོ་བ་དོན་གཉེར་བྱེད་པའི་ཐུན་མོང་གི་ངོས་འཛིན་དང་འབོད་སྒྲ་ཞིག་ཀྱང་རེད། མུ་རི་གཏེར་ཁུལ་ལྗང་མདོག་ཅན་དུ་འགྱུར་ཐབས་ནི་དུས་རབས་གསར་པའི་རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གསོན་ཉམས་ལྡན་པའི་བསྡུས་གཟུགས་ཤིག་དང་སྐྱེ་ཁམས་སྔོན་ལ་ལག་བསྟར་བྱེད་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པའི་ལག་ལེན་གྱི་མཚོན་ཚུལ་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྔ་ན་མེད་པའི་ནུས་ཤུགས་ལ་བརྟེན་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་དམ་འཛིན་བྱས་པ་དང་།  “མིག་འབྲས་ལ་སྲུང་སྐྱོབ་བྱེད་པ་བཞིན་དུ་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་དང་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ནང་བཞིན་སྐྱེ་ཁམས་ཁོར་ཡུག་ལ་གཅེས་སྤྲས་བྱེད་པ”རྒྱུན་འཁྱོངས་བྱས་ཏེ། བསམ་བློ་དང་བཅའ་ཁྲིམས། སྒྲིག་སྲོལ། རྩ་འཛུགས། སྤྱོད་ཚུལ་བཅས་ཀྱི་ཐོག་ནས་ཁྱོན་ཡོངས་ལ་ཤུགས་བརྒྱབ་སྟེ། ཕྱོགས་ཀུན་དང་ས་ཁོངས་ཡོངས། བརྒྱུད་རིམ་ཧྲིལ་པོ་བཅས་ཀྱི་ཐད་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་བ་དང་། རྩ་བའི་རང་བཞིན་དང་གསར་གཏོད་རང་བཞིན། ཡུན་རིང་རང་བཞིན་བཅས་ཀྱི་བྱ་བ་རབ་དང་རིམ་པ་སྤེལ་བས། སྔར་ལས་ཆོད་སེམས་ཆེ་ཞིང་སྔར་ལས་ཤུགས་ཆེ་བ། སྔར་ལས་ཕན་འབྲས་ལྡན་པར་གྱུར།  འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད།  ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་མངོན་གསལ་གྱིས་ཆེ་རུ་ཕྱིན་པ་དང་། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཐད་གོམ་སྟབས་གལ་ཆེན་སྤོས་ཤིང་། རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་ལོ་རྒྱུས་རང་བཞིན་དང་དཀྱོགས་མཚམས་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་བྱུང་།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས “འཕེལ་རྒྱས་ཀྱི་དུས་མཚམས་གསར་པས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་བླང་བྱ་སྔར་ལས་མཐོན་པོ་བཏོན་ཡོད་པས་ངེས་པར་དུ་ནུས་ཤུགས་ཡོད་རྒུས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཧུར་ཐག་སྒོས་འཛམ་གླིང་འཕེལ་རྒྱས་ཀྱི་རླབས་རྒྱུན་ལ་སྣེ་ཁྲིད་བྱེད་དགོས”ཞེས་ནན་གྱིས་གསུངས།  ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ཆ་ཚང་ཞིང་ཡང་དག་པའི་སྒོ་ནས་ལག་བསྟར་གཏིང་ཟབ་བྱས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་ལྗང་མདོག་འཕེལ་རྒྱས་དང་འཁོར་རྒྱུག་འཕེལ་རྒྱས།  ཐཱན་ཉུང་འཕེལ་རྒྱས་བཅས་ལ་སྔར་ལས་རང་རྟོགས་ཀྱིས་སྐུལ་འདེད་བཏང་སྟེ།  ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་འབྱོར་ཕྱུག  སྐྱེ་ཁམས་ལེགས་པ་བཅས་ཀྱི་དཔལ་ཡོན་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ཚེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་ཀྲུང་གོའི་མཛེས་ལྗོངས་དེ་རྒྱུན་ཆད་མེད་པར་འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་ལམ་དུ་མངོན་ཐུབ།

