ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་ཆེད་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་ཆེད།
2022.10.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 53

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་དངོས་བྲིས།

མིའི་རིགས་ཀྱི་ཕུགས་འདུན་ཇི་འདྲའི་རླབས་ཆེ་ཚེ།  ལོ་རྒྱུས་ཀྱི་འཕེལ་རིམ་ཀྱང་དེ་འདྲའི་བརྗིད་ཉམས་ཆེ།

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་མ་ཐག་ནས་བཟུང་། ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བར་བྱ་རྒྱུ་དེ་རང་ཉིད་ཀྱི་ཐོག་མའི་བསམ་འདུན་དང་ལས་འགན་དུ་གཏན་ཕབ་བྱས་པ་རེད། ལོ་བརྒྱའི་འབད་འཐབ་ཀྱི་རྒྱུན་མཐུད་མདུན་སྐྱོད་ཁྲོད། བློ་མཐུན་ཞི་ཅིན་ཕིང་ཚབ་བྱེད་གཙོ་བོ་ཡིན་པའི་དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིས་ཀྲུང་ཧྭའི་བུ་ཕྲུག་དུང་ཕྱུར་མང་པོར་དབུ་ཁྲིད་མཛད་ཏེ་བརྗིད་ཆེའི་ལོ་རྒྱུས་ཀྱི་སྙན་ངག་ཅིག་བརྩམས་ཡོད།

དུས་རབས་གསར་པའི་ལོ10ཡི་ནང་། ཀྲུང་ཧྭའི་ས་གཞི་ཆེ་མོའི་ཐོག་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱས་ནས་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་དུས་བཅད་ལྟར་མངོན་འགྱུར་བྱུང་བ་དང་། ཀྲུང་གོ་མི་དམངས་ཀྱིས་བློ་སྟོབས་ཆེར་སྐྱེད་ངང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་སྐྱོད་པ་རེད།

དུས་རབས་གསར་པའི་ལོ10ཡི་ནང་། ཀྲུང་ཧྭ་མི་རིགས་ཀྱིས་ཡར་ལངས་བ་ནས་ཕྱུག་པོར་འགྱུར་བ་དང་སྟོབས་ཆེར་འགྲོ་བའི་བར་གྱི་རླབས་ཆེན་མཆོང་སྐྱོད་བསུས་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་རྒྱུ་དེ་ནི་ལྡོག་ཐབས་བྲལ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་སླེབས་པ་དང་། ཀྲུང་གོས་མིའི་རིགས་ཀྱི་ཞི་བདེ་འཕེལ་རྒྱས་ཀྱི་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་ཆེན་པོ་བཞག་ཡོད།

དེང་གི་ཀྲུང་གོ་ནི་རི་ཀླུང་བརྗིད་ཆགས་ཤིང་མཛེས་སྡུག་ལྡན་ལ། མི་དམངས་ནི་དཔའ་སྤོབས་ཀྱིས་ཁེངས་ཤིང་མདུན་ལམ་ནི་ཡངས་ཤིང་རྒྱ་ཆེ་བ་རེད།

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པའི་རྟེན་འབྲེལ་ཚོགས་ཆེན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་བསྡུས།འདི་ནི་རྟེན་འབྲེལ་ཚོགས་ཆེན་གྱི་ཡུལ་དངོས་ནས་དབུགས་ལྒང་མཁའ་རུ་གཏོང་བཞིན་པ།(2021ལོའི་ཟླ7ཚེས1ཉིན་པར་བླངས།)ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལི་ཀས་པར་བླངས།

“རླབས་ཆེན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ནས། ཏང་འདི་ཉིད་སྔར་ལས་འགྱུར་མེད་སྟོབས་ལྡན་ཞིག་ཏུ་བསྐྲུན་དགོས།” དར་ཆ་གསལ་སྟོན་གྱིས་ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་སྟེ། སྔར་བྱུང་མྱོང་མེད་པའི་བློ་སྟོབས་དང་ངེས་ཤུགས་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་་སྐུལ་འདེད་བཏང་ནས།  ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་། ཏང་སྟོབས་ཆེར་གཏོང་བ་བཅས་ཀྱི་རྣམ་པ་གསར་པ་གསར་བཏོད་བྱས་ཡོད།

2022ལོའི་ཟླ2ཚེས6ཉིན། མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་ཤར་མའི་ནང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཚམས་འདྲིར་ཕེབས་པའི་ཨ་ཀེན་ཐིན་གྱི་ཙུང་ཐུང་དང་མཇལ་འཛོམས་གནང་བ་རེད།

ཐུག་འཕྲད་མཇུག་འགྲིལ་རྗེས། ཕེབས་རོགས་གནང་བའི་ཀྲུང་གོར་སྡོད་པའི་ཨ་ཀེན་ཐིན་གྱི་གཞུང་ཚབ་ཆེ་མོ་བ་ཉིག་ཝང་ཏའོ་ཡིས་རྒྱ་ཡིག་གི་ལམ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ཅེས་བཤད་པ་རེད།

ཀྲུང་གོ་བའི་རྣ་བར་འཇགས་པའི་སྐད་ཆ་འདི་ལས་དུས་རབས་གསར་པར་སླར་ཡང་རྒྱ་སྐྱེད་གསར་པ་བྱུང་བ་སྟེ། ཀྲུང་གོ་གུང་ཁྲན་ཏང་མེད་ན། ཀྲུང་གོ་གསར་པ་ཡོད་མི་སྲིད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་དེ་བས་ཀྱང་ཡོད་མི་སྲིད།

ཀྲུང་གོའི་བྱ་གཞག་ཡག་པོར་སྒྲུབ་པའི་འགག་རྩ་ནི་ཏང་ལ་ཐུག་ཡོད།

ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་རྒྱུ་ནི། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཐོབ་པའི་གྲུབ་འབྲས་གལ་ཆེན་གྱི་གྲས་ཤིག་ཡིན་ལ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་ཆབ་སྲིད་ཀྱི་འགན་ལེན་བརྟན་པོ་ཞིག་ཀྱང་ཡིན།

2022ལོའི་ཟླ1ཚེས6ཉིན། ཀྲུང་ནན་ཧའེ་དཔེ་རིན་ཐང་དུ་ཚོགས་འདུ་གལ་ཆེན་ཞིག་ཉིན་གང་བོར་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་གཙོ་སྐྱོང་གནང་སྟེ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡི་བྱ་བའི་སྙན་ཞུར་གསན་པ་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་བྱ་བའི་སྙན་ཞུར་གསན་པ་རེད།

2015ལོ་ནས་བཟུང་འདི་ལྟ་བུའི་ཚོགས་འདུ་ལོ་ལྟར་ལོ་སྟོད་དུ་འཚོག་བཞིན་ཡོད།

རྒྱལ་ཁབ་སྐྱོང་རྒྱུ་ནི་ལྗོན་ཤིང་འཛུགས་པ་འདྲ་བར་རྩ་བ་བརྟན་ན་ཡལ་ཀ་རྒྱས་ཞིང་ལོ་འདབ་སྨིན་པ་ཇི་བཞིན། “ ‘ང་ཚོའི་རྒྱལ་སྲིད་སྐྱོང་ལུགས་ཀྱི་རྩ་བ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དེ་ཡིན“ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་ཟབ་མོ་གནང་བ་རེད།’”

“དར་ཆ་གསལ་སྒྲེང་གིས་ཏང་སྲིད་དམག་དམངས་སློབ་གྲྭ་དང་ཤར་ལྷོ་ནུབ་བྱང་དབུས་བཅས་སུ་ཏང་ནི་ཡོད་ཚད་ལ་འགོ་ཁྲིད་བྱེད་མཁན་ཡིན་ཞེས་ནན་བཤད་གནང་ཏེ། ”ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོར་གྱུར་པའི་ཁྱད་ཆོསདེ་ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་ནང་བཀོད་པ་རེད།

ཀ་འཛུགས་གདུང་བརྟན་ལྟར། ཏང་ཀྲུང་དབྱང་དུ་ཐབས་ཇུས་གྲོས་མོལ་མཐུན་སྦྱོར་སྒྲིག་གཞི་རབ་དང་རིམ་པ་བཙུགས་པ་དང་ཇེ་ལེགས་སུ་བཏང་སྟེ། རྒྱལ་སྲིད་སྐྱོང་ལུགས་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱེད་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་བྱས།

སྒྲིག་སྲོལ་དང་ལམ་ལུགས་བཙུགས་ནས། ཏང་གི་འགོ་ཁྲིད་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་དང་།  རྒྱལ་དབང་ཁེ་ལས་བཅོས་སྐྱོང་།  སློབ་ཆེན་གྱི་འགོ་ཁྲིད་སྒྲིག་གཞི། མང་ཚོགས་ཚོགས་པའི་རྩ་འཛུགས་འཛུགས་སྐྲུན་བཅས་ཀྱི་ཁྲོད་མཉམ་འདྲེས་བྱས་པ་རེད།

གསར་གཏོད་རང་བཞིན་གྱི་བྱེད་ཐབས་རབ་དང་རིམ་པ་བརྒྱུད་དེ་འཕྲེད་ཕྱོགས་ནས་མཐའ་དང་གཞུང་ཕྱོགས་ནས་མཐར་གཏུག་པའི་ཏང་གི་འགོ་ཁྲིད་ལམ་ལུགས་ཀྱི་མ་ལག་སྔར་ལས་འཐུས་ཚང་དང་གཏན་འཁེལ་བྱུང་ནས། ཏང་ཀྲུང་དབྱང་ནི་དངོས་སུ་གཡུལ་སར་ཞུགས་ནས་དམག་དཔུང་ལ་བཀོད་འདོམས་བྱེད་པ་ཞིག་ཏུ་གྱུར་བ་དང་།  དམག་དཔུང་སོ་སོས་རང་ནུས་ཀྱི་ཁྱད་ཆོས་བཏོན་ནས།  “ ལུས་ཀྱིས་དཔུང་པ་སྐྱོད་ཅིང་དཔུང་པས་མཛུབ་མོ་སྐྱོད་པ་བཞིན། བཀོད་འདོམས་ལ་དབང་འབྱོར་ཞིང་། བཀོད་ཁྱབ་ལ་ཆགས་ཐོགས་མེད་པར་གྱུར་ཡོད།”

ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམས་སྟོན་ཁང་དུ་རིམས་ནད་འགོག་པའི་ཆེད་དོན་འགྲེམས་ཁུལ་ལ་མི་རྣམས་ཀྱིས་དོ་སྣང་བྱེད་ཀྱི་ཡོད། འགྲེམས་ཁུལ་གྱི་སྟེང་དུ་ཏང་ཡོན་འཕྲལ་རྒོལ་རུ་ཁག་ཞེས་བྲིས་ཡོད་པའི་དམར་མདངས་བཀྲ་བའི་དར་ཆ་ཞིག་བསྒྲེངས་ཡོད་པ་དེས།  ཝུའུ་ཧན་སྲུང་སྐྱོབ་དམག་འཐབ་རྣམ་པར་རྒྱལ་བའི་ལྟེ་བའི་གསང་གྲངས་གསལ་འགྲེལ་བྱས་ཡོད།

མི་རྣམས་ཀྱིས་བརྗེད་དཀའ་བ་ནི། དུ་བ་མེད་པའི་དམག་འཁྲུག་འདིའི་ཁྲོད་དུ་མཐོང་དཀོན་པའི་ལོ་གསར་ཚེས་གཅིག་ཉིན་འཚོགས་པའི་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་དང་། ཀྲུང་དབྱང་གིས་བཀའ་ཕབ་པ་དང་། དམག་གསུམ་མཚན་མོར་མཉམ་དུ་བསྐྱོད་པ། རྒྱལ་ཡོངས་ཀྱི་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད་པ་བཅས་ཀྱི་མི་སེམས་འགུལ་བའི་རྣམ་པ་དང་། ཐད་ཀར་རྫོང་དང་ཐོན་རིམ་པ་ཡན་གྱི་ལས་བྱེད་པ་ཁྲི་གཅིག་དང་སྟོང་བདུན་གྱི་བཀོད་སྒྲིག་ཚོགས་འདུ་འཚོགས་པ། ཉིན་བཅུ་ལྷག་གི་ནང་འཛུགས་སྐྲུན་བྱས་པའི་ཧོ་ཧྲིན་ཧྲན་སྨན་ཁང་དང་ལེ་ཧྲིན་ཧྲན་སྨན་ཁང་སོགས་ལྟ་བུ་ཡིན།

ཞུམ་པ་མེད་པའི་ངར་ཤུགས། ལྷབ་ལྷབ་གཡོ་བའི་དར་ཆ།

འདི་ནི་ཀོས་ཀྲིག་ཞིང་ཆེན་ཙུང་ཡུ་གྲོང་ཁྱེར་ཕན་ཀྲིག་ཆུས་ཧྥུན་ཞིང་གྲོང་རྡལ་ཧྭ་མོ་སྡེ་བའི་ཕྱིའི་བཀོད་པ་རེད།(མི་མེད་གནམ་གྲུས2022ལོའི་ཟླ2ཚེས28ཉིན་པར་བླངས།)ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཐའོ་ལིང་གིས་པར་བླངས།

ཏང་ཡོངས་ཀྱི་གོང་འོག་ཚང་མ་སྐུལ་སློང་བྱས་ཏེ། ཏང་ཡོན་ལས་བྱེད་པ་ས་ཡ་འགའ་དབུལ་ཐར་མཁྲེགས་གཏོར་གྱི་གཡུལ་ས་གཙོ་བོར་བསྐྱོད་པ་དང་། རྒྱལ་ཁབ་ཆེན་པོའི་ཁས་ལེན་ལག་ལེན་དུ་བསྟར་ནས། དུས་བཅད་ལྟར་བདེ་འཇགས་ངང་ལོ་རྒྱུས་ཀྱི་དེབ་ཐེར་ནང་འཁོད་པའི་དགུན་དུས་ཨོ་རྩལ་འགྲན་ཚོགས་གཟབ་རྒྱས་ཤིག་བསྒྲུབས་པ་དང་།  ཕྱི་རོལ་གྱི་གནོན་ཤུགས་དང་བཀག་འགོག་ལ་མི་སྐྲག་པར་ཟིལ་གྱིས་གནོན་པའི་བྱེད་ཐབས་སྤྱད་ནས།  མདུན་ལམ་འགོག་པའི་འགག་སྒོ་གཏོར་བ་རེད།

ད་ལྟ་ཐུན་མོང་གི་ངོས་འཛིན་སྔར་བས་ཇེ་ཟབ་ཏུ་ཕྱིན་ཡོད་པ་སྟེ། ཀྲུང་གོ་འཇོན་དོན་གྱི་འགག་རྩ་ནི་ཀྲུང་གོ་གུང་ཁྲན་ཏང་འཇོན་དོན་ཡིན་པས་རེད།  ཀྲུང་གོ་གུང་ཁྲན་ཏང་ལ་ཡོད་པའི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་ནུས་པ་ནི་ཀྲུང་གོ་མི་དམངས་ཀྱི་ཆེས་བློས་འགེལ་ཆོག་པའི་སྲོག་ཤིང་ཡིན།

2013ལོའི་ཟླ7ཚེས11ཉིན་གྱི་ཕྱི་དྲོར། ཧི་པེ་ཞི་པའེ་ཕའོ་རུ་ཆར་པ་སིམ་སིམ་བབས་ཀྱིན་ཡོད།

ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོའི་ལག་ལེན་གྱི་བྱེད་སྒོ་སྤེལ་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གནས་དེར་ཕེབས་ཡོད།   ས་ཁང་ཞིག་གི་ནང་དུ་ཚང་མ་མཉམ་དུ་བསྡད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱིས“སྤྱོད་ཚུལ་བཞིར”ངོ་རྒོལ་བྱེད་པའི་ཐད་བཏོན་པའི་བསམ་འཆར་དང་གྲོས་གཞིར་གསན་པ་རེད།

མང་ཚོགས་ཀྱི་འཚོ་བ་རིམ་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད་རུང་། ང་ཚོའི་འཚོ་བ་དང་བར་ཐག་ཅུང་རིང་བ་ཡིན་པའི་རྒྱུ་མཚན་གང་ཡིན་ནམ་ཞེས་གསུངས་བས། བློ་མཐུན་ཁ་ཤས་ཀྱིས་དཀའ་ངལ་དྲང་མོར་བཤད་པ་རེད།

ཚང་མའི་གཏམ་བཤད་ལ་གསན་རྗེས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་རྒྱུས་ཀྱི་དུས་འཁོར་རང་བཞིན་གྱི་གནད་དོན་སྐོར་གླེང་སྐབས།“ ལོ60ལྷག་ཙམ་འདས་སོང་བ་དང་། ཏང་གི་མདུན་དུ་ལྷགས་པའི་རྒྱུགས་ལེན་གྱི་ལམ་བུ་དེ་ད་དུང་མཇུག་འགྲིལ་མེད་པ་རེད”ཅེས་ཐུགས་དགོངས་ཟབ་མོས་དེ་ལྟར་གསུངས་བ་རེད།

སྔོན་ཆད་དུས་སྐབས་ཤིག་གི་རིང་ལ་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ཕན་ཚུན་བསྣོལ་མར་འདྲེས་ནས་གནས་པ་དང་།    “ཉམས་སད་ཆེན་པོ་བཞི“ཛ་དྲག་རྙོག་འཛིང་ཡིན་པ། ”ཉེན་ཁ་རིགས་བཞི“རྣོ་ངར་ཆེན་པོ་ལྡན་པས།  ང་ཚོའི་ཏང་བཅོས་སྒྱུར་སྒོ་འབྱེད་བྱས་ཚུན་ལ་སྔར་བྱུང་མྱོང་མེད་པའི་འགྲན་སློང་ལ་ཐུག་ཡོད།

ཕུགས་ལ་བསམ་བློ་གཏོང་བ་དང་བདེ་སྡོད་ཉེན་བསམ་བྱ་དགོས། དུས་ཡུན་རིང་པོའི་སྲིད་སྐྱོང་གི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཅི་འདྲ་ཞིག་འཛུགས་སྐྲུན་བྱེད་པ་དང་། ཡུན་རིང་སྲིད་སྐྱོང་གི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཇི་ལྟར་འཛུགས་སྐྲུན་བྱེད་པའི་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་དེ་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ལ་འཇགས་ཡོད།

“ལྕགས་རྡུང་ན་ཐོ་བ་མཁྲེགས་དགོས།”  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཟབ་ནན་གྱི་ཉེན་བརྡ་གལ་ཆེན་བཏང་བ་རེད།

རྒྱུགས་སྤྲོད་ཀྱི་ལམ་བུར་བསྐྱོད་པར་རིག་པ་དྭངས་གསལ་དང་བློ་རྩ་བརྟན་པོ་རྒྱུན་འཁྱོངས་བྱས་ནས། ཀྲུང་གོ་གུང་ཁྲན་ཏང་གིས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འགག་རྩའི་གདམ་ག་བྱས་ཏེ། བཅོས་སྒྱུར་གྱི་བརྗིད་ཉམས་ཆེ་བའི་ལོ་རྒྱུས་ལམ་བུ་བསྐྲུན་ཡོད།

ཆབ་སྲིད་འཛུགས་སྐྲུན་ལ་བརྟེན་ནས་ཏང་ཡོངས་མཐུན་སྒྲིལ་དང་གཅིག་གྱུར་ཡོང་བར་སྣེ་ཁྲིད་བྱས་ཏེ། ཀྲུང་དབྱང་གི་གཏན་འཁེལ་དོན་ཚན་བརྒྱད་སྤྱོད་གཙང་གཞུང་དྲང་གི་ནང་དུ་བཅུག་པ་རེད། རུས་འདྲད་དུག་སེལ་གྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་ལེན་པ་དང་། བསམ་བློར་བརྟེན་ནས་ཏང་འཛུགས་སྐྲུན་དང་ལམ་ལུགས་ལ་བརྟེན་ནས་ཏང་བཅོས་སྐྱོང་བྱེད་པར་ཤུགས་སྣོན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཏང་ནང་གཅིག་སྡུད་སློབ་གསོ་ཐེངས་ལྔ་མུ་མཐུད་དུ་སྤེལ་བས། ཅུང་འཐུས་སྒོ་ཚང་བའི་ཏང་ནང་གི་ཁྲིམས་སྲོལ་མ་ལག་ཆགས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་འཐུས་ཚང་དུ་གཏོང་བ།  ཕན་ནུས་ལྡན་པའི་དབང་ཆའི་ལྟ་སྐུལ་ལམ་ལུགས་དང་སྒྲིག་ཁྲིམས་ལག་བསྟར་གྱི་ཁྲིམས་འཛིན་མ་ལག་ཆ་ཚང་ཞིག་བསྐྲུན་པ་རེད།

“སྟག་རྡུང་བར” བཀག་སྡོམ་ཁུལ་མེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། པུའུ་རིམ་པ་གཞོན་པའི་ཡན་གྱི་ལས་བྱེད་པ500ལྷག་ལ་གྱོད་དོན་ཐོ་འགོད་ཀྱིས་ཞིབ་བཤེར་དང་བརྟག་དཔྱད་བྱས་ཡོད།

“སྦྲང་གསོད་པར”སྙིང་རྗེ་མེད།   ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཚུན་ནས་ད་ལོའི་ཟླ་བཞི་བའི་བར་དུ་རྒྱལ་ཡོངས་སུ་སྡོམ་པས་དམངས་ཚིས་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་འབུམ་བཞི་དང་ཁྲི་དགུ་སྟོང་དྲུག་ཞིབ་བཤེར་ཐག་གཅོད་བྱས་པ་དང་མི་འབུམ་བཞི་དང་ཁྲི་ལྔ་སྟོང་དྲུག་ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་པ་རེད།

“ ཝ་རྔོན”མཚམས་མི་འཇོག  ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཚུན་ལ། གནམ་རྒྱའི་འགུལ་སྐྱོད་ཀྱིས་སྡོམ་པས་ཕྱི་རྒྱལ་དུ་བྲོས་པའི་མི6900འདེད་བཟུང་བྱས་པ་དང་། ལྐོག་རྔན་སྒོར་ཐེར་ཆེན་གསུམ་དང་ཐེར་འབུམ་གཉིས་དུང་ཕྱུར་བདུན་ཕྱིར་བླངས་ཤིང་། “འཛིན་བཟུང་བཀའ་རྒྱ་དམར་པོ་བཏང་བའི་མི་བརྒྱ”ཡི་ཁྲོད་ནས་མི61ཁྲིམས་ལ་སྦྱར་ཡོད།

ལོ་བཅུའི་རིང་ནན་སྒྲུབ་བྱས་པ་བརྒྱུད།  ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་ལོ་རྒྱུས་རང་བཞིན་དང་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་ཐོབ་ཏེ། ཁྱོན་ཡོངས་དང་གཏིང་ཟབ་མོའི་ཤུགས་རྐྱེན་ཐེབས་པར་མ་ཟད། ཏང་ལ་སྦྱོང་བརྡར་གཏིང་ཟབ་མོ་ཐོབ་ནས་སྔར་ལས་འགྱུར་མེད་སྟོབས་ལྡན་དུ་གྱུར་བ་དང་གསོན་ཤུགས་གསར་པ་ཞིག་རྒྱས་ཡོད།

“ང་ཚོའི་ཏང་ནི་ལོ་རྒྱུས་རིང་བ་དང་། གཞི་ཁྱོན་ཆེ་བ། སྲིད་དབང་སྐྱོང་ཡུན་རིང་བ་བཅས་ཡིན་པས། ཟིང་བཅོས་དར་རྒུད་ཀྱི་ལོ་རྒྱུས་ཀྱི་དུས་འཁོར་ལས་ཇི་ལྟར་སྒྲོལ་དགོས་སམ། ”

2021ལོའི་ཟླ11པར་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐད་གསང་མཐོན་པོས་ལན་བསྐྱོན་པ་རེད།

“ ཡན་ཨན་གྱི་ས་དོང་ནང་དུ་བློ་མཐུན་མའོ་ཙེ་ཏུང་གིས་ལན་དང་པོ་བསྐྱོན་ཡོད་པ་དེ་ནི། ‘མི་དམངས་ཀྱིས་སྲིད་གཞུང་ལ་ལྟ་སྐུལ་བྱེད་ན། སྲིད་གཞུང་གིས་གཞི་ནས་ལྷོད་གཡེང་བྱེད་མི་ཕོད་ཞེས་པ་དེ་རེད།’ ལོ་ངོ་བརྒྱ་ལྷག་ལ་འབད་འཐབ་བྱས་པ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་ལག་ལེན་གསར་པ་ལས། ང་ཚོའི་ཏང་གིས་སླར་ཡང་ལན་གཉིས་པ་བསྐྱོན་པ་དེ་ནི་རང་ངོས་གསར་བརྗེ་ཡིན་པ་རེད་ཅེས་གསུངས་པ་རེད།”

སེམས་ལ་བསྐལ་བརྒྱར་གནས་པའི་རླབས་ཆེན་བྱ་གཞག་དེ་ཏག་ཏག་ལོ་བརྒྱའི་དར་སྲོལ་ཡིན།

དུས་རབས་གསར་པར་ཀྲུང་གོ་གུང་ཁྲན་ཏང་མིས་རང་ངོས་གསར་བརྗེ་བྱས་པ་བརྒྱུད། མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་སྲུང་འཛིན་དང་མི་དམངས་ཀྱིས་སྙིང་ཐག་པ་ནས་གོང་བཀུར་བྱེད་པའི་ལོ་རྒྱུས་ཀྱི་རང་འགུལ་ཐོབ་པ་དང་། ཏང་ཡོངས་ཀྱིས་མཐུན་སྒྲིལ་དང་གཅིག་གྱུར་ཚད་མཐོན་པོ་བྱེད་པ་དང་། དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པ། མི་དམངས་ཀྱི་སྣེ་ཁྲིད་དེ་ཀྲུང་ཧྭ་མི་རིགས་ཀྱི་རླངས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པ་བཅས་ཀྱི་ལོ་རྒྱུས་ཀྱི་རང་འགུལ་ཐོབ་པ་རེད།

“རྒྱལ་སྲིད་ནི་མི་དམངས་ཡིན་པ་དང་། མི་དམངས་ནི་རྒྱལ་སྲིད་ཡིན། སྲིད་དབང་འཕྲོག་ལེན་དང་བརྟན་སྲུང་བྱེད་པ་ནི་མི་དམངས་ཀྱི་སེམས་པ་སྲུང་བ་དེ་ཡིན།”མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་དང་མི་དམངས་ཀྱི་འཚོ་བ་ཕྱོགས་ཡོངས་ནས་ཇེ་ལེགས་སུ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་།  སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཇེ་མཐོར་སོང་།

“མི་དམངས་ཀྱིས་དགའ་སྐྱིད་འཚོ་བར་བཅངས་བའི་རེ་སྨོན་ནི་ང་ཚོའི་འབད་འཐབ་ཀྱི་དམིགས་འབེན་ཡིན། ” 2012ལོའི་ཟླ11ཚེས15ཉིན། འགན་བཞེས་མ་ཐག་པའི་སྤྱི་ཁྱབ་ཧྲུའུ་ཅིས་དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིའི་དམ་བཅའ་བརྟན་པོ་བཞག་པ་རེད།

རྒྱལ་ཁབ་སྐྱོང་བར་མི་འགྱུར་བའི་ཁྲིམས་སྲོལ་ཡོད་རུང་དམངས་ལ་ཁེ་ཕན་ཐོབ་པར་བྱེད་པ་ནི་ཆེས་རྩ་བ་ཡིན།

མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་མི་རིགས་བཅའ་སྡོད་ལམ་ལུགས་སློབ་འབྲིང་གི་འཛིན་གྲྭ་གཉིས་པའི་སློབ་མས་སློབ་གསེང་སྐབས་སུ་སྨྱན་མང་སློབ་ཁྲིད་ལ་ལྟ་བཞིན་པ།(2021ལོའི་ཟླ3ཚེས26ཉིན་པར་བླངས།)སློབ་གྲྭ་དེས་དག་གཙང་དྲོད་ལེན་བཀོལ་སྤྱོད་བྱས་རྗེས།སློབ་མའི་སློབ་སྦྱོང་དང་འཚོ་བའི་ཁོར་ཡུག་ལ་ལེགས་བཅོས་ཆེན་པོ་བྱུང་།ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་ཧོང་ཞང་གིས་པར་བླངས།

དུས་རབས་གསར་པའི་སྐྱོད་ལམ་གསར་བར་ཞུགས་པའི་ཀྲུང་གོར་ཁྱོན་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་མགྱོགས་མྱུར་ངང་བསྐྱོད་དགོས་ན། ངེས་པར་དུ་མཆོང་སྐྱོད་ལྟ་བུའི་ མདུན་སྐྱོད་ཀྱི་མདུན་གྲལ་དུ་གནས་པའི་འགྲན་སློང་གལ་ཆེན་རབ་དང་རིམ་པ་བྱེད་དགོས་པ་སྟེ།

སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དང་།  “ མི་དམངས་ཀྱི་ཉིན་བཞིན་འཕེལ་རྒྱས་འགྲོ་བའི་དགའ་སྐྱིད་ཀྱི་འཚོ་བའི་དགོས་མཁོ་ནི་འཕེལ་རྒྱས་ལ་བསྡུར་ཞིབ་དང་ཤན་འབྱེད་བྱེད་པའི་ལས་དོན་གྱི་ཚད་གཞི་གསར་པ་ཞིག་ཡིན།”

དོ་སྙོམས་མིན་ལ་གང་ལེགས་མ་ཡིན་བའི་འཕེལ་རྒྱས”ཀྱི་རྒྱབ་ཏུ་མི་དུང་ཕྱུར་གཅིག་ཙམ་དབུལ་ཕོངས་ཀྱི་གནས་སུ་འཚོ་བ་སྐྱེལ་བཞིན་ཡོད།  ཚོགས་སྤྱི་དེ་རྒྱལ་ཁབ་ཁག་གི་མི་གྲངས་གྱི་མིང་གྲལ་དུ་ཞུགས་ཚེ། འཛམ་གླིང་གི་ཨང20པར་སླེབས་ནས་དབྱིན་ཇི་དང་། ཧྥ་རན་སི། འཇར་མན་སོགས་རྒྱལ་ཁབ་ལས་བརྒལ་ཡོད།

“ང་ཚོས་ཕྱོགས་གཅིག་ནས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་བྱེད་པའི་དམིགས་འབེན་མངོན་འགྱུར་བྱུང་ཡོད་ཅེས་ཁྱབ་བསྒྲགས་བྱེད་མི་རུང་ལ། ཕྱོགས་གཞན་ཞིག་ནས་ད་དུང་མི་གྲངས་ཁྲི་སྟོང་མང་པོའི་འཚོ་བ་དབུལ་སྐྱོར་གྱི་ཚད་གཞིའི་མན་དུ་གནས་ཡོད” ཅེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་ཚིག་ནི་ཆེས་གཟབ་ནན་ལྡན་པ་ཞིག་རེད།

ལོ་ཟླའི་བཞུར་རྒྱུན་ཁྲོད། ས་སེར་ས་ཁུལ་ནས་ཡོང་བ་དང་རུ་ཆེན་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ནས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མཐོ་ཤོས་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་གནས་ཚུལ་ལ་ཤེས་རྟོགས་ཟབ་མོ་བྱུང་བ་དང་མི་དམངས་ཀྱི་སེམས་འདུན་ཡོངས་སུ་ཚོར་ཡོད།

“འབྱོར་འབྲིང་ཡིན་མིན་གྱི་འགག་རྩ་ནི་མང་ཚོགས་ལ་ཐུག་ཡོད”ཅེས་པའི་རྣམ་དག་གི་གསུང་ཚིག་དེ་ནི་བློ་དཀར་སེམས་དཀར་དང་ལེ་དབར་ཁྲི་ཡི་བློ་བརྟན་འགྱུར་མེད་ཅིག་ཡིན།”

ཧུའུ་ནན་ཞིང་ཆེན་ཞང་ཞེས་ཐུའུ་ཅ་མེའོ་རིགས་རང་སྐྱོང་ཁུལ་ཧྭ་ཧིན་རྫོང་ཧྲོང་ལུང་གྲོང་རྡལ་ཧྲི་པ་ཐོང་སྡེ་བའི་སྡེ་མི་ཞིག་གིས་གུང་ཟས་རོལ་བཞིན་པ།(2021ལོའི་ཟླ7ཚེས1ཉིན་པར་བླངས།)ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཁྲིན་སི་ཧན་གྱིས་པར་བླངས།

2013ལོའི་ཟླ་བཅུ་གཅིག་པར། ཧུའུ་ནན་ཞང་ཞིས་ཧྭ་ཡོན་རྫོང་ཧྲི་པ་ཏུང་སྡེ་བ་ནས། “ང་ནི་མི་དམངས་ཀྱི་ཞབས་འདེགས་པ་ཡིན”ཞེས་སྡེ་མི་རྒན་པ་ཧྲི་པ་སན་གྱི་ལག་པར་འཇུས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སེམས་གཏམ་དེ་འདྲ་གསུང་བ་རེད།

མི་དམངས་ལ་བཅངས་བའི་བརྩེ་སེམས་ཟབ་མོ་དེ་ཆེས་བརྗིད་པའི་དམ་བཅའ་དང་ཆེས་བཟང་བའི་བྱེད་ཐབས་སུ་བསྒྱུར་ནས། མིའི་རིགས་ཀྱི་ལོ་རྒྱུས་སྟེང་གཞི་ཁྱོན་ཆེས་ཆེ་བ་དང་སྟོབས་ཤུགས་ཆེས་ཆེ་བའི་ཡང་བསྐྱར་དབུལ་ཕོངས་སུ་མི་འགྱུར་བའི་འཐབ་རྩོད་སྤེལ་བ་རེད།

ཧྲན་ཞི་ཞིང་ཆེན་ཨན་ཁང་གྲོང་ཁྱེར་ཕེན་ལི་རྫོང་ལོ་ཞན་གྲོང་རྡལ་ཅང་ཅ་ཕེན་ཇ་ལོ་གླིང་།(མི་མེད་གནམ་གྲུས2022ལོའི་ཟླ4ཚེས5ཉིན་པར་བླངས།)ཞིན་ཧྭ་གསར་འགྱུར་ཁང་གོ་གསར་འགོད་པ་ཐའོ་མེན་གྱིས་པར་བླངས།

རིམ་པ་ལྔའི་ཧྲུའུ་ཅི་དང་མཉམ་དུ་ཡོད་པའི་འདྲ་པར་དེ་དྲ་ལམ་དུ་ཁྱབ།

2020ལོའི་ཟླ4པར་ཧྲའན་ཞིས་ཕེན་ལིས་རྫོང་གི་ཇ་ཞིང་ཞིག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་འདམ་རྫབ་ཀྱི་ལམ་ཆུང་བརྒྱུད་ནས་ལས་ཀ་བྱེད་བཞིན་པའི་ཇ་འདེབས་ཞིང་པའི་ཕྱོགས་སུ་བསྐྱོད།  ཁོང་དང་མཉམ་དུ་ཞིང་ཆེན་དང་། གྲོང་ཁྱེར། རྫོང་། སྡེ་བ་རིམ་པ་བཅས་ཀྱི་ཧྲུའུ་ཅི་ཡོད་པ་རེད།

དེ་ནི་སྔར་བྱུང་མྱོང་མེད་པའི་རྩ་འཛུགས་ཀྱི་སྐུལ་སློང་ཞིག་ཡིན་པ་སྟེ། རྒྱལ་ཡོངས་མིག་མངས་འགྲིག་སྐོར་གཅིག་ལྟ་བུ་ཡིན་པས། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར22ཀྱིས་ཏང་ཀྲུང་དབྱང་ལ“དམག་བཀའ་དང་ལེན་ཞུ་ཡིག”བཞག་པ་དང་།  སྡེ་བའི་བཅའ་སྡོད་ལས་བྱེད་རུ་ཁག་ཁྲི་གཉིས་དང་སྟོང་ལྔ་ལྔ་བརྒྱ་དང་། ཧྲུའུ་ཅི་དང་པོ་དང་ སྡེ་བའི་བཅའ་སྡོད་ལས་བྱེད་པ་ས་ཡ་གསུམ་འཐབ་ཕྱོགས་དང་པོར་བསྐྱོད་ཡོད།

དེ་ནི“ས་ཁུལ་དབུལ་པོ་གཅིག་དང་མང་ཚོགས་དབུལ་པོ་གཅིག་ཀྱང་ལུས་མི་རུང་ཞེས་པའི་སེམས་ཤུགས་བརྟན་པོ་ཡིན་ཞིང་། ངས་ཆེས་སེམས་ཁྲལ་བྱེད་པ་ནི་དཀའ་ངལ་ཆེ་བའི་མང་ཚོགས་ཡིན”ཞེས་པའི་སེམས་གཏམ་དེ་རེད།

དེ་ནི་རིམས་ནད་ཀྱི་རྡུང་རྡེག་ཐེབས་པའི་འགག་རྩར་ཐུག་པའི་དུས་སྐབས་ཀྱི་བློ་རྩ་བརྟན་པོ་ཡིན་པ་སྟེ།  “ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་དམངས་ལ་བཏོན་པའི་གཟབ་ནན་གྱི་ཁས་ལེན་ཡིན་པས། ངེས་པར་དུ་དུས་བཅད་ལྟར་མངོན་འགྱུར་བྱེད་དགོས་པ་ལས། ཕྱིར་བཤོལ་དང་ལྷོད་གཡེང་གཏན་ནས་བྱེད་མི་རུང་།”

གྲང་ངར་ཆེ་བའི་ཐའེ་ཧང་རི་བོ་ནས་ཆར་རླུང་ལ་མ་འཛེམ་པར་དབུལ་པོའི་མང་ཚོགས་ལ་གཟིགས་སྐོར་གནང་བ་དང་།  “དཀའ་སྡུག་ཀུན་གྱི་ཁྲོད་དུ་ཁྱབ”ཅེས་པའི་ཀན་སུའུ་དབུས་རྒྱུད་ཀྱི་ཞིང་བའི་ཁྱིམ་ཚང་དུ་ཕེབས་པ་སོགས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་བཅུ་བཞིར་ཕེབས་ནས།  ཐེངས50ལྷག་ལ་དབུལ་སྐྱོར་བྱ་བར་གཟིགས་ཞིབ་གནང་བ་རེད།

ཁ་དན་ཚིག་ལ་གནས་ཏེ་རྒྱལ་ཁ་མ་ཐོབ་ན་ཕྱིར་བཤོལ་བྱེད་མི་སྲིད།

དབུལ་པོ་དབུལ་ནག་མཐའ་གཅིག་ཏུ་སེལ་དགོས།

1997ལོ་དང2008ལོ། 2016ལོ། 2020ལོ་བཅས་ལ་ཞི་ཅིན་ཕིང་ཉིན་ཞ་རུ་ཐེངས་བཞིར་འཚམས་འདྲིར་ཕེབས་ནས། སྐུ་དངོས་སུ་མིན་ཉིན་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་འཆར་འགོད་གནང་བ་དང་། “དམངས་ལ་བཅངས་བའི་བརྩེ་བ་ཟབ་མོ”དེ་ནམ་ཡང་གནས་པར་བྱས།   ཁྱིམ་ཚང་དབུལ་པོ་ཁྲི་སྟོང་མང་པོ“དབུལ་པོའི་གནས་ལས་སྤོས་བ་དང་དབུལ་པོའི་ལས་རིགས་བརྗེ་བ།  དབུལ་ཕོངས་ཀྱི་རྩ་བ་གཏོར་ནས”ལས་དབང་ལ་འགྱུར་ལྡོག་བཏང་ཡོད།

