གཞི་རིམ་གྱི་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་དང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་སྔར་ལས་ཤུགས་བསྣན་ནས་མང་ཚོགས་ལ་དྲིལ་སྒྲོག་དང་། མང་ཚོགས་ལ་སློབ་གསོ། མང་ཚོགས་ལ་སེམས་ཁུར། མང་ཚོགས་ལ་ཞབས་ཞུ་བཅས་སྒྲུབ་པའི་ཆེད་དུ།རྐང་ཚ་རྫོང་གིས“12345”ལས་དོན་སྒྲུབ་སྟངས་འཚོལ་ཞིབ་བྱས་ནས། དུས་རབས་གསར་པའི་དཔལ་ཡོན་ལག་ལེན་བྱེད་པར་རྒྱུན་མཐུད་ངང་སྐུལ་འདེད་གཏིང་ཟབ་བཏང་ཤིང་། བསམ་བློ་གསར་པ་དང་། དར་སྲོལ་གསར་པ། ལག་ལེན་གསར་པ་བཅས་རྒྱུན་ཆད་མེད་པར་ཁྱབ་སྤེལ་བཏང་། “གཅིག་གྱུར་བཀོད་འདོམས”ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། རྫོང་གི་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་སུ་དཔལ་ཡོན་ལག་ལེན་གྱི་བཀོད་འདོམས་ལྟེ་གནས་འཛུགས་པ་དེ་བཀོད་འདོམས་ལྟེ་གནས་ཀྱིས་གཅིག་གྱུར་སྒོས་བཀོད་སྒྲིག་དང་། མཐུན་སྦྱོར་བྱེད་པ། རྫོང་ཡོངས་ཀྱི་དཔལ་ཡོན་ས་ཚིགས་ཁག་ཏུ་བྱེད་སྒོ་སྤེལ་ནས། དུས་རབས་གསར་པའི་དཔལ་ཡོན་ལག་ལེན་གྱི་བྱེད་སྒོ་སྣ་ཚོགས་རྩ་འཛུགས་བྱས་པ་དང་། བྱ་བའི་བཀོད་སྒྲིག་དང་། སྐུལ་འདེད་ཚོགས་འདུ། གསོ་སྦྱོང་འཛིན་གྲྭ་སོགས་གཉེར་བ་དང་ཆབས་ཅིག་རྫོང་ཡོངས་ཀྱི་དུས་རབས་གསར་པའི་དཔལ་ཡོན་གྱི་ལག་ལེན་དང་བླངས་པའི་ཞབས་ཞུ་གཅིག་མཐུན་དང་བློ་སེམས་གཅིག་མཐུན་ཡོང་བར་བྱས་ནས། དུས་རབས་གསར་པའི་དཔལ་ཡོན་ལག་ལེན་གྱི་བྱ་བ་ཁྱོན་ཡོངས་ནས་སྤེལ།
“བྱེད་ཐབས་གཉིས”སྲ་བརྟན་དུ་གཏོང་བ་དང་བསམ་བློའི་རྨང་གཞི་བརྟན་པོར་བཏིངས་ནས། དྲ་ཐོག་ནས་དྲིལ་སྒྲོག་བསམ་བློའི་རིག་གནས་ཀྱི་རིག་པའི་གཞུང་ལུགས་སྒྲོག་འགྲེལ་བྱེད་པའི་བྱ་འགུལ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། དྲ་ཐོག་གི་སྟེགས་བུ་སྤྱད་ནས་ཁྱབ་སྤེལ་བྱེད་པ། སློབ་སྦྱོང་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ། རྫོང་མཉམ་འདྲེས་སྨྱན་བྱད་ལྟེ་གནས་ཀྱི་སྨྱན་བྱད་སྟེགས་བུ་དང་མགྱོགས་འཕྲིན། འཁྱུག་དབྱངས་སོགས་སྨྱན་སྦྱོར་གསར་པའི་སྟེགས་བུ་གསར་པ་ཕན་ནུས་ལྡན་པར་སྦྲེལ་ཏེ། སྨྱན་བྱད་གསར་པ་དང་བྱེད་ཐབས་གསར་པས་རིགས་པའི་གཞུང་ལུགས་ཀྱི་ཐོག་ནས་ཁྱབ་སྤེལ་བྱེད་པ། རིགས་པའི་གཞུང་ལུགས་ཀྱི་སྒྲོག་འགྲེལ་རྣམ་པ་གསར་གཏོད་བྱས་ནས། གཞི་རིམ་གྱི་རིགས་པའི་གཞུང་ལུགས་ཁྱབ་སྤེལ་གཏོང་བའི་རྣམ་པ་གསར་པ་གསར་གཏོད་བཅས་བྱས། རྟ་ཐོག་སྒྲོག་འགྲེལ་ཚོགས་པ་དང་འཕྲུལ་རྟ་སྒྲོག་འགྲེལ་ཚོགས་པ། དྲི་བ་གཙོ་བོའི་སྒྲོག་འགྲེལ་ཚོགས་པ་སོགས་ཀྱིས་ཁྱབ་སྤེལ་ཐོག་ནས་སྒྲོག་འགྲེལ་བྱེད་པ་དང་ཕན་ཚུན་བར་སློབ་སྦྱོང་བྱེད་པ་སོགས་རིགས་པའི་གཞུང་ལུགས་ཀྱིས་དམངས་ལ་ཕན་འདོགས་ཐུབ་པ་བྱས། རིག་རྩལ་འཁྲབ་སྟོན་གྱི་རྣམ་པ་སྤྱད་དེ་ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་དང་རིག་རྩལ་འཁྲབ་སྟོན་ཟུང་འབྲེལ་སྒོས《སྤྱི་ཁྱབ་ཧྲུའུ་ཅི་ང་ཚོའི་ཕ་ཡུལ་དུ་ཕེབས་པ》སོགས་གླུ་གཞས་དང་མཛེས་ལྗོངས་ཟློས་གར་འཁྲབ་པ་དང་། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སློབ་སྦྱོང་དང་། ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་དང་པོའི་དགོངས་དོན་སོགས་དྲིལ་སྒྲོག་དཔྱད་གཞིའི་ཡིག་ཆ། དུག་སེལ་འདག་རྫས་སོགས་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ཀྱི་དྲིལ་སྒྲོག་དངོས་པོ་མང་པོ་ཞིག་ལག་རྟགས་སུ་སྤྲད་པས། སྲིད་ཇུས་གསར་པ་དང་ཤེས་བྱ་གསར་པ། བསམ་བློ་གསར་པ། རིགས་གཞུང་གསར་པ་སོགས་སློབ་སྦྱོང་བྱེད་པར་ནུས་པ་གལ་ཆེན་ཐོན་ཡོད།
དཔུང་ཁག་གསུམ་དང་དང་བླངས་པའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས། རྐང་ཚ་རྫོང་གི་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་ཀྱིས་ཏང་ཡོན་ལས་བྱེད་པ་དང་དང་བླངས་ཞབས་ཞུའི་རུ་ཁག ཆེད་ལས་དང་བླངས་ཞབས་ཞུའི་རུ་ཁག སྤྱི་ཚོགས་ཀྱི་དང་བླངས་ཞབས་ཞུའི་རུ་ཁག་བཅས་དཔུང་ཁག་ཆེན་པོ་གསུམ་གྱིས་མཉམ་དུ་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་དང་བླངས་ཞབས་ཞུའི་སྤྱི་ཁྱབ་རུ་ཁག་གྲུབ་པ་དང་། ཡུལ་ཚོ་དང་གྲོང་རྡལ། སྡེ་བ། སྡེ་ཁུལ་བཅས་ལ་དང་བླངས་ཞབས་ཞུའི་རུ་ཁག39བཙུགས་པ་དང་། དང་བླངས་ཞབས་ཞུ་སྒྲུབ་མཁན3725ལྷག་ཡོད་ལ། རུ་དཔོན་དག་གིས་བཀོད་འདོམས་དང་རྩ་འཛུགས་བྱས་ནས་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་དང་བླངས་ཞབས་ཞུའི་བྱེད་སྒོ་རྒྱ་ཆེར་སྤེལ།