མུ་རི་གཏེར་ཁུལ་དུ་ཁྲིམས་འགལ་ངང་རྡོ་སོལ་སྔོག་འདོན་བྱས་པའི་གནད་དོན་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱས་ཏེ། བདེ་བླག་ངང་ལས་མགོ་ཚུགས་ཐུབ་པ་དང་སྐུལ་འདེད་གཏིང་ཟབ་བྱས་པ།  རྒྱབ་ཕྱོགས་ཀྱི་རུལ་སུངས་གནད་དོན་ལ་ཞིབ་བཤེར་ནན་མོ་བྱས་ནས་ཏང་དོ་དམ་དང་ཏང་ནན་སྐྱོང་བྱས་པ་ནི་ནད་རྐྱེན་གྱི་རྩ་བ་སེལ་བའི་གནད་འགག་རེད།  ལག་ལེན་གྱི་ཐོག་ནས་ང་ཚོར་རང་བྱུང་སྐྱེ་ཁམས་ལ་རི་བོ་སྔོ་ཞིང་ཆུ་མོ་དྭངས་བ་དང་ཆབ་སྲིད་ཀྱི་སྐྱེ་ཁམས་ལ་ངེས་པར་དུ་སྤྱོད་གཙང་གཞུང་དྲང་ཡོང་བ་བྱེད་དགོས་པ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་རྒྱུ་ནི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་མངོན་གསལ་གྱིས་ཐག་གཅོད་བྱེད་པའི་ཆབ་སྲིད་ཀྱི་འགན་ལེན་གལ་ཆེན་ཞིག་ཡིན་པ་གསལ་བཤད་བྱས་ཡོད། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་གནས་ཚུལ་དེ་དཔྱད་གཞིར་བཟུང་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་རྒྱུར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་བཏང་སྟེ། ཆབ་སྲིད་ཀྱི་སྐྱེ་ཁམས་འཛུགས་སྐྲུན་བྱེད་རྒྱུ་དེ་རྨང་གཞི་རང་བཞིན་དང་རྒྱུན་གཏན་རང་བཞིན་གྱི་བྱ་བར་བརྩིས་ནས་དམ་འཛིན་ཡག་པོ་བྱེད་དགོས། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་“རྒྱལ་ཁབ་ཀྱི་དོན་ཆེན”རྣམས་ལ་གདེང་ཚོད་ཡོད་པ་དང་།  ཏང་ཀྲུང་དབྱང་གིས་ཅི་ཞིག་ལ་སེམས་ཁུར་དང་ཅི་ཞིག་ནན་བཤད་བྱེད་པར་དོ་ཁུར་བྱས་ཏེ།  ཅི་ཞིག་ནི་ཏང་དང་རྒྱལ་ཁབ་ཀྱི་ཁེ་ཕན་གལ་ཆེན་ཡིན་པ་དང་ཅི་ཞིག་ནི་ཆེས་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོང་བྱེད་དགོས་པའི་ལངས་ཕྱོགས་ཡིན་པར་གོ་བ་ཟབ་མོ་ལེན་པ་དང་།“གཏན་འཁེལ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཤེས་རྟོགས་ཟབ་མོ་འབྱུང་བར་བྱས་ཏེ། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་།“རང་རྟོན་བཞི”།ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་ནས།  ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་གོ་རྟོགས་ནུས་པ།   ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་རྒྱུན་ཆད་མེད་པར་མཐོ་རུ་བཏེགས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱེད་དགོས།

“སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་རྒྱུ་དེ་མི་དམངས་ཀྱི་བདེ་སྐྱིད་དང་འབྲེལ་བ་ཡོད་ལ་མི་རིགས་ཀྱི་མ་འོངས་པར་ཡང་འབྲེལ་བ་ཡོད” སྐྱོད་ལམ་གསར་བའི་སྟེང་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་“རྒྱལ་ཁབ་ཀྱི་དོན་ཆེན”སེམས་ལ་བཅངས་ནས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་ལག་བསྟར་བྱས་ཚེ།  ཀྲུང་ཧྭ་ས་གཞི་ཆེན་མོའི་ནམ་མཁའ་སྔར་ལས་སྔོ་ཞིང་རི་བོ་སྔར་ལས་ལྗང་མདོག་ལྡན་ལ།  ཁོར་ཡུག་སྔར་ལས་མཛེས་སྡུག་ལྡན་པར་གྱུར་ནས། ང་ཚོས་བུ་རབས་ཚ་རྒྱུད་ལ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་ནས་ཀྲུང་ཧྭ་མི་རིགས་ལ་མཛེས་སྡུག་ལྡན་པའི་མ་འོངས་པ་གསར་སྐྲུན་བྱེད་ཐུབ།

                                                                               ཡིག་སྒྱུར་བ། གཡང་འབུམ་རྒྱལ།