མི་རབས་ནས་མི་རབས་བར་བརྒྱུད་པའི་དབུལ་པོ་དེ་བཀག་འགོག་བྱས།

ས་གནས་ལ་གཟིགས་ཞིབ་གནང་བ་ཡིན་ནའང་འདྲ།  ཀྲུང་དབྱང་གི་ཚོགས་འདུའི་ཐོག་ཏུ་ཡིན་ནའང་འདྲ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དབུལ་སྐྱོར་བྱེད་པར་སྔོན་ལ་རིག་སྟོབས་ཀྱི་རོགས་སྐྱོར་བྱེད་པ་དང་། ལྷག་པར་དུ་སློབ་གསོའི་དབུལ་ཐར་ལ་སྔར་བས་མཐོང་ཆེན་བྱེད་དགོས”ལ།  “བྱིས་པར་ཆུང་དུས་ནས་སློབ་གསོ་བཟང་བོ་ཞིག་མྱོང་དུ་འཇུག་དགོས”ཞེས་ནན་བཤད་གནང་བ་རེད།

མི་དམངས་བླ་ན་མེད་པ་དང་ཐོག་མའི་བསམ་འདུན་བསྒྱུར་མི་སྲིད།

དེའི་ཐད་ཨན་ཧོས་ཅིན་ཀྲའེ་ཏ་ཝན་སྡེ་བའི་ཁྲིན་ཙི་ཧྲིན་ལ་མྱོང་ཚོར་ཟབ་མོ་ཞིག་ཡོད་པ་རེད།  2016ལོའི་ཟླ4པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཁོ་ལ་བལྟ་རུ་ཕེབས་པའི་གནས་ཚུལ་ཕྱིར་དྲན་བྱེད་ཐེངས་རེར་ཁོའི་སེམས་ལ་དྲོད་སྐྱིད་ཀྱིས་ཁེངས་ཡོད།  ད་ལྟ་ཁོ་ཚང་གི“དབུལ་ཞྭ”ཕུད་ཅིང་། ཚ་བོ་སློབ་ཆེན་ནས་མཐར་ཕྱིན་རྗེས་ཧི་ཧྥེ་རུ་བྱ་བ་སྒྲུབ་བཞིན་ཡོད་པ་དང་།  བྱིས་པས་ང་རང་ཁྲིད་ནས་ཆེད་དུ་གྲོང་ཁྱེར་ཆེན་མོར་ལྟ་བར་སོང་བས། ངའི་མིག་རྒྱ་བསྐྱེད་སོང”ཞེས་བཤད།

དེའི་ཐད་ཧི་པེ་ཀྲང་པེ་ཏི་ཧྲིན་སྡེ་བའི་ཞུས་ཧའེ་ཁྲིན་ལའང་མྱོང་ཚོར་ཟབ་མོ་ཞིག་ཡོད་པ་སྟེ། ལོ5ལྷག་གི་སྔོན་ལ་ཁོ་ཚང་ནས་སྤྱི་ཁྱབ་ཧྲུའུ་ཅིས་སྡེ་མི་ཚོ་དང་མཉམ་དུ་འཚོ་བའི་བཟའ་བཏུང་དང་དབུལ་ཐར་གྱི་ཇུས་ཆེན་ལ་གླེང་མོལ་མཛད།  ད་ལྟ་ཁོ་ཚང་ནི་འདེབས་འཛུགས་ཁྱིམ་ཆེན་ཞིག་ཡིན་པ་དང་། དབུལ་ཕོངས་ལས་ཐར་བ་དང་སྡོད་ཁང་གསར་པར་སྤོས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་སླར་ཡང་ངེད་ཚང་ལ་ཕེབས་རྒྱུའི་རེ་བ་བྱེད་ཀྱི་ཡོད། ངས་ཁོང་ལ་རྩིས་ཐོ་གསར་པ་བསྟན་ནས་གྲུབ་འབྲས་བཤད་འདོད་ཡོད་ཟེར།

ལོ་རྒྱུས་ཀྱི་དེབ་ཐེར་ཐོག་བཀོད་པའི་མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན་དེས། རླབས་ཆེན་གྱི་འབད་འཐབ་ལམ་བུར་འོད་སྟོང་འཕྲོ་བར་བྱས།

2021ལོའི་ཟླ2ཚེས་25ཉིན་རྒྱལ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་སྤྱི་སྡོམ་གཟེངས་བསྟོད་ཚོགས་ཆེན་ཐོག  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རང་རྒྱལ་གྱི་དབུལ་ཐར་མཁྲེགས་གཏོར་ལས་དོན་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་དང་། ད་ལྟ་ལག་བསྟར་བྱེད་བཞིན་པའི་ཚད་གཞིའི་འོག་ཞིང་སྡེའི་མི་གྲངས་དབུལ་པོ་བྱེ་བ་དགུ་ས་ཡ་བརྒྱད་འབུམ་དགུ་ཁྲི་དགུ་ཚང་མ་དབུལ་ཕོངས་ལས་ཐར་བ་དང་། རྫོང་དབུལ་པོ832ཚང་མས་དབུལ་པོའི་ཞྭ་མོ་ཕུད་པ། སྡེ་བ་དབུལ་པོ་འབུམ་གཅིག་ཁྲི་གཉིས་སྟོང་བརྒྱད་ཚང་མ་དབུལ་གྲལ་ནས་བུད་ཟིན”ཞེས་བརྗིད་ཉམས་ལྡན་པའི་ངང་ཁྱབ་བསྒྲགས་གནང་བ་རེད།

ཀྲུང་ཧྭ་མི་རིགས་ལོ་རྒྱུས་རང་བཞིན་གྱི་ཤིན་ཏུ་དབུལ་བོ་ལས་ཐར་ཏེ། ལོ་ངོ་སྟོང་གི་ཕུགས་འདུན་དེ་དུས་འདིར་མངོན་འགྱུར་བྱུང་སོང་།

2021ལོའི་ཟླ7ཚེས1ཉིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྗིད་ཉམས་ལྡན་པའི་ངང་“ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མུ་མཐུད་དུ་འབད་འཐབ་བྱས་པ་བརྒྱུད། ང་ཚོས་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱུང་བ་དང་། ཀྲུང་ཧྭ་ས་གཞི་ཆེན་མོའི་སྟེང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་གྲུབ་པར་བྱས་ཏེ། ཤིན་ཏུ་དབུལ་པོའི་གནད་དོན་དེ་ལོ་རྒྱུས་རང་བཞིན་གྱིས་ཐག་གཅོད་བྱས་ཡོད”ཅེས་ཁྱབ་བསྒྲགས་གནང་བ་རེད།

“དམངས་རྣམས་ལས་ལ་བརྩོན།འབྱོར་འབྲིང་འཚོ་བར་སྨོན”ཞེས་པའི་ལོ་ངོ་སྟོང་ཕྲག་གི་རེ་སྨོན་དེ་ལོ་རྒྱུས་ནས་མངོན་སུམ་དུ་གྱུར་བ་དང་། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་གྲུབ་པར་བྱེད་པའི་ལོ་རྒྱུས་ཀྱི་རྡོ་རིང་དེ་དུས་རབས་གསར་བའི་བསྐྱར་དར་གྱི་ལམ་དུ་ཀྲོང་ངེར་འགྲེངས་ཡོད།

མི་དམངས་ལྟེ་བ་ཡིན་པའི་འགོ་རྩོམ་ས་དང་རྐང་ཚུགས་ས་ཚང་མ་མི་དམངས་བདེ་སྐྱིད་ཀྱི་ཆེད་ཡིན།

ལས་བྱེད་མི་སྣས་ཧི་པེ་ཞིང་ཆེན་ཧྲི་ཅ་ཀྲོང་གྲོང་ཁྱེར་ལུའུ་ཆོན་ཆུས་ཀྲིན་ཉིན་ལམ་གྱི་གད་སྙིགས་རིགས་དབྱེ་སྐྱེལ་འདྲེན་ས་ཚིགས་ཤིག་ཏུ་གད་སྙིགས་གཙང་སེལ་བྱེད་བཞིན་པ།(2022ལོའི་ཟླ4པའི་ཚེས21ཉིན།) ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཡང་ཧྲི་ཡའོ་ཡིས་པར་ལེན་བྱས།

“སྔར་ལས་ལེགས་པའི་སློབ་གསོ་དང་། སྔར་ལས་བརྟན་པའི་བྱ་བ། སྔར་ལས་ཡིད་ཚིམ་པའི་ཡོང་སྒོ སྔར་ལས་བློ་འགེལ་ཆོག་པའི་སྤྱི་ཚོགས་འགན་སྲུང། སྔར་ལས་ཆུ་ཚད་མཐོ་བའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ། སྔར་ལས་སྐྱིད་སྣང་ལྡན་པའི་སྡོད་གནས་ཀྱི་ཆ་རྐྱེན། སྔར་ལས་མཛེས་པའི་ཁོར་ཡུག”སོགས་ནི་མི་དམངས་ཀྱི་རེ་ལྟོས་ཡིན་པ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསལ་བོར་རྟོགས་ཡོད།

ལོ་ངོ་བཅུའི་རིང་ལ། རིམ་རྩིས་བྱས་ན་གྲོང་ཁྱེར་དང་གྲོང་རྡལ་དུ་མི་དུང་ཕྱུར་གཅིག་དང་བྱེ་བ་གསུམ་གསར་དུ་ལས་ཞུགས་བྱས་ཡོད་པ་དང་། གཞི་རྩའི་སྨན་བཅོས་ཉེན་ཚབ་ཁྱབ་ཚད་མི་གྲངས་ཐེར་འབུམ་གཅིག་དང་དུང་ཕྱུར་གསུམ་བྱེ་བ་དྲུག་ལ་ཁེབས་ཅིང་། གཞི་རྩའི་རྒན་གསོ་ཉེན་ཚབ་ཀྱི་ཁྱབ་ཚད་མི་གྲངས་ཐེར་འབུམ་གཅིག་ལྷག་ལ་སླེབས་པ་དང་། མི་རེའི་ཆ་སྙོམས་ཀྱི་སྔོན་དཔག་ཚེ་ཚད་ལོ74.8ནས་ལོ78.2བར་འཕར་ཡོད།དེ་འདྲའི་གྲངས་ཀ་རེ་རེའི་རྒྱབ་ཕྱོགས་སུ་བགྲང་ལས་འདས་པའི་འཛུམ་མདངས་རྒྱས་ཡོད།

“གསང་སྤྱོད་གསར་བརྗེ”དང་། གད་སྙིགས་རིགས་དབྱེ། དྭངས་གཙང་དྲོད་ལེན། ཟས་རིགས་བདེ་འཇགས་ལྟ་སྐུལ་དོ་དམ་སོགས་དམངས་ཚིས་ཀྱི“དོན་ཆུང་”རེ་རེ་བཅོས་སྒྱུར་བྱེད་ཡུལ་གྱི“ཇུས་ཆེན”རེ་རེར་གྱུར་ཡོད། ཆུ་ཐིགས་བསགས་ན་རྒྱ་མཚོ་བཞིན་མི་དམངས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པ་དང་སྔར་ལས་དྲོད་ཁོལ་ལྡན་པར་གྱུར་ཡོད།

ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲིག་གྲོང་ཁྱེར་ཝུའུ་ཞིན་ཆུས་པ་ལིས་ཏེན་གྲོང་རྡལ་ཡུས་ཡན་ཧྲན་སྡེ་བའི་ཆུ་དཔོན་གྱིས་རུ་སྣེ་ཁྲིད་དེ་ཡུས་ཡན་ཧྲན་སྡེ་བ་རུ་ཆུ་བོར་སྐོར་གཡེང་དང་གཙང་སྦྲའི་ལས་ཀ་སྒྲུབ་བཞིན་པ། (2021ལོའི་ཟླ2པའི་ཚེས24ཉིན་མི་མེད་གནམ་གྲུའི་བླངས་པའི་འདྲ་པར། )ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝུན་ཞིན་ཡང་།

“དགའ་སྐྱིད་ལྡན་པའི་འཚོ་བའི་དགོས་མཁོར” དམིགས་ཏེ། དམངས་གཙོ་དང་ཁྲིམས་སྐྱོང་། འདྲ་མཉམ། དྲང་བདེན། བདེ་འཇགས། ཁོར་ཡུག་སོགས་ཐད་ཀྱི་མི་དམངས་ཀྱི་དགོས་མཁོ་ཉིན་བཞིན་ཇེ་ཆེར་འགྲོ་བཞིན་ཡོད།

“ཁྲིམས་འཛིན་གྱོད་གཞི་རེ་རེའི་ཁྲོད་མི་དམངས་མང་ཚོགས་ལ་འདྲ་མཉམ་དྲང་བདེན་ཚོར་དུ་འཇུག་པར་འབད་བརྩོན་བྱེད་དགོས།”

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལ་བརྩི་སྲུང་བྱས་ཏེ་ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་བྱེད་སྐབས་ཐད་ཀར་འབེན་ལ་ཕོག་དགོས་པ་དང་། མ་ཉེས་ཁག་གཡོགས་ཀྱི་གྱོད་གཞི་དང་གྱོད་གཞི་ནོར་འཁྲུལ་ཅན་ཁག་གཅིག་ཁྲིམས་ལྟར་ཡོ་བསྲང་བྱས་ཏེ། ཁྲིམས་ལག་བསྟར་དང་ཁྲིམས་འཛིན་ཡིད་རྟོན་གྱི་ནུས་པ་རྒྱུན་འཆད་མེད་པར་མཐོར་འདེགས་བཏང་ནས་འདྲ་མཉམ་དྲང་བདེན་གྱི་འོད་སྣང་དེ་མི་དམངས་ཀྱི་སེམས་ཀྱི་གཤིན་ས་རུ་འཕྲོ་ཐུབ་པར་གྱུར།

མིའི་བློ་གཏོད་ཕྱོགས་དེ“ཆེས་ཆེ་བའི་ཆབ་སྲིད”ཡིན་ཞེས་པའི་སྐད་ཆ་ཚིག་གཅིག་ལ་དོན་སྙིང་ཟབ་མོ་ལྡན་ཡོད་པ་སྟེ།

2021ལོའི་དཔྱིད་ཀར། ཀོང་ཞི་ཀོས་ལིན་མའོ་ཀྲུའུ་ཧྲན་སྡེ་བ་རུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྡེ་མི་ཝང་ཏི་ལི་ཚང་ལ་མགྲོན་དུ་ཕེབས།

“སྤྱི་ཁྱབ་ཧྲུའུ་ཅི་ལགས།  ཁོང་ཉིད་དུས་རྒྱུན་ཐུགས་བྲེལ་འདི་འདྲ་ཆེ་ནའང་། ད་དུང་ང་ཚོར་ལྟ་རུ་ཕེབས་པས། ཁྱེད་ཉིད་ལ་ཐུགས་རྗེ་ཆེ་ཞུ།”

“ང་རང་བྲེལ་བ་ཆེ་དོན་ནི་དོན་དག་འདི་དག་ཡིན་ལ། ‘རྒྱལ་ཁབ་ཀྱི་དོན་ཆེན’ནི་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་ཡིན།”

ཐོག་མའི་བསམ་འདུན་རི་ལས་བརྟན་པ་དང་། དུས་རབས་ཀྱི་རྒྱུགས་ལན་ནམ་རྒྱུན་གསར་པ་ཡིན།

“བདག་འཛིན་རིང་དུ་སྤང་།  དམངས་དོན་བདག་གིར་བྱ། ” ལོ་ངོ་བཅུའི་རིང་གི་ཉིན་མཚན་ཀུན་ཏུ་སྤྱི་དོན་ལ་གཞོལ་ཞིང་། མི་དམངས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་ལས་བབ་ཆགས་དང་ལྷག་བསམ་ཟོལ་མེད་ཀྱི་གསུང་ཚིག་ཉིང་བསྡུས་བྱས་ཡོད་པ་སྟེ།

“ང་ཚོའི་དམིགས་འབེན་ནི་ཧ་ཅང་བརྗིད་ཉམས་ཆེ་ལ། བབ་ཆགས་ཞིག་ཀྱང་ཡིན་པ་དང་།མཐར་གཏུག་ནས་བཤད་ན་ཀྲུང་གོ་བ་ཡོངས་ཀྱིས་སྔར་ལས་ལེགས་པའི་སྒོ་ནས་འཚོ་རོལ་རྒྱུ་ཐུབ་པ་བྱ་རྒྱུ་དེ་ཡིན།”

“ལམ་ལུགས་ཀྱི་དགེ་མཚན་ནི་རྒྱལ་ཁབ་ཅིག་གི་ཆེས་ཆེ་བའིདགེ་མཚན་ཡིན་ལ།ལམ་ལུགས་ཀྱི་འགྲན་རྩོད་ནི་རྒྱལ་ཁབ་དབར་གྱི་ཆེས་གཞི་རྩའི་འགྲན་རྩོད་ཡིན།”རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་དམིགས་ནས་ ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་དུ་སྤེལ་བ་དང་འཕེལ་རྒྱས་ཟབ་མོ་གཏོང་བར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་སྔར་ལས་འཐུས་ཚང་དང་གཏན་འཁེལ་བྱས་ཡོད།

ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཟིལ་རླབས་དགུང་དུ་འཕྱུར་བའི་ལོ་རྒྱུས་འཕེལ་རིམ་ཁྲོད།“ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ”གཉིས་ནི་དུས་རབས་ཀྱི་དབྱེ་མཚམས་ཡིན་པ་གཏན་འཁེལ་བྱས་པ་སྟེ།

ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་ལོ་རྒྱུས་ཀྱི་དུས་སྐབས་གསར་པ་བཏོད་པ་ཡིན།

ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་མ་ལག་ཧྲིལ་པོའི་ཇུས་འགོད་ཀྱིས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་དུས་རབས་གསར་བ་འགོ་བརྩམས་ཏེ། རང་རྒྱལ་གྱི་བཅོས་སྒྱུར་སྒོ་འབྱེད་ཀྱི་རྣམ་པ་གསར་བ་བཏོད་པ་ཡིན།

2013ལོའི་ཟླ11ཚེས12ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་འགོ་འཛིན་བྱས་ནས་འཆར་ཟིན་བཀོད་པའི《ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་རྒྱུའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན》ལ་གྲོས་འཆམ་བྱུང་སྟེ། ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲས་ཁེངས་སོང་།

ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་དུ་སྤེལ་བའི་སྤྱིའི་དམིགས་འབེན་ཁ་ཕྱོགས་ཀྱི“ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་སུ་བཏང་ནས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས”ཞེས་པ་དེས་མི་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིའི་ལམ་ལུགས་ཀྱི་རང་རྟོགས་མངོན་པར་བྱས་ཡོད།

དུས་དེ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་བའི་ཏང་ཀྲུང་དབྱང་གིས“ཀྲུང་གོའི་བཅོས་སྐྱོང་”གི་བརྗིད་ཉམས་ཆེ་བའི་འཆར་གཞི་འབྲི་འགོ་བརྩམས་པ་སྟེ།

ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་བཀོད་སྒྲིག་དང་། ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་དུ་སྤེལ་བ་དེ་ནི་འདབ་ཆགས་ཀྱི་གཤོག་པ་གཉིས་དང་རླངས་འཁོར་གྱི་འཁོར་ལོ་གཉིས་དང་འདྲ་བར་ཕན་ཚུན་ཟུང་འབྲེལ་དང་ཕན་ཚུན་སྤེལ་རེས་བྱེད་དགོས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་ཕྱོགས་བཅུ་གསུམ་ཐད་ཀྱི་ལམ་ལུགས་ཀྱི་བཀོད་སྒྲིག་བྱས་པ་དང་། མ་ལག་ལྡན་པའི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་རི་མོ་ཞིག་འབྲི་བཞེངས་བྱས་ཡོད།