རིམ་པ་བཞི་མཉམ་སྦྲེལ་གྱིས་གོང་འོག་མཐུན་སྦྱོར་བྱས་ཏེ། དྲ་མིག་ཅན་གྱི་རྣམ་པ་འཛུགས་སྐྲུན་བྱས་ནས་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་དང་མཉམ་སྦྲེལ་བྱས་པ་དང་། ཡུལ་ཚོ་རིམ་པའི་དཔལ་ཡོན་ལག་ལེན་ཐད་གནས་ལྔ་དང་སྡེ་བ39ལ་སྐུལ་ཁྲིད་བྱས་ནས། དཔལ་ཡོན་ལག་ལེན་ས་ཚིགས14བཀོད་སྒྲིག་བྱས་ཏེ་དུས་རབས་གསར་པའི་དཔལ་ཡོན་བྱེད་སྒོ་སྤེལ་བའི་ཞབས་ཞུའི་སྟེགས་བུ་སྡེབ་སྒྲིག་བྱས་ནས་ཞབས་ཞུ་བསྒྲུབ་པ་དང་། གཡུལ་ས་གཅིག་དང་། འཐབ་ས་མང་པོ་མཉམ་སྤྱོད་ཀྱི་བྱེད་ནུས་བཞི་དུས་རབས་དང་མཐུན་སྦྱོར་ངང་ལོངས་སུ་སྤྱོད་ཐུབ་པར་བྱས་ནས། དུས་རབས་གསར་པའི་གོང་འོག་མཉམ་སྐྲུན་དང་། དཔལ་ཡོན་ལྡན་པའི་ས་ཚིགས་བཞི་བསྐྲུན་པ། ལག་ལེན་དངོས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས།
བྱེད་ཐབས་ལྔ་ཞིབ་ཚགས་སུ་གཏོང་བ་དང་བྱ་བའི་གཙོ་གནད་མངོན་གསལ་དུ་བཞག་སྟེ། དཔྱད་བསྡུར་གྱི་བྱ་བ་ལེགས་སྒྲུབ་དང་དར་སྲོལ་གསར་པ་འཛུགས་པ། སེམས་འགུལ་ཐེབས་པའི་མི་སྣ་དཔྱད་འདེམ་བྱེད་པ་དང་ཨ་ནེ་བཟང་མོ་དང་མནའ་མ་བཟང་མོ་སོགས་ཉེ་འགྲམ་གྱི་མི་བཟང་པོ་དང་སྤྱོད་ལམ་དཔེ་བཟང་འདེམས་སྒྲུག་གི་ལས་དོན་རྒྱ་ཁྱབ་ངང་སྤེལ་བ་དང་། ཁྱིམ་སྲོལ་བཟང་པོ་སོགས་ཡ་རབས་ཚུལ་ལྡན་གྱི་སྲོལ་བཟང་གསར་པ་བཏོད་པ། སྔོན་ཐོན་མི་སྣས་སྣེ་ཁྲིད་དེ་རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་མི་ཚང་མ་ཞུགས་པ་དང་། ཁྱིམ་ཚང་ཡོངས་ཞུགས་པ། ནགས་ཚལ་དཔེ་སྟོན་སྡེ་བ། ཁྱིམ་ཚང་ཡོངས་ཀྱིས་སྔོན་ཐོན་བརྩོན་ལེན་བྱེད་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱས།
རོགས་རམ་ལ་བརྟེན་ནས་དཀའ་གནད་སེལ་ཏེ་དྲང་ནུས་གཅིག་ཏུ་བསྒྲིལ་བ་དང་། དང་བླངས་པའི་ཞབས་ཞུའི་བྱེད་སྒོ་དེ་རྒྱུན་ལྡན་གྱི་བྱ་བའི་ཁྲོད་འདྲེས་པར་བྱས་ནས། ཕན་ཚུན་རོགས་རམ་བྱེད་པའི་སྤྱི་ཚོགས་ཀྱི་དར་སྲོལ་ཆགས་པར་ཁྲིད་སྟོན་བྱས། ད་ལོའི་ཚུན་དུ་དང་བླངས་ཞབས་ཞུའི་བྱེད་སྒོ་སྣ་ཚོགས་ཁྱོན་སྡོམ231སྤེལ་བ་དང་དང་བླངས་པ་མི་ཐེངས13208སྐུལ་སློང་བྱས།