ཀོང་ཏུང་ཧྲིན་ཀྲིན་ནས་ཨན་ཧོས་ཞའོ་ཀང་བར་དང་། ཧའེ་ནན་ཡང་ཕུའུ་ནས་ཧྲང་ཧའེ་ཕུའུ་ཏུང་བར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཅོས་སྒྱུར་གྱི་སྙིང་སྟོབས་དར་སྤེལ་བཏང་ཡོད།

ལོ་གསར་གྱི་ཤིས་ཚིག་ནང་“བཅོས་སྒྱུར་མཐར་ཕྱིན་པ་བྱེད་དགོས”ཞེས་འབོད་སྐུལ་བཏང་སྟེ། ཐུན་མོང་སློབ་སྦྱོང་གི་སློབ་ཁྲིད་དེ་ཀྲུང་ཀོན་སྡེ་བར་གནས་སྤོས་བ་དང་། སྣེ་ཁྲིད་དེ་ཡར་ལངས་ནས“བཅོས་སྒྱུར་གདོང་ལེན་པ”ལ་ཐལ་མོ་བརྡབས་ནས་གུས་འདུད་ཞུས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་བཅོས་སྒྱུར་ལ་འགོ་ཁྲིད་དང་སྐུ་དངོས་སུ་བཅོས་སྒྱུར་ལ་སྐུལ་འདེད་བཏང་བ་རེད།

2018ལོའི་ཟླ3ཚེས28ཉིན་གྱི་ཕྱི་དྲོར་ཀྲུང་ནན་ཧའེ་རུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་ཐོབ་ཐང་སྟེང་ནས་ཀྲུང་དབྱང་གི་ཕྱོགས་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོར་འགོ་འཛིན་གནང་བ་རེད།

གྲོས་ཚོགས་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཡིས་བཅོས་སྒྱུར་བྱེད་ཐབས་སྨྲ་བའི་མཐོ་ཚད་ནས་ཏང་གིས་ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བར་གཅིག་འདོམས་འགོ་ཁྲིད་བྱེད་པའི་གལ་ཆེའི་རང་བཞིན་ནན་གསུང་གནངས་བར་མ་ཟད། ཚང་མ་དང་མཉམ་དུ《ཞབས་ཞུ་སྟབས་བདེ་ཅན་ལ་ཞིབ་མཆན་འགོད་པར་སྐུལ་འདེད་གཏོང་བའི་མཛུབ་སྟོན་བསམ་འཆར》སོགས་བྱེ་བྲག་གི་བཅོས་སྒྱུར་བྱེད་ཐབས་བཅུ་ལྷག་ལ་གྲོས་ཞིབ་གནང་།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། འདི་ལྟ་བུའི་གྲོས་ཚོགས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་དྲུག་ཅུ་ལྷག་ལ་འགོ་འཛིན་བྱས་ནས་འཚོགས་པ་དང་། ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་དུ་སྤེལ་བར་སྐུལ་འདེད་བྱས་ཏེ།  ལམ་ལུགས་འཛུགས་སྐྲུན་གྱི“ཀ་བཞི་གདུང་བརྒྱད”ཅིག་གྲུབ་ཡོད།

ཏང་འཛུགས་སྐྲུན་ནས་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་སོགས་ཁྱབ་ཁོངས་ཁག་ཏུ་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་རླབས་རྒྱུན་ཆེན་པོ་ཞིག་འཕྱུར་ཞིང་། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་བཏོན་པའི་བཅོས་སྒྱུར་དམིགས་འབེན་ལས་འགན་སྤྱིའི་ཆ་ནས་དུས་ལྟར་ལེགས་འགྲུབ་བྱུང་བ་དང་། ཕྱོགས་སོ་སོས་བསྡོམས་པས་བཅོས་སྒྱུར་གྱི་ཇུས་གཞི་སྟོང་གཉིས་ལྷག་སྤེལ་བ་རེད།

པར་འདི་ནི་འབྲི་ཆུའི་ཝུའུ་ཧྲན་ལམ་དུམ་ཆུས་ཁྲི་ཡུལ་ཚོའི་རྒྱུད་ཀྱི་རྣམ་པ་ཞིག་ཡིན།(2022ལོའི་ཟླ5པའི་ཚེས19ཉིན་མི་མེད་གནམ་གྲུའི་བླངས་པའི་འདྲ་པར།)ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝང་ཆོན་ཁྲའོ།

ལོ་བཅུའི་བརྒྱུད་རིམ་ཁྲོད་དུ། སྒྲུབ་སླ་ཞིང་སྤྲོ་བ་རབ་ཏུ་འཕེལ་བའི་བཅོས་བསྒྱུར་ལེགས་འགྲུབ་བྱུང་ཡོད་པ་དང་། ཤུལ་དུ་ལྷག་པའི་བྱ་བ་ཚང་མ་ནི་དཀའ་ཚེགས་ཆེ་བ་ཞིག་རེད།

2018ལོའི་ཟླ2པར་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་ཐག་ཆོད་དང་ཇུས་གཞི་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།

ཏང་གི་སྒྲིག་གཞི་དེ་བཅོས་སྒྱུར་གྱི་ཁྱབ་ཁོངས་སུ་བཞག་པ་ནི་མཐོང་དཀོན་པ་ཞིག་ཡིན་པས། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་སྡེ་ཁག་ཁོ་ནའི་ངོས་ཐད་ནས་པུའུ་རིམ་པའི་སྒྲིག་གཞི21དང་འགོ་ཁྲིད་གཙོ་གཞོན་ང་བརྒྱད་ཇེ་ཉུང་དུ་བཏང་སྟེ།རྒྱལ་ཁབ་དང་ས་གནས་ཀྱི་ཁྲལ་བསྡུ་མཉམ་བསྲེས་བྱས་པ་དང་།སི་དང་ཅུའུ་རིམ་པའི་ལས་ཁུངས་ཕྱེད་ཀ་ཙམ་ཁུ་བསྡུ་བྱས།

སྐབས་དེ་དུས་བཅོས་སྒྱུར་ཀྱི་ཇུས་གཞི་དེ་མཐོང་སྐབས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིག་གིས“ཤུགས་ཚད་ཆེ་བ་བསམ་ཡུལ་འདས་པ་ཞིག་རེད། དོན་དག་ཁ་ཤས་ཤིག་ལ་སྔོན་ཆད་ཐུན་མོང་གི་ངོས་ཟིན་ཡོད་ཀྱང་སྒྲུབ་མ་ཐུབ་པར་ལུས་པ་དང་། དོན་དག་ཁ་ཤས་ཤིག་སྔོན་ཆད་བསམ་མྱོང་ཡང་བསྒྲུབ་ཐབས་མེད་པ་རེད”ཅེས་མྱོང་ཚོར་ཟབ་མོའི་ངང་བཤད།

རི་ལ་སྟག་གནས་པ་ཤེས་ཀྱང་། སྟག་ཡོད་སའི་ཕྱོགས་སུ་བསྐྱོད།

བྱ་བ་དེའི་འགོ་རྩོམ་པའི་དུས་སུ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་ལ་བཅོས་བསྒྱུར་ཟབ་མོ་བྱེད་པ་དེ་ནི་སྤྲི་ཆར་ལ་རེག་པ་དང་འདྲ་བར་ཁེ་ཕན་ལ་ཕོག་ཐུག་གཏོང་དགོས་པ་ཞིག་ཡིན་ཞིང་། དངོས་གནས་སྒྲུབ་དགོས་པ་ཞིག་ཀྱང་ཡིན་པས། རང་ཉིད་སྒྱུར་བཅོས་བྱེད་པའི་བློ་སྤོབས་དང་ཁོག་རྒྱ་ཡོད་དགོས” ཞེས་པའི་དགོངས་གཞི་བཏོན།

བཅོས་བསྒྱུར་ནི་གསར་བརྗེ་ཞིག་ཡིན་ཞིང་། བཅོས་དགོས་པ་ནི་སྒྲིག་སྲོལ་དང་རྐྱེན་སྲོལ་ཡིན་ལ། འགུལ་བ་ནི་ཐོབ་ཟིན་པའི་ཁེ་ཕན་ཡིན།

ཞིང་སྡེའི་ས་ཞིང་ལམ་ལུགས་བཅོས་སྒྱུར་ཟབ་མོ་བྱས་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བའི་རིགས་སྣ་ཚོགས་ཀྱི“འགོག་སྒོ”མེད་པར་བཟོ་བ་དང་། ཚོགས་སྤྱི་ཚོགས་པ“སྡེ་ཁག་ཅན་དང་། སྲིད་འཛིན་ཅན། སྐུ་དྲག་ཅན། རོལ་རྩེད་ཅན”སོགས་སུ་འགྱུར་བར་ཤུགས་ཆེན་པོས་ཁྱད་བསད་བྱས་ཏེ། ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་རྒྱུན་འཁྱོངས་བྱེད་པའི་གནད་དོན་ཁྲིད་ཕྱོགས་ཀྱིས་གཙོ་གནད་ཐོད་བརྒལ་བྱས་ཏེ་སྤྱི་ཡོངས་ལ་སྐུལ་ཁྲིད་བྱེད་པར་སྐུལ་འདེད་གཏོང་དགོས།

རྒྱལ་ཁབ་ཅིག་གི་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་ལ་སྤྱོད་སྒོ་ཆེ་མིན་དང་ཕན་འབྲས་ཡོད་མེད་ལ་ལྟ་དགོས་ན། ལག་ལེན་ནི་ཆེས་བཟང་པོའི་བཙོ་མའི་གསེར་སྦྱངས་ལྟ་བུ་ཡིན་ལ། མང་ཚོགས་ཀྱི་མྱོང་ཚོར་ནི་ལྷག་བསམ་ཟོལ་མེད་ཡིན།

ཁྱིམ་ཐོའི་ལམ་ལུགས་བཅོས་སྒྱུར་བྱེད་པར་དཀའ་སེལ་སྔོན་སྐྱོད་བྱས་ཏེ་འཆར་གཞིའི་དཔལ་འབྱོར་གྱི་ལོ་རབས་ནང་བྱུང་བའི“གཟུགས་མེད་ཀྱི་གྱང”དེ་གློ་བུར་དུ་ས་རུ་འགྱེལ་ནས།ཆུ་དཔོན་ས་ཡ་གཅིག་ལྷག་ལས་གནས་སུ་ཞུགས་པ་དང་།གཙང་པོ་ཁྲི་སྟོང་མང་པོར“བདག་མེད”ནས“བདག་པོ་ཡོད་པར”གྱུར་བ་དང་། “བདག་བྱེད་མི་ཐུབ་པ”ནས“བདག་བཟང་བོར་བྱེད་ཐུབ་པར”གྱུར།  གཞུང་བཙུགས་སྨན་ཁང་གིས“སྨན་ལ་བརྟེན་ནས་སྨན་ཁང་གསོ་བ” ཡོ་བསྲང་བྱས་ཏེ།  མང་ཚོགས་ཀྱིས་ནད་ལ་སྟོན་དཀའ་བ་དང་སྨན་རིན་མཐོ་བའི་གནད་དོན་ཐག་གཅོད་བྱས།  གོ་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་བཏང་ནས་དམངས་ཀྱི་འདོད་བློ་དང་དམངས་ཀྱི་བློ་གྲོས་ཇུས་ཆོད་གོ་རིམ་ནང་ཚུད་པར་བྱས་ཏེ། མི་དམངས་ཀྱི་རང་ཁྱིམ་རང་བདག་སྔར་ལས་ལེགས་པའི་སྒོ་ནས་མངོན་འགྱུར་བྱུང་།

བསམ་བློ་འདུ་ཤེས་ཀྱི་འཆིང་རྒྱ་གཏོར་བ་དང་། ཁེ་ཕན་སྲ་འགྱུར་གྱི་ར་བ་གཏོར་ཏེ། ལོ་ངོ་བཅུའི་རིང་ལ། ཁྱབ་ཁོངས་མང་པོ་རུ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་། མ་ལག་རང་བཞིན་གྱི་བསྐྱར་བཟོ། སྤྱི་ཡོངས་རང་བཞིན་གྱི་བསྐྱར་སྐྲུན་བཅས་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་སྐྱེ་སྟོབས་དང་གསོན་ཤུགས་གསར་པ་རྒྱས་ཡོད།

དུས་དང་གནས་བབ་མཐིལ་རྟོགས་བྱེད་པ་དང་། སྲོལ་ངན་གཏོར་བ་དང་སྲོལ་བཟང་འཛུགས་པར་གཅིག་འདོམས་བྱེད་པ། ལམ་ལུགས་དང་བཅོས་སྐྱོང་མཉམ་འདྲེས་བྱེད་པ།

“བཅོས་བསྒྱུར་གལ་ཆེན་གྱི་ཁོངས་སུ་གཏོགས་པ་ཚང་མར་བཅའ་ཁྲིམས་ཀྱི་གཞི་འཛིན་ས་ཡོད་དགོས།” འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཏན་འཁེལ་གསལ་བོ་བྱས་བླང་བྱ་རེད།

བཅའ་ཁྲིམས་ནི་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཆེས་ཆེ་བ་དང་ཆེས་གལ་ཆེ་བའི་ལུགས་སྲོལ་ཡིན།

བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་བྱས་ཏེ། ཚན་རིག་དང་མཐུན་པར་ཁྲིམས་འཛུགས་པ་དང་། ཁྲིམས་ལག་བསྟར་ནན་མོ་བྱེད་པ། ཁྲིམས་འཛིན་དྲང་གཞག དམངས་ཡོངས་ཀྱིས་ཁྲིམས་སྲུང་བའི་ཐད་རྩེ་རིམ་ཇུས་འགོད་དང་བཀོད་སྒྲིག་གལ་ཆེན་གནང་ཡོད།  ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་སྣེ་ཁྲིད་འོག ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཐད་གོམ་སྟབས་བརྟན་པོ་སྤོས་པ་དང་། ཏང་གིས་ཁྲིམས་སྐྱོང་བྱེད་ཐབས་སྤྱད་དེ་རྒྱལ་ཁབ་ལ་འགོ་ཁྲིད་དང་བཅོས་སྐྱོང་བྱེད་པའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་བཏང་ནས་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་གསར་བརྗེ་གཏིང་ཟབ་མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་ཡོད།

ལོ་ངོ་བཅུའི་རིང་ལ། ང་ཚོ་ཏང་གིས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་གཅིག་འདོམས་སྐུལ་འདེད་བཏང་བ་དང་།“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་བཏང་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་སྔར་ལས་འཐུས་ཚང་དང་སྔར་ལས་གཏན་འཁེལ་བྱུང་བ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་བཏང་སྟེ། ཏང་དང་རྒྱལ་ཁབ་དར་རྒྱས་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བར་སྲ་ཞིང་བརྟན་པའི་ལམ་ལུགས་ཀྱི་རྨང་གཞི་བཏིངས་ཡོད།

“ངེས་པར་དུ་འཕེལ་རྒྱས་ཀྱི་སྤུས་ཚད་གནད་དོན་དེ་སྔར་ལས་མངོན་གསལ་དོད་པའི་གོ་གནས་སུ་བཞག་ནས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཤུགས་ཆེན་པོས་མཐོ་རུ་གཏོང་དགོས།”---འཕེལ་རྒྱས་ཀྱི་དུས་རིམ་གསར་པར་རྐང་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་བྱས་ནས་བློ་བརྟན་འགྱུར་མེད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་སྔར་ལས་སྲ་ཞིང་བརྟན་པོས་དངོས་པོའི་རྨང་གཞི་འདིང་དགོས།

2022ལོའི་ཟླ9ཚེས27ཉིན། “དུས་རབས་གསར་པར་འབད་པས་སྐྱོད”ཅེས་པ་བརྗོད་དོན་གཙོ་བོའི་གྲུབ་འབྲས་འགྲེམས་སྟོན་དེ་པེ་ཅིན་འགྲེམས་སྟོན་ཁང་དུ་འགོ་ཚུགས་པ་རེད། ཀྲུང་དབྱང་གི་ཕྱོགས་བསྡུས་འགྲེམ་ཁུལ་དུ“ངོ་མཚར་རྟགས་ཅན”གྱི་ཀྲུང་གོའི་གྲུ་གཟིངས་ཆེན་པོའི་དཔེ་དབྱིབས་ཀྱིས་ལྟ་སྐོར་བའི་མིག་དབང་འཕྲོག་ཡོད་པ་རེད།

“རླུང་གཡོར”རེ་རེའི་སྟེང་གི་གྲངས་ཀ་གསལ་བོ་ཡིས་དུས་རབས་གསར་པའི་ལོ་བཅུའི་རིང་གི་ཀྲུང་གོའི་དཔལ་འབྱོར་གྱི“གྲངས་ཚད”ལ་མཆོང་སྐྱོད་བྱུང་བ་མཚོན་པ་དང་།“སྤུས་ཚད”སྔར་ལས་ཇེ་མཐོར་སོང་བ་མཚོན་པ་སྟེ།

རྒྱལ་ནང་གི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་མོ་རབ་བཀྲམ་ལྔ་དང་ཁྲག་ཁྲིག་ཆེན་མོ་གསུམ་ཁྲག་ཁྲིག་དགུ་ནས་རབ་བཀྲམ་ཆེན་མོ་གཅིག་དང་རབ་བཀྲམ་གཅིག་ཁྲག་ཁྲིག་ཆེན་མོ་བཞི་ཁྲག་ཁྲིག་བཞི་བར་འཕར་བ་དང་། རྨང་གཞིའི་ཞིབ་འཇུག་འགྲོ་གྲོན་སྒོར་མོ་ཐེར་ཆེན་བཞི་དང་ཐེར་འབུམ་དགུ་དུང་ཕྱུར་དགུ་ནས་སྒོར་མོ་ཁྲག་ཁྲིག་གཅིག་དང་ཐེར་ཆེན་བརྒྱད་ཐེར་འབུམ་གཅིག་དུང་ཕྱུར་བདུན་ལ་ཇེ་མང་དུ་སོང་བ་དང་། རྒྱང་སྐྱོད་རིམ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཐེངས240ལྷག་ལ་གཏོང་འཕེན བྱས།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས“ཡོད་མེད”ནས“བཟང་མིན”གྱི་འཕེལ་རྒྱས་ཕྱོགས་སུ་བསྒྱུར་བའི་རང་འགུལ་རྣམ་པ་དམ་འཛིན་བྱས་ཏེ། ཀྲུང་གོའི་དཔལ་འབྱོར་གྱི་གྲུ་གཟིངས་ཆེན་པོ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུ་ལམ་གསར་པར་བསྐྱོད་རྒྱུར་སྣེ་ཁྲིད་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་འཕོ་འགྱུར་དང་། ཕན་འབྲས་འཕོ་འགྱུར།  སྒུལ་ཤུགས་འཕོ་འགྱུར་བཅས་ལ་སྐུལ་འདེད་བཏང་།

2012ལོར་ཕྱིར་མིག་ཙམ་བལྟས་པ་ན།

འདི་ནི་ཧྲའན་ཞི་ཞིང་ཆེན་ཕུའུ་ཁྲིན་རྫོང་དུ་བླངས་པའིC919རྟགས་ཅན་གྱི་གནམ་གྲུ་ཆེ་གྲས་ཀྱི་ཚོད་ལྟའི་གནམ་གྲུ་རེད།(2022ལོའི་ཟླ7པའི་ཚེས་18ཉིན། )ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཏིན་ཏིན།

དཔལ་འབྱོར་མྱུར་མོར་མར་ཆག་པ་དང་། ཁོར་ཡུག་ལ་བཙོག་སྐྱོན་མང་པོ་ཐེབས་པ། རགས་ལས་འཕེལ་རྒྱས་རྒྱུན་མཐུད་དཀའ་བ་སོགས“འཕེལ་རྒྱས་བྱུང་བའི་རྗེས་ཀྱི་གནད་དོན”ལ་གདོང་གཏད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྟག་ཞིབ་གང་ལེགས་དང་ཐུགས་བསམ་ཟབ་མོར་བཏང་།

སྤྱི་ཁྱབ་ཧྲུའུ་ཅིས་བསྟན་དོན། “ང་ཚོ་ཏང་གིས་མི་དམངས་ལ་འགོ་ཁྲིད་བྱས་ཏེ་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཕྱོགས་གལ་ཆེན་ཞིག་ནི་འཕེལ་རྒྱས་གང་འདྲ་ཞིག་མངོན་འགྱུར་བྱ་རྒྱུ་དང་། འཕེལ་རྒྱས་ཇི་ལྟར་མངོན་འགྱུར་བྱེད་པའི་གནད་དོན་གལ་ཆེན་དེར་ལན་འདེབས་རྒྱུ་དེ་ཡིན།”

2012ལོའི་ཟླ12པར་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་རྗེས་ཐོག་དང་པོར་པེ་ཅིན་དང་ཁ་གྱེས་ནས་རྟོག་ཞིབ་ཏུ་ཕེབས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀོང་ཏུང་དུ་ཕེབས་ནས་ཀོང་ཀྲིག་རུ་དཔལ་འབྱོར་བྱ་བའི་བཞུགས་མོལ་གྲོས་ཚོགས་ལ་འགོ་འཛིན་གནངས་བ་རེད།

གྲོས་ཚོགས་སྟེང་། ཀོང་ཏུང་གི་ཞིང་ཆེན་དང་གྲོང་ཁྱེར་ཆུས་གྲོང་རྡལ་བཅས་ཀྱི་རིམ་པ་སོ་སོའི་ལས་བྱེད་པའི་འཐུས་མི་དང་ཁེ་ལས་པ་ཁ་ཤས་ཀྱིས་གཏམ་བཤད་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་ཕྱོགས་གཅིག་ནས་ནན་ཏན་གྱིས་གསན་པ་དང་ཕྱོགས་གཞན་ཞིག་ནས་ཞིབ་མོས་ཟིན་ཐོར་བཀོད་པ་དང་། མཚམས་མཚམས་སུ་ཚང་མ་དང་བསམ་བློ་བརྗེ་རེས་བྱས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་དགོངས་ཟབ་མོའི་སྒོ་ནས་བསྟན་དོན།“སྣ་མང་རྙོག་འཛིང་ཆེ་བ་དང་འགྱུར་ལྡོག་ཆེ་བའི་གནས་བབ་ཀྱི་མདུན་དུ་ང་ཚོས་ཀླད་པ་གསལ་བོ་སྲུང་འཛིན་བྱེད་དགོས།”“དཔལ་འབྱོར་གྲུབ་ཚུལ་གྱི་འཐབ་ཇུས་རང་བཞིན་ལེགས་སྒྲིག་བྱེད་པར་སྐུལ་འདེད་གཏོང་ཤུགས་ཇེ་མགྱོགས་སུ་གཏོང་བ་དེ་འཕེལ་ཕྱོགས་ཆེན་མོའི་དགོས་མཁོ་ཡིན་པས་དུས་འགྱངས་གཏན་ནས་བྱེད་མི་རུང་།”

པེ་ཅིན་དུ་ཕྱིར་ཕེབས་ནས་གཟའ་འཁོར་གཅིག་ཀྱང་མ་འགོར་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་སྟེང་ཞུགས་པ་དང་།  ཁོང་གིས“ཕྱི་རོལ་ཡུལ་གྱི་ཆ་རྐྱེན་ལ་མི་བལྟ་བ་དང་། ཆོས་ཉིད་དང་འགལ་ནས་རྨོངས་ཚོད་ཀྱིས་མྱུར་ཚད་མཐོན་པོ་དོན་གཉེར་བྱེད་མི་རུང་”ཞེས་ནན་བཤད་གནངས་ཡོད།

2013ལོའི་ཟླ7པར་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་རང་རྒྱལ་གྱི་དཔལ་འབྱོར“དུས་གསུམ་བསྣོལ་བརྩེགས”དུས་སྐབས་སུ་གནས་པ་དང་། ལོ་དེའི་ཟླ12པར་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་སྟེང“རྒྱུན་རྣམ་གསར་པ”བཏོན་པ་དང་། 2015ལོའི་ཟླ11པར་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་སྟེང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་བཀོད་སྒྲིག་བྱས་པ་དང་། 2017ལོའི་ཟླ10པར་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྟེང“རང་རྒྱལ་གྱི་དཔལ་འབྱོར་དེ་མགྱོགས་མྱུར་སྒོས་འཕར་བའི་དུས་རིམ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རིམ་དུ་བསྒྱུར་བའི”ཐག་གཅོད་གལ་ཆེན་བྱས་པ་དང་། 2020ལོའི་ཟླ4པར་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་སྐྲུན་དགོས་པ་བཏོན་ཡོད།

ཚོར་བ་རྣོན་པོས་འཕེལ་རྒྱས་ཀྱི་འགྱུར་ལྡོག་ཁོང་དུ་ཆུད་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་པ་དང་།ལག་ལེན་གྱི་ཁྲོད་དུ་ཞི་ཅིན་ཕིང་གི་དཔལ་འབྱོར་གྱི་དགོངས་པ་གྲུབ་པ་དང་། མ་ལག་ལྡན་པའི་སྒོ་ནས་དུས་རབས་གསར་པའི་ཀྲུང་གོའི་དཔལ་འབྱོར་ལ“ཇི་ལྟར་ལྟ་བ”དང་“ཇི་ལྟར་སྒྲུབ་པ”སོགས་གཞུང་ལུགས་གལ་ཆེན་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་ལན་བཏབ་ཡོད།

འདུ་ཤེས་ནི་འགུལ་སྐྱོད་ཀྱི་སྣེ་ཁྲིད་ཡིན།  ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་ཁྲོད་དུ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ནི་ཆེས་གལ་ཆེ་བ་དང་ཆེས་གཙོ་བོ་ཡིན་པ་རེད། 2015ལོར“ལོ་ལྔའི་འཆར་འགོད་བཅུ་གཉིས་པ”མཇུག་བསྡུས་སོང་། “ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”འཆར་འགོད་གྲོས་གཞིའི་འཆར་ཟིན་ལ་འགོ་འཛིན་གནང་སྐབས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མགོ་བརྩམས་མ་ཐག་ཏུ“ཐོག་མར་འཕེལ་རྒྱས་ཀྱི་འདུ་ཤེས་གང་འདྲ་ཞིག་རྒྱུན་འཁྱོངས་བྱེད་དགོས་པ་གསལ་པོ་ཤེས་དགོས”ཞེས་བཏོན་པ་རེད།

གསར་སྐྲུན་དང་། མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་གསར་པ་དེ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྟེང་ཐོག་དང་པོར་བཏོན་པ་དང་། རང་རྒྱལ་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་དང་འབྲེལ་བའི་འཕོ་འགྱུར་ཟབ་མོ་ཞིག་ཁྱོན་ཡོངས་ནས་མགོ་བརྩམས།

འཕེལ་རྒྱས་ཀྱི་འདུ་ཤེས་གསར་པའི་ཁྲོད་གསར་སྐྲུན་གྱིས་གོ་གནས་ཨང་དང་པོ་ཟིན་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་དགོངས་ཟབ་མོས་བསྟན་དོན། གསར་སྐྲུན་གྱི་ནུས་པ་མི་ཆེ་བ་དེ་ནི“རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་བཀག་རྡོ་ལྟ་བུར་གྱུར་ཡོད”ཅེས་གསུངས་པ་རེད།

2014ལོའི་ཟླ5ཚེས23ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཀྲུང་གོ་ཧྲང་ཧྥེ་ཀུང་ཟིར་གཟིགས་ཞིབ་གནང་སྐབས། C919རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་ཆེན་མོའི་དཔེ་མཚོན་གནམ་གྲུ་སྟེང་འགོས་ནས“གནམ་གྲུ་ཆེན་མོའི་བྱ་བ་ཡག་པོར་འཁྱོངས་བར་བྱས་ཏེ། སྣེ་ཁྲིད་ཀྱི་ནུས་པ་འདོན་པ་དང་མཚོན་བྱེད་རང་བཞིན་གྱི་ནུས་པ་འདོན་དགོས”ཞེས་གསུངས་ཡོད།

2022ལོའི་ཟླ9པརC919འགྲུལ་སྐྱེལ་གནམ་གྲུ་ཆེན་མོར་བཟོ་དབྱིབས་ཚད་ལྡན་དཔང་ཡིག་ཐོབ་པ་དང་། ལོ་མཇུག་ཏུ་གནམ་གྲུ་ཐོག་མ་བཟོ་སྐྲུན་བྱས་ནས་བཀོལ་སྤྱོད་བྱ་རྒྱུ་རེད། སྤྱི་ཁྱབ་ཧྲུའུ་ཅིའི་བསྟན་དོན།“བློ་སྤོབས་ཆེན་པོས་འཛམ་གླིང་ཚན་རྩལ་གྱི་ཡང་རྩེར་ང་ཚོ་ཚང་མ་དཔའ་ངར་ཆེན་པོས་འགོ་ཐུབ་དགོས།”

2021ལོའི་ཟླ6པའི་ཚེས11ཉིན། རྒྱལ་ཁབ་མཁའ་སྐྱོད་ཅུའུ་ཡིས་པེ་ཅིང་དུ་གནམ་འདྲི་དང་པོ་རྟགས་ཅན་གྱི་འཚོལ་ཞིབ་ཡོ་བྱད་སྐར་མ་མིག་དམར་ཐོག་བབས་རྗེས་ཀྱི་ཚན་རིག་བརྙན་པར་པར་རིས་སྐོར་དང་པོའི་ཡོལ་བ་ཕྱེ་བའི་མཛད་སྒོ་འཚོགས་ནས། ཀྲུའུ་རུང་རྟགས་ཅན་གྱི་མེ་སྟག་རླངས་འཁོར་གྱིས་བླངས་པའི་སྐམ་ས་ཡོངས་ཀྱི་མཛེས་ལྗོངས་དང་། སྐར་མ་མིག་དམར་གྱི་ས་དབྱིབས་ཆགས་ཚུལ་གནས་ཚུལ།“ཀྲུང་གོའི་རྗེས་ཤུལ”“སྐོར་གཡེང་འདྲ་པར”སོགས་ཀྱི་པར་རིས་ཡོངས་བསྒྲགས་བྱས་པ་རེད། ཚན་རིག་དང་མཐུན་པའི་བརྙན་ཕབ་རི་མོ་སྐོར་དང་པོ་ཁྱབ་བསྒྲགས་བྱས་པ་དེས་རང་རྒྱལ་གྱི་ཐོག་དང་པོར་སྐར་མ་མིག་དམར་ལ་འཚོལ་ཞིབ་ཚད་ལེན་བྱེད་པའི་ལས་འགན་ལེགས་གྲུབ་བྱུང་བ་མཚོན་ཡོད། འདི་ནི“སྐོར་གཡེང་འདྲ་སྐྱོད”རེད། ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ།(རྒྱལ་ཁབ་མཁའ་སྐྱོད་ཅུའུ་ཡིས་འདྲ་པར་འདོན་སྤྲོད་བྱས།)

བྱང་སྐར་ཕྱོགས་སྟོན་འཁོར་སྐར་མ་ལག་སྒྲིག་པ། ཟླ་བའི་ལྷ་མོ་རྟགས་ཅན་གྱི་འཁོར་སྐར། གནམ་འདྲི་རྟགས་ཅན་རྩད་ཞིབ་འཕྲུལ་ཆས་སོགས་ལོ་ངོ་བཅུ་ཡི་རིང་ལ། རང་རྒྱལ་གྱི་གསར་གཏོད་གྲུབ་འབྲས་གལ་ཆེན་ཕན་ཚུན་འགྲན་རྩོད་དང་ཚན་རྩལ་གསར་གཏོད་ཀྱི་ནུས་པ་རྒྱུན་མི་ཆད་པར་ཆེ་རུ་ཕྱིན་ནས། གོ་ལ་ཧྲིལ་པོའི་གསར་གཏོད་མིང་གྲལ་ཁྲོད་མཆོང་སྐྱོད་ཆེན་མོ་བྱུང་སྟེ། 2022ལོར་ཨང་བཅུ་གཅིག་པར་སླེབས་ཡོད།

2016ལོའི་ལོ་འགོར། འཕེལ་རྒྱས་ཀྱི་འདུ་ཤེས་འཕོ་འགྱུར་ཟབ་མོ་མཚོན་པའི་བཞུགས་མོལ་ཚོགས་འདུ་ཁྲུང་ཆིན་དུ་འཚོགས་པ་རེད།

“དེ་རིང་ཧ་ལམ་ཁྱེད་ཚོ་བློ་ཕམ་དུ་འཇུག་སྲིད་དེ། ཐེངས་འདིར་གྲོས་བསྡུར་བྱེད་རྒྱུ་ནི་འཕེལ་རྒྱས་ཀྱི་གནད་དོན་ཞིག་མིན་པར་སྲུང་སྐྱོབ་ཀྱི་གནད་དོན་ཞིག་རེད”ཅེས་འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྦ་གསང་མེད་པར་གསུངས་ཤིང་། དེས་ཚོགས་ཞུགས་མི་སྣ་མང་པོ་ཞིག་ལ “སེམས་སུ་ཆུ་འཁྱག་བླུགས་པ་ལྟ་བུའི”ཚོར་སྣང་སྐྱེས་སུ་བཅུག

2016ལོ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་འབྲི་ཆུའི་སྟོད་རྒྱུད་དང་། དབུས་རྒྱུད། སྨད་རྒྱུད་བཅས་སུ་རྟོག་ཞིབ་གནང་བར་ཕེབས་པ་དང་། བཞུགས་མོལ་ཚོགས་འདུ་ཐེངས་བཞིར་མགོ་འཛིན་མཛད་ནས་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི“ཐུན་མོང་གིས་སྲུང་སྐྱོབ་ཆེན་པོ་དམ་འཛིན་དང་གསར་སྤེལ་ཆེན་པོ་མི་བྱེད་པའི”རྩོད་སྒྲུབ་འབྲེལ་བ་དང་འཐབ་ཇུས་ཀྱི་བསམ་གཞིག་ལ་རྒྱས་བཤད་གཏིང་ཟབ་གནང་བ་རེད།

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཏེ“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ནང་བཅུག་ནས། “རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན”ཞེས་པ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་དང་ཏང་གི་སྒྲིག་ཡིག་ནང་བཀོད་དེ། ལམ་ལུགས་ནན་མོ་དང་ཁྲིམས་སྐྱོང་དམ་པོར་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་སོགས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་ཁྲིད་སྟོན་དུ་བྱས་ཏེ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཐད་གོམ་སྟབས་གལ་ཆེན་སྤོས་ཡོད།

གསར་གཏོད་ནི་སྒུལ་ཤུགས་ཨང་དང་པོར་འགྱུར་བ་དང་། མཐུན་སྦྱོར་ནི་ནང་གནས་ཁྱད་ཆོས་སུ་འགྱུར་བ། ལྗང་མདོག་ནི་ཡོངས་ཁྱབ་རྣམ་པར་འགྱུར་བ། སྒོ་འབྱེད་ནི་ངེས་བརྒྱུད་ལམ་བུར་འགྱུར་བ། མཉམ་སྤྱོད་ནི་རྩ་བའི་དམིགས་ཡུལ་དུ་འགྱུར་བ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པས་ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་ཡངས་བོར་སྐྱོད་རྒྱུར་ཁྲིད་སྟོན་བཅས་བྱས།

སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ལམ་བུ་གསར་པ་གཏོད་པ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་ཁྲོད་བྱས་རྗེས་གསར་པ་འཇོག་དགོས།

2022ལོའི་ཟླ7ཚེས12ཉིན། ཝུའུ་ལུའུ་མུའུ་ཆི་རྒྱལ་སྤྱིའི་སྐམ་སའི་གྲུ་ཁར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ས་ཁྲ་ཆེན་པོ་ཞིག་གི་མདུན་དུ་ལངས་ཏེ་ཡུན་རིང་གཟིགས་ནས་བསྡད།

ཞིན་ཅིང་ནི་སྔོན་ཆད“ལམ་མཐའ་དང་སྡེ་མཐའ། ཆུ་མཐའ། གློག་མཐའ། ཞིང་མཐའ”སོགས་མཐའ་མཚམས་ཀྱི་ས་ཆ་ཞིག་ཡིན་ཡང་།   ད་ལྟ་ཀྲུང་གོ་དང་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར་དེ་དེ་སྔའི་ཀྲང་ཆན་གྱི་བགྲོད་ལམ་བརྒྱུད་ནས་ཤར་གཏོང་བྱས་པས་ནུབ་བྱང་མཐའ་མཚམས་དེ་སྒོ་དབྱེའི་མདུན་ལྗོངས་སུ་གྱུར་ཡོད།

ཞུང་ཨན་ཁུལ་གསར་རུང་ཏུང་ཡུག་ཁུལ་གྱི་ཞོགས་པའི་རྣམ་པ།(2022ལོའི་ཟླ9པའི་ཚེས8ཉིན་མི་མེད་གནམ་གྲུའི་བླངས་པའི་འདྲ་པར།)ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཞིན་ཀོང་ལིས།

ཐེངས་འདིའི་རྟོག་ཞིབ་ཁྲོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔར་ལས་ལྷག་པར“རྒྱལ་སྤྱི་དང་རྒྱལ་ནང་གི་ཁྲོམ་ར་གཉིས་དང་ཐོན་ཁུངས་གཉིས་བེད་སྤྱོད་སྔར་ལས་ཡག་པོ་བྱས་ནས། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཧུར་ཐག་ཞུ་བ་དང་མཉམ་འདྲེས་ཐུབ་པ་བྱེད་དགོས”ཞེས་གསུངས།

རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་གཙོ་བོར་བྱེད་པ་དང་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་ཟུང་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཇུས་འགོད་དང་། མ་འོངས་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་བྱེད་པའི་འཐབ་ཇུས་རང་བཞིན་གྱི་བཀོད་སྒྲིག་དང་སྔོན་ཇུས་ཤིག་རེད།

རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་འཛུགས་པ། ཞུང་ཨན་ཁུལ་གསར་འཛུགས་བྱས་ནས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་དང་། འབྲི་ཆུའི་ཟུར་གསུམ་ཁུལ། ཀོང་ཏུང་དང་ཞིན་ཅང་། ཨའོ་མོན་བཅས་མཚོ་ཁུག་ཆེན་མོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“སྒུལ་ཤུགས་འབྱུང་ཁུངས”ཆེན་པོ་གསུམ་བཏོད་དེ་འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་དང་། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དངསྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས“གཙང་ཆུའི་འཐབ་ཇུས”འཆར་འགོད་བྱས་པ་རེད།

རྨ་ཀླུང་སྔོན་མོ་ཤར་གྱི་རྒྱ་མཚོར་འབབ། ལེ་དབར་ཁྲི་ཡི་བང་འགྲོས་སེམས་སུ་བཀོད།

འགག་རྩའི་གནད་ས་རེ་རེ་དང་ཕན་ཚུན་འབྲེལ་མཐུད་བྱས་ནས། ལེགས་ཆ་གསབ་རེས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔལ་འབྱོར་ཁྱབས་སྟངས་ཆགས་རྒྱུར་སྐུལ་འདེད་བཏང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་མཐོངས་ཡངས་བོར་ཕྱེས་ཡོད།

“གོ་སྐབས་དང་སྟོབས་ཤུགས་ང་ཚོའི་ཕྱོགས་སུ་ཡོད”ཅེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་ཆོད་གཏམ་གལ་ཆེན་དེ་ལས།  ང་ཚོ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སྐྱོད་པའི་ངེས་ཤུགས་དང་གཏིང་ཤུགས། ཆོད་སེམས་དང་ཡིད་ཆེས་བཅས་མངོན་ཡོད།