མང་ཚོགས་ལ་མཁོ་འདོན་དང་ཞབས་འདེགས་ཞུས་ཏེ། བདེ་སྐྱིད་ཀྱི་འཚོ་བར་བསྟོད་བསྔགས་དང་དོན་བཟང་ལ་བསྟོད་བསྔགས་བྱས་པ་དང་། རིག་གནས་ལུས་རྩལ་གྱི་བྱེད་སྒོ་ཧུར་ཐག་གིས་སྤེལ་ནས་མང་ཚོགས་ཀྱི་རིག་གནས་འཚོ་བའི་དགོས་མཁོ་སྔར་ལས་ལྷག་པར་བསྐངས་ལ། རིག་རྩལ་འཁྲབ་སྟོན་དང་དམངས་གླུ་འགྲན་སྡུར། རྟ་རྒྱུག་འགྲན་བསྡུར། སྐབས་དང་པོའི་དཔལ་ཡོན་རྟགས་མའི་ལག་རྩེད་སྤོ་ལོའི་འགྲན་བསྡུར་སོགས་རྣམ་པ་མང་པོ་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད་སྟེགས་བུ་བཟང་པོ་སྤྱད་དེ་མང་ཚོགས་ཞུགས་པར་སྐུལ་འདེད་བཏང་།
རྟེན་འབྲེལ་ཞུ་བའི་བྱ་བ་ལེགས་པར་སྤེལ་ནས་མཛེས་སྡུག་གི་རིག་གནས་རྒྱུན་འཛིན་བྱས་ཤིང་། དཔྱིད་གསར་དུས་ཆེན་དང་ལྔ་པའི་ཚེས་ལྔ། རྒྱལ་སྟོན་དུས་ཆེན་སོགས་གལ་ཆེའི་དུས་ཆེན་དང་ཟུང་འབྲེལ་བྱས་ནས་རྟེན་འབྲེལ་བྱེད་སྒོ་སྤེལ་བ་དང་དཔལ་ཡོན་ལག་ལེན་གྱི་བྱེད་སྒོའི་རྣམ་པ་གསར་པ་བཏོད་ཅིང་། རང་གི་འབད་འཐབ་ཀྱིས་ཁྱིམ་གཞིས་སྐྲུན་པ་སོགས་བརྗོད་དོན་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ། དུས་མཚུངས་སུ་སེམས་འགུལ་ཐེབས་པའི་མི་དང་ཁུལ་ཡོངས་ཀྱི་ཀུན་སྤྱོད་དཔེ་ལེགས་ཅན་སོགས་དཔེ་མཚོན་མི་སྣ་དག་གདན་འདྲེན་ཞུས་ནས་མང་ཚོགས་ལ་ཁྲིད་སྟོན་དང་སྐུལ་འདེད་བྱེད་དུ་བཅུག
སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་སྐོར་གྱི་གསབ་སྦྱོང་བྱས་ཏེ། མུ་མཐུད་དུ་དཔལ་ཡོན་རྐང་ཚ་འཛུགས་སྐྲུན་བྱེད་ཚད་གཏིང་ཟབ་ཏུ་བཏང་ནས། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་གསར་འཛུགས་བྱེད་པའི་བྱ་བ་དེ་སྔར་ལས་ཕུན་སུམ་ཚོགས་པར་བཏང་བ་དང་། སྤྱི་དམངས་ཀྱི་བསམ་བློའི་ཀུན་སྤྱོད་སྤུས་ཚད་མཐོར་འདེགས་དང་། སྤྱི་ཚོགས་དཔལ་ཡོན་ཚད་གཞི་མཐོར་འདེགས་བཏང་ནས། རིགས་སོ་སོའི་མི་དམངས་ཀྱིས་མཉམ་དུ་བསམ་པའི་དཔལ་ཡོན་གྱི་ཁྱིམ་གཞིས་གསར་འཛུགས་བྱས་ཏེ། རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་བཅོས་སྒྱུར་འཕེལ་རྒྱས་སྲ་བརྟན་དུ་གཏོང་བར་བསམ་པའི་དཔལ་ཡོན་གྱི་སྟོབས་ཤུགས་དང་ཕུན་སུམ་ཚོགས་པའི་ཀུན་སྤྱོད་ཀྱི་སྤྲོ་སྣང་མཁོ་སྤྲོད་གནང་བ་རེད།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།