“རང་རྒྱལ་གྱི་ཡུལ་གྲུ་ཀུན་ཏུ་ཐོག་བརྩེགས་ཁང་ཆེན་གྱིས་གང་སར་ཁྱབ་པའི་དུས་དེར་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ཀྱི་ཁང་ཆེན་ཡང་ཀྲོང་ངེར་འགྱིང་དགོས”ཞེས་པའི་འདུ་ཤེས་འཛིན་སྟངས་ཀྱི་ཁྱབ་ཁོངས་གནས་བབ་ལ་ཁྱོན་ཡོངས་དང་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་བ་དེས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱི་རིག་གནས་ཡིད་རྟོན་མངོན་གསལ་སྒོས་ཆེ་རུ་ཕྱིན་ནས་དེ་བས་རང་འགུལ་གྱི་བསམ་པའི་སྟོབས་ཤུགས་ཤིག་མངོན་ཡོད།

“ངའི་བསམ་པར་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཉེ་རབས་ཚུན་གྱི་ཆེས་རླབས་ཆེ་བའི་ཕུགས་འདུན་ཞིག་རེད་སྙམ།”

ལོ་ངོ་བཅུའི་སྔོན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་དངོས་མང་བཤམས་སྟོན་ཁང་དུ《བསྐྱར་དར་གྱི་ལམ་བུ》ཞེས་པའི་འགྲེམས་སྟོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་བརྩེ་བས་ཕྱུག་པའི་གསུངས་སྒྲོས་ཀྱིས་ཀྲུང་ཧྭའི་བུ་ཕྲུག་དུང་ཕྱུར་མང་པོའི་ཕུགས་འདུན་དོན་གཉེར་དང་འབད་འཐབ་བྱེད་པའི་བློ་སྟོབས་འཕེལ་བར་བྱས།

མི་དམངས་ལ་དད་མོས་ཡོད་པ་དང་། མི་རིགས་ལ་རེ་བ་ཡོད་པ། རྒྱལ་ཁབ་ལ་སྟོབས་ཤུགས་ཡོད་པ་བཅས་བྱ་དགོས།

མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་འཆར་འགོད་བྱེད་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསམ་གཞིག་གཏིང་ཟབ་གནང་བ་སྟེ། “སྔོན་ཐོན་རིག་གནས་ཀྱི་དགེ་མཚན་ལྡན་པའི་སྣེ་ཁྲིད་དང་། མི་དམངས་ཀྱི་བསམ་པའི་འཇིག་རྟེན་ཕུན་སུམ་ཚོགས་པ། མི་རིགས་ཀྱི་བསམ་པའི་སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་བཅས་མེད་ཚེ། རྒྱལ་ཁབ་ཅིག་དང་མི་རིགས་ཤིག་འཛམ་གླིང་མི་རིགས་ཀྱི་ཁྲོད་དུ་འགྱིང་ངེར་ལངས་མི་སྲིད།”

2019ལོའི་སྟོན་དུས་སུ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག“འདུ་ཤེས་འཛིན་སྟངས་ཀྱི་ཁྱབ་ཁོངས་ནང་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་རྒྱུན་འཁྱོངས་བྱ་རྒྱུའི་རྩ་བའི་ལམ་ལུགས”དེ་ཚང་འཛོམས་གྲོས་ཚོགས་ཀྱི་གཏན་འབེབས་ནང་བཅུག

རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་སེམས་ཤུགས་ཡོད་ཚད་འབུལ་དགོས།

ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་སྤྱི་ཡོངས་ཀྱི་མཐོ་ཚད་དུ་ལངས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས “གོང་བུར་འགྲིལ་ཤུགས་དང་སྣེ་ཁྲིད་ནུས་པ་ཆེན་པོ་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་འཛུགས་རྒྱུ”དེ་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་བརྗོད་གཞི་གལ་ཆེན་དུ་བརྩིས་པ་སྟེ།

རྒྱལ་ཡོངས་དྲིལ་བསྒྲགས་བསམ་བློའི་བྱ་བའི་ཚོགས་འདུར་ཐེངས་གཉིས་ལ་ཞུགས་ཏེ། འདུ་ཤེས་འཛིན་སྟངས་ཀྱི་བྱ་བ་དེ“ཏང་གི་གལ་འགངས་ཤིན་ཏུ་ཆེ་བའི་བྱ་བ་ཞིག”ལ་བརྩི་རྒྱུ་དང་། ཡན་ཨན་རིག་རྩལ་བཞུགས་མོལ་ཚོགས་འདུ་འཚོགས་ནས་ལོ་དོན་གཉིས་སོང་རྗེས་ཡང་བསྐྱར་རིག་རྩལ་བྱ་བའི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ། རིག་རྩལ་ལས་དོན་པས“རང་གིས་འཁུར་བའི་ལོ་རྒྱུས་ཀྱི་ལས་འགན་དང་འགན་འཁྲི་ངོས་འཛིན”བྱ་དགོས་ཚུལ་ནན་བཤད་བྱས་པ་དང་། ཏང་གི་གསར་འགྱུར་གླེང་ཕྱོགས་བྱ་བའི་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད་དེ“ཆབ་སྲིད་ཀྱི་ཁ་ཕྱོགས་ཨང་དང་པོར་འཇོག་དགོས”པའི་བླང་བྱ་བཏོན་པ་རེད།

ལོ་ངོ་བཅུ་ཡི་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འདུ་ཤེས་འཛིན་སྟངས་ཀྱི་ཁྱབ་ཁོངས་ལས་རྩ་བའི་རང་བཞིན་གྱི་གནད་དོན་རབ་དང་རིམ་པར་རྩ་དོན་གྱི་ལངས་ཕྱོགས་གསལ་བཤད་གནང་བ་དང་། རིགས་པའི་གཞུང་ལུགས་ཀྱི་རྩོད་གཞི་སེལ་བ། བྱ་བའི་བྱེད་ཕྱོགས་ཡོ་བསྲང་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་ཐོག་བརྩེགས་ཁང་ཆེན་ལ་བསམ་བློའི་རྨང་གཞི་བརྟན་པོ་བཏང་ཡོད།

སྔོན་གཤེགས་དཔའ་བོའི་རྗེས་དྲན་ཉིན་མོར་མི་དམངས་ཀྱི་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོ་དེ་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས།(2022ལོའི་ཟླ9པའི་ཚེས30ཉིན།) ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། རའོ་ཨའེ་མིན།

2022ལོའི་ཟླ9པའི་ཚེས30ཉིན་གྱི་སྔ་དྲོར། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྔམ་བརྗིད་ལྡན་པའི་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་ཀྲོང་ངེར་འགྱིང་།

གུས་པ་ཆེན་པོས་མྱ་ངན་ཞུས་པ་དང་། མེ་ཏོག་འབུལ་བ། དར་ཐག་ལེགས་སྒྲིག་བྱེད་པ། གོམ་སྟབས་དལ་པོའི་ངང་ཐུག་འཕྲད་བྱེད་པ་སོགས་སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོ་བཙུགས་པ་ནས་བཟུང་། ལོ་རེའི་ཉིན་མོ་དེར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མི་དམངས་ཀྱི་དཔའ་བོར་མེ་ཏོག་འབུལ་བའི་མཛད་སྒོར་ཞུགས་ནས་དྲན་གསོ་ཞུ་བའི་སྟོབས་ཤུགས་བརྒྱུད་སྤྲོད་བྱས།

དཔའ་བོ་ངར་མའི་ཟིལ་ཉམས་ནི།། བསྐལ་བའི་བར་དུ་ཞུམ་པ་མེད།།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དཔའ་བོ་དཔེ་བཟང་གི་ས་ནས་འབད་འབུངས་ཡར་བརྩོན་གྱི་བསམ་པའི་སྟོབས་ཤུགས་བསྡུ་ལེན་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་གནང་ནས“རེ་བས་ཁེངས་པའི་མི་རིགས་ཤིག་ལ་དཔའ་བོ་མེད་ན་མི་འགྲིག་པ་དང་། མདུན་ལམ་ཡོད་པའི་རྒྱལ་ཁབ་ཅིག་ལ་གདོང་ལེན་པ་མེད་ན་མི་འགྲིག”ཅེས་གསུངས་པ་རེད།

“བདེན་དོན་མཐའ་འཁྱོལ་དང་། ཕུགས་བསམ་བརྟན་སྲུང་། ཐོག་མའི་བསམ་འདུན་ལག་བསྟར་བྱེད་པ། འགན་འཁྲི་འཁུར་ཕོད་པ། འཆི་བར་མི་སྐྲག་པ། འཐབ་ལ་དཔའ་བ། ཏང་ལ་བློ་དཀར་བ་དང་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བ”བཅས་ཀྱི་རླབས་ཆེན་ཏང་འཛུགས་སྐྲུན་གྱི་སྙིང་སྟོབས་ཐོག་མར་རྒྱས་བཤད་བྱས་ནས། ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་པའི་གདུང་རབས་བརྒྱུད་རིམ་ལྡན་པའི་ངང་སྙིང་བསྡུས་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསར་གཏོད་རང་བཞིན་གྱི་རྣམ་བཤད་རབ་དང་རིམ་པར་བརྟེན་ནས་སྙིང་སྟོབས་ཀྱི་མེ་དཔུང་སྦར།

བྱས་ལེགས་དཔེ་བཟང་ལ་གཟེངས་རྟགས་གནང་བ་དང་དཔེ་མཚོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པ། ཀུན་སྤྱོད་དཔེ་བཟང་རྒན་རབས་པར་འདུག་སྟེགས་སྤྲོད་པ་དང་རྒན་བཀུར་རྒན་གཅེས་ཀྱི་སྲོལ་རྒྱུན་བཟང་བོར་བརྩི་མཐོང་བྱ་ཆེད།  ཅིང་ཆིང་སློབ་རར་བསྐྱོད་ནས་གཞོན་ནུ་ལོ་ཆུང་རྣམས་ལ“མི་ཚེའི་སྒྲོག་གུ་དང་པོ་དེ་ཡག་པོར་སྒྲོག་དགོས”ཞེས་མངགས་བཅོལ་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནུས་ཤུགས་ཡོད་རྒུ་བཏོན་ནས་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་སྣེ་ཁྲིད་དེ་དུས་རབས་གསར་པའི་ཀྲུང་གོའི་དཔལ་ཡོན་གྱི་མྱུ་གུ་བཙུགས།

ཤིང་སྐྱེ་ཡག་དགོས་ན་རྩ་བ་བརྟན་དགོས། ཆུའི་བཞུར་རྒྱུན་བསམ་ན་མགོ་ཁུངས་གཙང་དགོས།།

སྟོན་དུས་སུ། རིག་གནས་ལས་གཞི་གལ་ཆེན་ཞིག་གི་འཕེལ་རིམ་གསར་པར་མི་རྣམས་ཀྱིས་དོ་སྣང་བྱུང་བ་སྟེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་བརྗོད་དོན་གཙོ་བོར་བྱས་པ་དང་བསམ་བློའི་ལོ་རྒྱུས་དེ་གཞི་རྩའི་ཁུངས་སྣེར་བྱས་པའི《བསྐྱར་དར་རིག་མཛོད》ཞེས་པ་དཔེ་སྐྲུན་འགྲེམས་སྤེལ་བྱ་རྒྱུ་དེ་རེད།

“ལོ་རྒྱུས་བྲིས་ནས་གསུང་རབ་རྩོམ་པ་དང་། ལོ་རྒྱུས་ཉར་ནས་བློ་སྒོ་འབྱེད་པ། རིག་གནས་ལ་བརྟེན་ནས་མི་སྐྱོང་བ། འདི་ནི་ཀྲུང་ཧྭ་མི་རིགས་ཀྱིས་ལོ་ངོ་སྟོང་ཕྲག་འགའི་རིང་རྒྱུན་བསྐྱངས་པའི་སྲོལ་རྒྱུན་ཞིག་རེད།”  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་དཔེ་ཚོགས་ལ་འགོ་བརྗོད་གནང་ནས“ལོ་རྒྱུས་ཀྱི་ཡིད་རྟོན་ཇེ་བརྟན་དུ་གཏོང་བ་དང་། དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོ་སྟངས་འཛིན་བྱེད་པ། ཀྲུང་གོའི་བགྲོད་ལམ་ཐོག་ཡག་པོ་སྐྱོད་དགོས་པའི” དུས་རབས་ཀྱི་བསྒྲགས་གཏམ་སྤེལ།

ཡངས་བའི་ཀྲུང་ཧྭ་ཆེན་མོར་ལོ་རྒྱུས་ཡུན་རིང་ལྡན་ལ་དཔལ་ཡོན་ཕུན་སུམ་ཚོགས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་ཧྭ་མི་རིགས་ཀྱིས་ལོ་ངོ་སྟོང་ཕྲག་འགའི་ལོ་རྒྱུས་ནང་གསར་གཏོད་དང་རྒྱུན་མཐུད་བྱས་པའི་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ནི་ཀྲུང་ཧྭ་མི་རིགས་ཀྱི་བླ་དང་སྲོག་ཡིན”ཞེས་ནན་བཤད་གནང་།

ཀྲུའུ་ཞི་ཡོན་ལས་མྱོང་ཚོར་ཟབ་མོས“གལ་ཏེ་ལོ་ངོ་ལྔ་སྟོང་རིང་གི་ཀྲུང་ཧྭའི་དཔལ་ཡོན་མེད་ན་ཀྲུང་གོའི་ཁྱད་ཆོས་ཞེས་པ་ཡང་ཡོད་མི་སྲིད་ལ། གལ་ཏེ་ཀྲུང་གོའི་ཁྱད་ཆོས་མིན་ཚེ་ང་ཚོའི་ད་ལྟའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁའི་བགྲོད་ལམ་འདི་འདྲ་ཞིག་གང་ན་ཡོད”ཅེས་གསུངས་པ་དང་། སུའུ་གསུམ་མཆོད་ཁང་དུ“ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཁྲོད་ནས་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་དང་བསམ་བློ་བསྡུ་ལེན་བྱེད་མཁས་པོ་བྱ་དགོས་”ཞེས་ནན་བཤད་གནང་པ་དང་། མའོ་ཀའོ་ཁུའུ་བྲག་ཕུག་གི་གཤམ་དུ“ཡིད་རྟོན་ཀྱིས་ཕྱུག་པའི་དཔལ་ཡོན་གྱིས་ད་གཟོད་རང་མི་རིགས་ཀྱི་ཁྱད་ཆོས་རྒྱུན་འཁྱོངས་བྱེད་པ་དང་ཆབས་ཅིག་དཔལ་ཡོན་མི་འདྲ་བ་སྣ་ཚོགས་ལ་བཟོད་སྒོམ་དང་། དཔྱད་གཞིར་འཛིན་པ། བསྡུ་ལེན་བཅས་བྱེད་སྲིད”ཅེས་བསྟན་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་ཀྱི་ཡིད་རྟོན་ཇེ་བརྟན་དུ་གཏོང་བ་དང་འབྲེལ་དེ་ཉིད་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི“ཡིད་རྟོན་བཞིའི”ནང་བཅུག་ནས། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་དང་ཟུང་འབྲེལ་བྱེད་པ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།

དུས་རབས་གསར་པའི་ཀྲུང་ཧྭའི་ས་གཞི་ཆེན་མོར་རྒྱང་ལྟ་བྱེད་སྐབས། དངོས་མང་བཤམས་སྟོན་ཁང་ནང་ཉར་ཚགས་བྱས་པའི་རིག་དངོས་དང་། ཡངས་ཤིང་རྒྱ་ཆེ་བའི་ས་གཞིའི་ཐོག་བཤམས་པའི་ཤུལ་བཞག དཔེ་རྙིང་ནང་བཀོད་པའི་ཡི་གེ་བཅས་རིམ་བཞིན་མི་དམངས་མང་ཚོགས་ཀྱི་སེམས་སུ་ཟུག་ཅིང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དེ་ཡུལ་དུས་ལས་བརྒལ་བ་དང་ལོ་རྒྱུས་ཡུན་རིང་ལྡན་པས་ཕྱི་རབས་རྒྱུད་འཛིན་ཁྲོད་དབྱར་མཚོ་རྒྱས་པ་ལྟ་བུའི་གསོན་ཤུགས་མངོན་བཞིན་ཡོད།

“ལོ་རབས་བདུན་ཅུ་བ་དང་། བརྒྱད་ཅུ་བ། དགུ་བཅུ་བ། ཉིས་སྟོང་བཅས་མི་རབས་རྗེས་མ་ཚོའི་མིག་གིས་རྒྱལ་ཁམས་མ་མཐོང་གོང་ཀྲུང་གོས་འཛམ་གླིང་འདིར་ལྟད་མོ་ལྟ་ཐུབ་ཡོད།”

2021ལོའི་ཟླ3པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་འདུར་ཞུགས་མཁན་སྨན་བཅོས་འཕྲོད་བསྟེན་སྡེ་ཁག་དང་སློབ་གསོའི་སྡེ་ཁག་གི་ཨུ་ཡོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་འདིས། ཀྲུང་གོ་བ་གྲངས་མེད་ཅིག་གི་བསམ་པར་གཡོ་འགུལ་ཐེབས་སུ་བཅུག་ཤིང་། དུས་རབས་གསར་པའི་ཚུན་གྱི་ཀྲུང་ཧྭའི་བུ་ཕྲུག་ཚོའི་དཔའ་ངར་ཆེར་བསྐྱེད་ཀྱི་སྙིང་སྟོབས་དེ་བས་ཀྱང་མངོན་པར་མཚོན་ཡོད།

ལོ་རྒྱུས་ཀྱི་ཆུ་རྒྱུན་ལྷུང་ལྷུང་འབབ།། བསྐྱར་དར་གྱི་རྣམ་པ་བརྗིད་ཉམས་ལྡན། ཀྲུང་གོའི་མི་དམངས་ལ་བློ་སྟོབས་ཆེ་བ་དང་། སྙིང་རུས་ཆེ་བ། གཏིང་ཤུགས་ལྡན་པར་མ་ཟད། ལྷག་པར་རང་འགུལ་གྱི་བསམ་པའི་སྟོབས་ཤུགས་ལ་བརྟེན་ནས་མི་རིགས་བསྐྱར་དར་གྱི་རླབས་ཆེན་དམིགས་འབེན་ཕྱོགས་སུ་ཞུམ་མེད་མདུན་སྐྱོད་བྱེད་བཞིན་ཡོད།

“‘ཀྱག་ཀྱོག་གི་ལམ་བུ་བརྒྱུད་ནས་བགྲོད་ལམ་དུ་ཆགས་པ་དང་། དཀའ་སྤྱད་ཉེན་སེལ་བྱས་ནས་སླར་ཡང་མདུན་སྐྱོད་བྱེད་པའི’ཞུམ་མེད་ཀྱི་སྙིང་སྟོབས་ཐོག་ནས། ཉེན་ཁ་དང་འགྲན་སློང་གལ་ཆེན་ཚང་མར་ཁ་གཏད་ཡག་པོ་འཇལ་དགོས།” མཐའ་ཚད་ཀྱི་བསམ་གཞིག་དང་སྡུག་འབྱུང་འདུ་ཤེས། ཡིད་ཆེས་བརྟན་གཏོང་དང་དཀའ་ངལ་ཁྱད་གསོད་བཅས་རྒྱུན་འཁྱོངས་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་བདེ་བླག་ངང་མདུན་དུ་སྐྱོད་པར་ཁག་ཐེག་བྱེད་དགོས།

2022ལོའི་ཟླ8པའི་ཚེས16ཉིན་ཏེ་སྟོན་འགོ་མའི་དུས་སུ།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སླར་ཡང་བྱང་ཤར་དུ་རྟོག་ཞིབ་གནང་བར་ཕེབས་པ་དང་། ས་ཚུགས་དང་པོ་ཅིན་ཀྲིག་གྲོང་ཁྱེར་དུ་གནས་པའི་ལེའོ་ཧྲེན་གཡུལ་འགྱེད་དྲན་གསོ་ཁང་དུ་ཕེབས་པ་རེད།

དྲན་གསོ་ཁང་དུ། རྒྱལ་ཁ་ཕུ་ཐག་ཆོད་པའི་ལེ་དབར་སྟོང་གི་གློག་རྡུལ་ཡིག་ཆ་རེ་དང་དང་ཐལ་རྡུལ་གྱིས་ཁེངས་པའི་པར་རིས་རེ་རེ་ལས། ལོ་ངོ་བདུན་ཅུ་ལྷག་སྔོན་གྱི་བཅིངས་འགྲོལ་དམག་འཁྲུག་གི“ཐག་གཅོད་དམག་འཐབ་ཆེན་མོའི”ངོ་མཚར་ཆེ་བའི་རྣམ་པ་སླར་ཡང་མངོན་ཡོད།

“ལིའོ་ཧྲེན་གཡུལ་འགྱེད་ནི་ལས་དབང་ཐག་གཅོད་པའི་གཡུལ་འཐབ་ཅིག་ཡིན། ཅིན་ཀྲིག་བླངས་རྗེས། ང་ཚོས་གནས་དེ་རུ་ཇི་འདྲའི་ཛ་དྲག་ཆེ་ཞིང་དཔའ་ངར་ལྡན་པའི་འཐབ་འཛིང་བྱས་ཡོད་ཨང་།” འདས་པའི་ལོ་རྒྱུས་ལ་ཕྱིར་དྲན་བྱེད་སྐབས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཚོར་མྱོང་ཚོར་ཟབ་མོ་སྐྱེས།

རླབས་ཆེན་གྱི་རྒྱལ་ཁ་ནི་ཤི་གསོན་ཆགས་འཇིག་གི་ཚོད་བགམ་ཆེན་པོ་ཞིག་ཡིན་ལ། རླབས་ཆེན་གྱི་བྱ་བཞག་ནི་དཀའ་ཉེན་སྣ་ཚོགས་ཀྱི་ཁྲོད་དུ་ཐོབ་པའི་གྲུབ་འབྲས་ཤིག་ཡིན།

ལོ་ངོ་བཅུའི་སྔོན་ལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུའི་འཆར་ཟིན་ལ་འགོ་འཛིན་མཛད་སྐབས། བློ་མཐུན་ཞི་ཅིན་ཕིང་གིས་ཆོད་གཏམ་གལ་ཆེན་ཞིག་འབྲི་རྒྱུའི་འདོད་ཚུལ་གསལ་བོར་བཏོན་པ་སྟེ། “ངེས་པར་དུ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་འཐབ་རྩོད་སྤེལ་བར་གྲ་སྒྲིག་བྱ་དགོས།”

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། རང་རྒྱལ་གྱི་འཕེལ་རྒྱས་དེ་ཉེན་ཁ་དང་འགྲན་སློང་སྣ་ཚོགས་རྒྱུན་མི་ཆད་པར་གསོག་འཇོག་དང་ཐ་ན་གཅིག་བསྡུས་སྒོས་མངོན་པའི་དུས་སྐབས་སུ་སླེབས་ཡོད། ང་ཚོར་འཕྲད་པའི་ཉེན་ཁ་དང་འགྲན་སློང་ནི་སྐབས་རེར་ཐ་ན་འཇིགས་རུང་གི་རྦ་རླབས་ལྟ་བུ་དང་། ཉེན་ཁ་དང་འགྲན་སློང་སྣ་ཚོགས་གཅིག་རྗེས་གཉིས་མཐུད་དུ་ཐོན་པའི་རྙོག་འཛིང་རང་བཞིན་ནི་སྔར་བྱུང་མྱོང་མེད་པ་ཞིག་རེད།

བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རླབས་ཆེན་ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཞུམ་མེད་ཀྱི་བློ་སྟོབས་དང་ཆབ་སྲིད་ཀྱི་བློ་གྲོས་ལ་བརྟེན་ནས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ་ཡིད་ཆེས་བརྟན་པོ་དང་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ་དང་། གཅིག་རྗེས་གཉིས་མཐུད་ངང་དམག་འཐབ་བརྒྱབ་ནས། སྔོན་དཔག་ཐུབ་པ་དང་སྔོན་དཔག་དཀའ་བའི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་འཕེལ་རིམ་ལ་འགོར་འགྱངས་མི་བྱེད་པ་དང་མཚམས་མི་འཇོག་པར་ཁག་ཐེག་བྱེད་དགོས།

སྨན་བཅོས་མི་སྣས་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་ལུས་རྩལ་ལྟེ་གནས་ཀྱི་སྒྲོམ་ཚང་སྨན་ཁང་མདུན་དུ་མཐེ་བོང་བསྒྲེངས་ནས་རང་ཉིད་དང་རོགས་པ་ཚོར་སྐུལ་མ་གཏོང་བཞིན་པ།(2020ལོའི་ཟླ2པའི་ཚེས12ཉིན།) ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཞིའོ་དབྱི་ཅིག

2020སྟེ་ལྕགས་བྱི་ལོའི་དུས་སུ།  དུས་རབས་ཀྱི་རིམས་ནད་གློ་བུར་དུ་ཐོན།

འདི་ནི་ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང། རང་རྒྱལ་ལ་འཕྲད་པའི་ཁྱབ་ཚད་ཆེས་ མགྱོགས་ཤོས་དང་། འགོས་ཁྱབ་རྒྱ་ཆེ་ཤོས། སྔོན་འགོག་དང་ཚོད་འཛིན་བྱེད་དཀའ་ཤོས་བཅས་ཀྱི་གློ་བུར་དུ་བྱུང་བའི་སྤྱི་པའི་འཕྲོད་བསྟེན་གྱི་དོན་རྐྱེན་གལ་ཆེན་ཞིག་རེད།

ཝུའུ་ཧན་དང་ཧུའུ་པེའི་ཛ་དྲག་གི་གནས་ཚུལ་གྱིས་རྒྱལ་ཡོངས་ཀྱི་གནས་བབས་ཛ་དྲག་ཏུ་ཕྱིན་ཡོད།  གནོན་ཤུགས་ཆེ་བའི་ཉེན་ཁའི་དུས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བློ་བརྟན་འགྱུར་མེད་དང་། དཔའ་ངར་ཞུམ་མེད། ཚན་རིག་དང་མཐུན་པའི་སྒོ་ནས་ཁ་གཏད་འཇལ་བ་བཅས་བྱས་ཏེ། སེམས་ཐག་གཙང་བཅད་ཀྱིས་ཝུའུ་ཧན་དང་ཧུའུ་པེའི་བགྲོད་ལམ་བཀག་སྡོམ་གྱི་འགག་རྩའི་ཐབས་ཇུས་གཏན་འཁེལ་བྱས་པ་དང་། རྒྱལ་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་གཞི་ཁྱོན་ཆེ་བའི་ཚེ་སྲོག་རོགས་སྐྱོབ་ཆེན་མོ་ལག་བསྟར་བྱེད་དགོས་པའི་བཀའ་རྒྱ་བཏང་། ཏང་སྲིད་དམག་དམངས་སློབ་གྲྭ་དང་ཤར་ལྷོ་ནུབ་བྱང་དབུས་བཅས་ཀྱི་རིམས་ནད་འགོག་བཅོས་ལ་བཀོད་འདོམས་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བར་སྤྱི་འདོམས་བྱེད་དགོས་པའི་འབོད་སྐུལ་གནང་བ་རེད།

“མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ”རྒྱུན་འཁྱོངས་བྱས་ཏེ། བཙས་མ་ཐག་པའི་བྱིས་པ་རློན་ནུ་ནས་ལོ་བརྒྱ་ལོན་པའི་བགྲེས་སོང་གི་བར། ཚེ་སྲོག་རེ་རེར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་ཐུབ་པ་བྱས་ནས། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་པོ་བདེ་ཐང་ཡོང་རྒྱུར་ཚད་མཐོའི་སྲུང་སྐྱོང་བྱེད་དགོས། “རིམས་ནད་འགོག་ཐུབ་པ་དང་། དཔལ་འབྱོར་བརྟན་པོ་ཡོང་བ། འཕེལ་རྒྱས་བདེ་འཇགས་ཡོང་བར་བྱེད་པ”བཅས་རྒྱུན་འཁྱོངས་བྱས་ནས། དཔལ་འབྱོར་འཕེལ་རྒྱས་དང་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུར་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ་འཛམ་གླིང་སྟེང་གྲུབ་འབྲས་བཟང་བོ་ཐོབ་པར་བྱ་དགོས།

ཕྱི་འདང་མི་རྒྱག་པར་རྒྱལ་ཁབ་ཀྱི་དོན་དུ་རྒྱུན་དུ་བྱ་བ་བསྒྲུབ་དགོས།

2018ལོའི་ཟླ་དང་པོར། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་འགོ་རྩོམ་མཛད་སྒོའི་སྟེང་། ཏང་ནང་ཁུལ་གྱི“འགག་རྩའི་ཉུང་ཤས”ལ་ཁ་གཏད་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུགས་ཐེངས་གཅིག་གིས་ཕྱོགས་བརྒྱད་ཐད་ཀྱི་ཞིབ་ཕྲའི་ཉེན་ཁ་བཅུ་དྲུག་རེ་རེ་བཞིན་དཔེར་དྲངས་ཤིང་། དེའི་ནང་ཏང་ཡོངས་ལ“སར་སི་གློ་ཚད་དང་འདྲ་བའི་འགོས་ནད་ཚབས་ཆེན་ལའང་དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་ནན་མོ་དང་འགོག་སྲུང་དམ་པོ་བྱེད་དགོས”ཞེས་བསླབ་བྱ་གནང་བ་རེད།

2019ལོའི་ཟླ་དང་པོར། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིང་ཆེན་དང་པུའུ་རིམ་པའི་འཛིན་གྲྭས“མཐའ་ཚད་ཀྱི་བསམ་གཞིག་རྒྱུན་འཁྱོངས་བྱས་ཏེ། ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་ཐབས་ནུས་ལྡན་བྱེད་དགོས”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆབ་སྲིད་དང་། འདུ་ཤེས་འཛིན་སྟངས། དཔལ་འབྱོར། ཚན་རྩལ། སྤྱི་ཚོགས། ཕྱི་ཕྱོགས་ཁོར་ཡུག ཏང་གི་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་ཉེན་ཁ་ཆེན་པོར་སྔར་བས་དབྱེ་ཞིབ་གཏིང་ཟབ་དང་བླང་བྱ་གསལ་བོ་གནང་ཡོད།

“འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ། སེམས་ཁྲལ་གྱི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ། བདེ་སྡོད་ཉེན་སེལ་བཅས་བྱ་རྒྱུ་ནི་རང་རེའི་ཏང་གིས་རྒྱལ་སྐྱོང་སྲིད་འཛིན་བྱེད་པའི་རྩ་དོན་གལ་ཆེན་ཞིག་རེད།”

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སེམས་ཁྲལ་གྱི་འདུ་ཤེས་ཟབ་མོ་དང་འཐབ་ཇུས་ཀྱི་མིག་རྒྱང་རིང་པོའི་ཐོག་ནས་གསར་སྐྲུན་རང་བཞིན་ངང་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བཏོན་ནས། བདེ་འཇགས་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱས་ཡོད།

2021ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་གནས་སུ་རྟོག་ཞིབ་གནང་སྐབས། ཐེངས་གཉིས་ལ་“གནས་སྐབས་རླངས་འཁོར་བཞག་པས” མི་རྣམས་ལ་བག་ཆགས་ཟབ་མོ་བཞག

ཟླ་ལྔ་པར། ཧི་ནན་ནན་དབྱང་དུ་རླངས་འཁོར་ལས་བབས་ཏེ་གྲོ་ཞིང་ཞིག་ཏུ་གྲོ་སྐྱེ་ཚུལ་ལ་ལྟ་ཞིབ་བྱེད་པར་བསྐྱོད། ཟླ་དགུ་བར་ཧྲའན་ཞིས་ཡུས་ལིན་གྱི་ཞིང་ནང་དུ་འབྲས་དང་། མ་རྨོས་ལོ་ཏོག་སོགས་ཀྱི་སྐྱེ་སྟོབས་ཧ་ཅང་བཟང་།

བང་མཛོད་ནང་དུ་འབྲུ་རིགས་ཡོད། གནམ་འོག་བདེ་ལ་འགོད།

“འཛམ་གླིང་ཐོག་སྟོབས་དང་ལྡན་པའི་རྒྱལ་ཁབ་དང་ཉམས་ཞན་རྒྱལ་ཁབ་ཚང་མར་རང་ཉིད་ཀྱི་ཟ་མའི་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་ཡོད”ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་འབྲུ་རིགས་བདེ་འཇགས་དེ་རྒྱལ་སྐྱོང་སྲིད་འཛིན་གྱི་དོན་ཆེན་ཨང་དང་པོར་བརྩི་བཞིན་ཡོད།

འབྲུ་རིགས་བདེ་འཇགས་དམ་འཛིན་བྱེད་པ་ནས་ནུས་ཁུངས་བདེ་འཇགས་དམ་འཛིན་བྱེད་པ་དང་། ཐོན་ལས་སྦྲེལ་ཐག་བརྟན་པོ་ཡོང་བར་ཁག་ཐེག་བྱེད་པ་ནས་དངུལ་རྩའི་ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་ཐབས་བྱེད་པའི་བར་དུ། ཐོག་མཐའ་བར་གསུམ་དུ་སྔོན་ལ་བྱ་སྤྱོད་སྤེལ་བ་དང་། རང་འགུལ་ངང་དམག་འཐབ་རྒྱག་པ། འཕེལ་རྒྱས་དང་བདེ་འཇགས་ཀྱི་དོན་ཆེན་གཉིས་ལེགས་པར་སྒྲུབ་པ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ཡོང་བར་སྐུལ་འདེད་གཏོང་དགོས།

འཕོ་འགྱུར་ཆེན་པོའི་ཁྲོད། “ཟིང་ཆ་བྱུང་ཡང་འཚབ་འཚུབ་མེད་པའི”འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ་དང་། སྟག་ཐད་ནས་བུད་དུས་ཐོང་ཁའི་འཛིན་པའི་དཔའ་སྤོབས་མངོན་དགོས།

འཛུགས་སྐྲུན་རང་བཞིན་གྱི་རྣམ་འགྱུར་བཟུང་ནས་དཔལ་འབྱོར་ཉོ་ཚོང་གྲོས་མོལ་བྱས། འགན་འཁྲི་འཁུར་བའི་བློ་རྒྱ་བཅངས་ནས་ཀྲུང་གོ་དང་ཨ་མེ་རི་ཁའི་འགོ་གཙོའི་བར་ཐད་ཀར་གླེང་མོལ་བྱས་པ་དང་། དགོས་ངེས་ཀྱི་ངོ་རྒོལ་བྱེད་ཐབས་སྤྱད་ལ། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ནས་རང་ཉིད་ཀྱི་བྱ་བ་ཡག་པོ་བསྒྲུབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ་ལོག་ཆོས་མི་སྤེལ་བ། གདོན་བགེགས་ལ་མི་འཇིག་པའི་སྙིང་སྟོབས་དར་སྤེལ་བཏང་ནས། ཕྱི་ཕྱོགས་ཀྱི་གནོན་ཤུགས་མཐའ་གཅིག་ཏུ་བཀག་འགོག་བྱས་ཏེ། ཁུངས་ལུང་ཡོད་པའི་སྒོ་ནས་འཐབ་རྩོད་བྱས་པས་རྒྱལ་ཁབ་དང་མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱས་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བརྩི་འཇོག་དང་གུས་བཀུར་ཡང་ཐོབ་པ་རེད།

ཉེན་ཁ་འགོག་ཟོན་གྱི་སྔ་ལག་ཡོད་ལ། ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་འཇལ་བ་དང་འདུམ་སེལ་བྱེད་པའི་ཐབས་ལམ་ཡང་ཡོད།

2022ལོའི་ཟླ7པའི་ཚེས1ཉིན། ཞང་ཀང་འགྲེམས་ཚོགས་ལྟེ་གནས་ཀྱི་གློག་འོད་ཆེམ་ཆེམ་དུ་འཕྲོ། “འདི་འདྲའི་ལམ་ལུགས་བཟང་པོའི་རིགས་ལ་འགྱུར་བ་གཏོང་བའི་རྒྱུ་མཚན་གང་ཡང་མེད་པས་ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས།” ཞང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ25འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་དྲུག་པའི་སྲིད་གཞུང་གི་འགན་བཞེས་མཛད་སྒོའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”འདི་ལྟར་གསུངས་པ་དང་། གསུངས་མཚམས་བཞག་མ་ཐག་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁེངས།

དུས་སྐབས་ཤིག་གི་རིང་ལ། ཕྱི་ནང་གཉིས་ཀྱི་རྙོག་འཛིང་ཆེ་བའི་རྒྱུ་རྐྱེན་སྣ་ཚོགས་ཀྱི་ཤུགས་རྐྱེན་ཐེབས་ལ། “ཀྲུང་གོར་རྒོལ་བ་དང་ཞང་ཀང་ལ་ཟིང་ཆ་སློང་བའི”བྱ་སྤྱོད་མི་ལེགས་པ་སྤེལ་བས། དུས་སྐབས་ཤིག་ལ་ཞང་ཀང་གི་གནས་བབ་ཛ་དྲག་ཆེ་བའི་གནས་སུ་ལྷུང་།

ཞང་ཀང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ཞང་ཀང་གི་བདེ་འཇགས་བཅའ་ཁྲིམས་གཏན་འབེབས་དང་ལག་བསྟར་བྱེད་པ། འདེམས་བསྐོའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། “རྒྱལ་གཅེས་པས་ཞང་ཀང་སྐྱོང་བ”བཅས་ཀྱི་རྩ་དོན་དོན་འཁྱོལ་བྱེད་པར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དུས་དཔག་བབ་བསྟུན་བྱས་ལ། གཞི་རྩའི་བྱ་བ་དང་ཡུན་རིང་ལ་འབྲེལ་བ་ཡོད་པའི་བྱེད་ཐབས་རབ་དང་རིམ་པ་བཏོན་ནས། ཞང་ཀང་གི་དུས་བབ་ཟང་ཟིང་ནས་བཅོས་སྐྱོང་བྱེད་པའི་བར་གྱི་འཕོ་འགྱུར་གལ་ཆེན་དེ་བཅོས་སྒྲིག་དང་དར་རྒྱས་གཏོང་བའི་གནད་འགག་གི་དུས་སྐབས་སུ་སླེབས་པར་བྱས།

བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་འཇལ་བའི་འཐབ་ཇུས་ཀྱི་རང་འགུལ་དམ་འཛིན་བྱས་ནས། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པོ་བྱས་ཏེ། ཞུམ་མེད་ཀྱི་འཐབ་རྩོད་ལ་བརྟེན་ནས་ལས་དོན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་ཡོད།

རྒྱལ་ཁབ་སྟོབས་ཆེར་གཏོང་བར་ངེས་པར་དུ་དམག་དཔུང་སྟོབས་ལྡན་དུ་གཏོང་དགོས་པ་དང་། དམག་དཔུང་སྟོབས་ཆེར་བཏང་ཚེ་གཞི་ནས་རྒྱལ་ཁབ་བདེ་ལ་འགོད་ཐུབ། ཉེན་ཁ་དང་འགྲན་སློང་གི་མདུན་དུ་མི་དམངས་དམག་དཔུང་ནི་ཐོག་མཐའ་བར་གསུམ་དུ་ཞི་བདེ་སྲུང་སྐྱོབ་དང་བདེ་འཇགས་སྲུང་སྐྱོང་བྱེད་པའི་ལྕགས་རི་ལྟ་བུ་ཡིན།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ།  ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་བསམ་བློའི་ཁྲིད་སྟོན་འོག རང་རེའི་ཏང་གིས་དམག་འཐབ་ནུས་པ་ཞེས་པའི་རྩ་བའི་ཚད་གཞི་དེ་དམ་པོར་བཟུང་ནས། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་དང་། བཅོས་སྒྱུར་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བྱེད་པ་བཅས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ་དང་། མི་དམངས་དམག་དཔུང་གི་སྒྲིག་སྲོལ་གསར་པ་དང་གྲུབ་ཆ་གསར་པ། རྣམ་པ་གསར་པ། རྣམ་པ་གསར་རྐྱང་བཅས་སུ་གྱུར་ནས། སྤྱི་ཡོངས་རང་བཞིན་དང་གསར་བརྗེའི་རང་བཞིན་བསྐྱར་སྐྲུན་བྱས་ཏེ། ནུས་པ་སྔར་ལས་ཆེ་བ་དང་སྔར་ལས་བློས་འགེལ་ཆོག་པའི་བྱ་ཐབས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱས།

“ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་སྐྲུན་མཁན་གྱི་སྲིད་ཏང་ཞིག་ཡིན་ལ། མིའི་རིགས་ཡར་ཐོན་གྱི་བྱ་གཞག་ཆེད་འབད་འཐབ་བྱེད་མཁན་གྱི་སྲིད་ཏང་ཞིག་ཀྱང་ཡིན།”—རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་སྤྱི་འདོམས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་མོའི་ཕྱི་འབྲེལ་གྱི་རྣམ་པ་གསར་པ་བཏོད་དེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་དང་། སྔར་ལས་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་བསྐྲུན་ཆེད་ལེགས་སྐྱེས་གསར་པ་སྔར་ལས་ཆེ་བ་འབུལ་དགོས།

2022ལོའི་ཟླ9པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སླར་ཡང་ཨེ་ཤེ་ཡ་དབུས་མའི་ས་གཞི་ཆེན་མོར་ཕེབས་པ་རེད།

ཧྲང་ཧའེ་མཉམ་ལས་རྩ་འཛུགས་ས་མའར་ཧན་མཐོ་རིམ་གྲོས་ཚོགས་ལ་ཞུགས་མཁན་རྒྱལ་ཁབ་མང་པོའི་འགོ་ཁྲིད་པ་མ་གྲོས་གཅིག་མཐུན་བྱུང་ནས་ཞི་ཅིན་ཕིང་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་སྐོར་གླེང་བ་དང་། ཧ་སག་སི་ཐན་གྱི་ཙུང་ཐུང་དང་ཝུའུ་ཙི་བྷེ་ཁི་སི་ཐན་གྱི་ཙུང་ཐུང་གིས་མ་གྲོས་གཅིག་མཐུན་གྱིས་རང་རྒྱལ་ཁབ་ཀྱི་གཟི་བརྗིད་གཟེངས་རྟགས་མཐོ་ཤོས་ཀྲུང་གོའི་འགོ་ཁྲིད་ལ་གནང་བ་རེད།

ལོ་ངོ་དགུ་ཡི་སྔོན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ན་ཀྲར་པ་ཡེ་ཧྥུའུ་སློབ་ཆེན་དུ་གཏམ་བཤད་གནང་ནས། “དར་གོས་ལམ་བུའི་དཔལ་འབྱོར་ཁུལ”མཉམ་སྐྲུན་བྱ་རྒྱུའི་གྲོས་འགོ་ཐོག་མར་བཏོན་པ་རེད།

ལོ་ངོ་འགའི་རིང་ལ། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་བསྟུད་མར་ཀྲུང་གོ་རུ་ཚོགས་པ་དང་། ཚོགས་ཞུགས་རྒྱལ་ཁབ་སོ་སོའི་འགོ་ཁྲིད་མི་སྣ་གཅིག་རྗེས་གཉིས་མཐུད་དུ་ཐོན་པ་དང་། ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེན་མོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཁུལ་རེ་རེ་བཞིན་བསྐྲུན་ནས། ཀྲུང་གོ་དང་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར་ཕར་འགྲོ་ཚུར་འོང་བྱེད་པའི་དུས་སུ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ནི“མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་བློ་སྟོབས་ཆེ་ཤོས་ཀྱི་དཔལ་འབྱོར་ཚོང་དོན་གཞི་གཅིག་ཅན་གྱི་འཆར་གཞི”རེད་ཅེས་བསྔགས་བརྗོད་བྱས་པ་རེད།

2016ལོའི་ཟླ2པའི་ཚེས27ཉིན། ཝུའུ་ཙི་བྷེ་ཁི་སི་ཐན་ཨན་ཀེ་ལེན-ཕ་ཕུའུ་ལྕགས་ལམ་ཁ་མུའུ་ཆི་ཁེའི་ཕུག་ལམ་ཁྱོན་ཡོངས་ནས་ཤར་གཏོང་བྱས། འདི་ནི་ཆེད་སྤྱོད་མེ་འཁོར་ཞིག་ཕུག་ལམ་གྱི་འཛུལ་སྒོ་རུ་བསྡད་ཡོད་པ། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཧྲ་ཏ་ཐིས།

ད་ལྟ། ཀྲུང་གོ་དང་ལམ་རྒྱུད་རྒྱལ་ཁབ་ཀྱི་དངོས་ཟོག་ཉོ་ཚོང་བསྡོམས་འབོར་ཨ་སྒོར་ཁྲག་ཁྲིག་ཆེན་མོ་གཅིག་ཁྲག་ཁྲིག་གཉིས་ཙམ་ཟིན་ཞིང་། རྒྱལ་ཁབ149དང་རྒྱལ་སྤྱིའི་རྩ་འཛུགས32དང་མཉམ་ལས་ཀྱི་ཡིག་ཆ200ལྷག་ཙམ་ལ་མིང་རྟགས་བཀོད།

ད་ལྟ། “རྒྱུད་གཅིག་ལམ་གཅིག”ལས་ཧ་སག་སི་ཐན་གྱི་གྲོ་ཨེ་ཤེ་ཡ་ཤར་ལྷོའི་བར་བཙོངས་པ་དང་། ཝུའུ་ཙི་བྷེ་ཁི་སི་ཐན་ཨན་ཀེ་ལན་ཕ་ཕུའུ་ལྕགས་ལམ་གྱི་ཕུག་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དང་། ཀེ་རི་སེའི་པི་ལེ་ཨེ་ཕུའུ་སི་གྲུ་ཁར་སླར་ཡང་སྐྱེ་སྟོབས་འཕེལ་བ། ཕ་ཁི་སི་ཐན་གྱི་མང་ཚོགས་སྔར་ལས་མང་པས་དབྱར་དུས་སུ་གློག་སྒུལ་རླུང་གཡབ་སྤྱོད་པ། སེ་ནེ་ཀལ་གྱི་ཐན་པ་ཆེ་བའི་ས་ཁུལ་གྱི་སྡོད་དམངས་ལ་དྭངས་གཙང་གི་ཆུ་འཐུང་རྒྱུ་ཡོད་པ་སོགས་རེད།

ལོ་རྒྱུས་དངོས་ནས་བྱུང་བའི་ཀྲུང་གོས་བཏོན་པའི་གྲོས་འགོའི་ནང་། ཀྲུང་གོ་དང་འཛམ་གླིང་མཉམ་འདྲེས་འཕེལ་རྒྱས་འགྲོ་བའི་ཁྲོད། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་མཛེས་སྡུག་ལྡན་པའི་སྙན་ངག་རྒྱུན་མི་ཆད་པར་བརྩམས།

འདི་ནི་ཀེ་རི་སེའི་པི་ལེ་ཨེ་ཧྥུ་སི་གྲུ་ཁའི་དོས་སྒམ་ཨང་གསུམ་པའི་གྲུ་ཁ་རེད།(2022ལོའི་ཟླ2པའི་ཚེས19ཉིན།)ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ།(ཀྲུང་ཡོན་མཚོ་ཐོག་སྐྱེལ་འདྲེན་གྲུ་ཁ་པི་ལེ་ཨེ་ཧྥུ་སི་གྲུ་ཁ་ཚད་ཡོད་ཀུང་སིས་འདྲ་པར་འདོན་སྤྲོད་བྱས།)

གོ་ལ་ཧྲིལ་པོར་མིག་རྒྱང་རིང་པོས་བལྟས་ཚེ། ལོ་བརྒྱའི་འཕོ་འགྱུར་དང་ཡང་དང་བསྐྱར་དུ་མཆེད་པའི་རིམས་ནད་ཀྱི་གནས་ཚུལ། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ལ་འབོད་སྒྲ་ཆེན་པོ་སྒྲོག་བཞིན་ཡོད་པ་དང་། འཇམ་འཐབ་ཀྱི་བསམ་བློའི་ཐད་བཙན་དབང་ཆབ་སྲིད་ཀྱི་རྣམ་ཤེས་ཡལ་མེད་པ། རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་སྣེ་མང་རྙོག་འཛིང་ཆེ་བ་སོགས་འཛམ་གླིང་འདི་ཉིད་ཟང་ཟིང་གི་འཕོ་འགྱུར་གསར་པའི་དུས་སྐབས་སུ་སླེབས་ནས་མིའི་རིགས་བཞི་མདོ་གསར་པའི་ཐོག་འགྲེང་ཡོད། འཛམ་གླིང་ག་རེ་བྱས་སོང་། ང་ཚོས་གང་འདྲ་བྱེད་དགོས། འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱུན་དུ་བསམ་གཞིགས་བྱེད་པའི་གནད་དོན་ཞིག་རེད།

“མིའི་རིགས་ཀྱིས་སའི་གོ་ལ་གཅིག་གི་སྟེང་འཚོ་བ་རོལ་གྱིན་ཡོད། ལོ་རྒྱུས་དང་དངོས་ཡོད་འབྲེལ་མཚམས་ཀྱི་ཡུལ་དུས་གཅིག་གི་ནང་འཚོ་བ་རོལ་བཞིན་ཡོད་པས་ལས་དབང་གཅིག་མཐུན་ཚོགས་པ་ཞིག་གྲུབ་ཡོད།” 2013ལོའི་ཟླ3པར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཕྱི་རྒྱལ་དུ་འཚམས་འདྲི་གནང་བར་ཐེངས་དང་པོ་ཕེབས་པ་དང་། མོ་སི་ཁོའི་རྒྱལ་སྤྱིའི་འབྲེལ་བའི་སློབ་གླིང་དུ་གཏམ་བཤད་གནང་ནས་ཆོད་གཏམ་གལ་ཆེན་གནང་བ་རེད།

ལོ་ངོ་བཅུ་ཡི་རིང་ལ། ཉིག་ཡོ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་དང་རི་ནེ་ཝའི་བན་ཀའོ་ཕོ་བྲང་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་ནང་དོན་དང་དམིགས་འབེན་ལམ་བུར་བརྒྱུད་རིམ་ལྡན་པའི་ངང་རྒྱས་བཤད་གནང་བ་དང་། ཀྲུང་གོ་མི་དམངས་དང་འཛམ་གླིང་མི་དམངས་ཀྱི་ཐུན་མོང་ཁེ་ཕན་ལ་དམིགས་ཏེ། དུས་རབས་ཀྱི་རླབས་རྒྱུན་དང་མིའི་རིགས་ཀྱི་མདུན་སྐྱོད་ཁ་ཕྱོགས་ལ་སྣེ་ཁྲིད་བྱེད་པའི་དར་ཆ་གསལ་སྟོན་གནང་།

ལོ་ངོ་བཅུ་ཡི་རིང་ལ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་འགོ་གཙོའི་བསྒྲགས་གཏམ་སོགས་རྒྱལ་སྤྱིའི་ཡིག་ཆ་རབ་དང་རིམ་པའི་ནང་བཅུག་པ་དང་། ཀྲུང་གོ་དང་འཛམ་གླིང་དབར་གྱི་བརྗེ་རེས་དམ་ཟབ་ཁྲོད་ཉིན་བཞིན་རྒྱ་ཁྱབ་ཏུ་འགྲོ་བའི་རྒྱལ་སྤྱིའི་ཐུན་མོང་ངོས་འཛིན་གཅིག་ཏུ་བསྡུས་ནས། ཉིན་རེ་བཞིན་སྟོབས་ཆེར་འགྲོ་བའི་གོ་ལ་ཧྲིལ་པོའི་མཉམ་ཤུགས་གཅིག་ཏུ་བསྡུས།

པེ་ཅིང་ནས་ཆས་ཏེ་རི་རབ་དང་རྒྱ་མཚོ་བརྒལ་བའི་ལོ་ངོ་བཅུ་ཡི་རིང་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱིའི་རྒྱལ་ཁབ་ལ་འཚམས་འདྲི་ཐེངས་ཞེ་གཉིས་གནང་བ་དང་། གླིང་ཆེན་ལྔ་ཡི་རྒྱལ་ཁབ་རེ་དགུ་ལ་ཞབས་རྗེས་བཀོད་ཡོད། རྒྱལ་ནང་དུ་ཕྱི་འབྲེལ་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་འཚམས་འདྲིར་ཡོང་བའི་ཕྱི་རྒྱལ་གྱི་འགོ་གཙོ་དང་། སྲིད་གཞུང་གི་འགོ་གཙོ་བརྒྱ་ལྷག་ཙམ་ལ་སྣེ་ལེན་བྱས་པ་དང་། རིམས་ནད་ཀྱི་རྒྱབ་ལྗོངས་འོག་ཏུའང“སྤྲིན་རྩིས་ཕྱི་འབྲེལ”བརྒྱུད་དེ་རྒྱལ་སྤྱིའི་སྤྱི་ཚོགས་དང་འབྲེལ་གཏུག་དམ་ཟབ་བྱས་པ་རེད།

སྤྱི་ཡོངས་ནས་བརྟན་བརླིང་དང་དོ་མཉམ་ངང་འཕེལ་རྒྱས་ཡོང་བའི་རྒྱལ་ཁབ་ཆེན་པོའི་འབྲེལ་བའི་སྒྲོམ་གཞི་འཛུགས་པར་སྐུལ་འདེད་བཏང་། མཐའ་སྐོར་གྱི་རྒྱལ་ཁབ་ཁག་དང་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་བཏང་ནས། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་མཐུན་སྒྲིལ་མཉམ་ལས་གཏིང་ཟབ་ཏུ་བཏང་། ཞི་ཅིན་ཕིང་གི་ཕྱི་འབྲེལ་བསམ་བློའི་མཛུབ་ཁྲིད་འོག ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཕྱི་འབྲེལ་བཀོད་སྒྲིག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ། ཕྱི་འབྲེལ་འབྲེལ་བ་བཙུགས་པའི་རྒྱལ་ཁབ་བརྒྱ་དང་གྱ་གཅིག་བར་ཇེ་མང་དུ་སོང་བ། རོགས་ཟླའི་འབྲེལ་བ་བཙུགས་པའི་རྒྱལ་ཁབ་དང་ས་ཁུལ་གྱི་རྩ་འཛུགས110ལྷག་ཙམ་ཟིན་པ་དང་། རོགས་ཟླའི་འབྲེལ་བའི་དྲ་རྒྱ་གོ་ལ་ཧྲིལ་པོར་ཁྱབ་པ་རེད།

སྟོན་དུས་སུ། ཧྲང་ཧའེ་རུ་སྐབས་ལྔ་པའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་བཤམས་སྟོན་ཚོགས་འདུའི་གྲ་སྒྲིག་བྱ་བ་ཚ་ཚ་འུར་འུར་ངང་སྤེལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་ཇུས་འགོད་བྱས་པའི་གོ་ལ་ཧྲིལ་པོའི་ནང་འདྲེན་བརྗོད་དོན་གཙོ་བོ་ཡིན་པའི་རྒྱལ་ཁབ་རིམ་པའི་འགྲེམས་ཚོགས་ཐོག་མ་དེར་ཕྱི་ཕྱོགས་ཀྱིས་ཀྲུང་གོས་སྒོ་འབྱེད་བྱས་པའི་གསེར་གྱི་སྒོ་མོ་ཞེས་བརྗོད་ཀྱིན་ཡོད། འདས་ཟིན་པའི་ལོ་བཞི་ཡི་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་རེར་དངོས་མང་བཤམ་སྟོན་ཚོགས་འདུའི་འགོ་རྩོམ་མཛད་སྒོའི་ཐོག་གཙོ་དོན་གཏམ་བཤད་གནང་ནས། འཛམ་གླིང་ལ“ཀྲུང་གོའི་སྒོ་འབྱེད་ཀྱི་སྒོ་མོ་སྔར་ལས་ཇེ་ཆེར་འགྲོ་ངེས་པའི”བརྡ་རྟགས་དྲག་པོ་བརྒྱུད་སྤྲོད་བྱས།

ལོ་བསྟུད་ནས་སྒྲུབ་པའི་རྒྱལ་སྤྱིའི་དངོས་མང་བཤམ་སྟོན་ཚོགས་འདུ་དང་། ཀོང་ཀྲིག་ཉོ་ཚོང་ཚོགས་འདུ། གྱོན་གོས་ཉོ་ཚོང་ཚོགས་འདུ། དངོས་ཟོག་འགྲེམས་ཚོགས་བཅས་གཉེར་བ་དང་། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་ཉེར་གཅིག་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་བཏང་བ། སྤུས་ཚད་མཐོ་ལ་ཚད་གཞི་མཐོ་བའི་སྒོ་ནས་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་བསྐྲུན་པ། ཕྱི་རྒྱལ་ཚོང་པའི་མ་འཇོག་བཅའ་ཁྲིམས་ཁྱབ་བསྒྲགས་དང་ལག་བསྟར་བྱས་པ། ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད་གོ་ཆོད་པར་ལག་བསྟར་བྱས་པ་བཅས་རེད།

ཆུ་བོ་ཐམས་ཅད་རྒྱ་མཚོའི་ནང་དུ་འབབ་པའི་ཆགས་སྟངས་ཆེན་པོ་དེ་ལས། “འཛམ་གླིང་བདེ་ན་ཀྲུང་གོ་བདེ་ཐུབ་པ་དང་། ཀྲུང་གོ་བདེ་ན་འཛམ་གླིང་སྔར་ལས་བདེ་ཐུབ”ཅེས་པའི་གཏིང་ཟབ་ཀྱི་གཏན་ཚིགས་ལ་བརྟེན་དགོས། ཞུམ་མེད་ཀྱི་འགན་འཁྲི་ནི“མི་དམངས་ཀྱི་སེམས་པ་གཙོ་གནད་དུ་བཟུང་ནས། གནམ་འོག་གི་ཁེ་ཕན་སྒྲུབ་པའི”བརྩེ་སེམས་ཟབ་མོ་ལས་བྱུང་བ་ཞིག་རེད།

2016ལོའི་ཟླ9པར། ཧང་ཀྲིག་ཞི་ཧུའུ་མཚེའུའི་འགྲམ་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཉི་ཤུའི་ཚོགས་པའི་འགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ལ་མགོ་འཛིན་མཛད། འཕེལ་རྒྱས་ཀྱི་གནད་དོན་དེ་གོ་ལ་ཧྲིལ་པོའི་སྤྱི་ཁོག་སྲིད་ཇུས་སྒྲོམ་གཞིའི་འབུར་ཐོན་གྱི་གནས་བབ་ཐོག་ཐེངས་དང་པོ་བཞག་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་བྱ་སྤྱོད་འཆར་གཞི་གཏན་འབེབས་དང་དོན་འཁྱོལ་བྱེད་ཐེངས་དང་པོ་ཡིན་ཞིང་། ཐུན་མོང་གི་བྱ་སྤྱོད་ཐོག་ནས་ཨ་ཧྥེ་རི་ཁ་དང་དར་རྒྱས་འགྲོ་བཞིན་མེད་པའི་རྒྱལ་ཁབ་ཀྱི་བཟོ་ལས་ཅན་ལ་རྒྱབ་སྐྱོར་བྱེད་ཐེངས་དང་པོ་ཡིན་པ་སོགས། “ཐེངས་དང་པོ”རེ་རེ་བཞིན་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཕེལ་རིམ་ཁྲོད་མངོན་གསལ་དོད་པའི་ཀྲུང་གོའི་རྟགས་མཚན་བཀོད་ཡོད།

རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩའི་རྩ་འཛུགས་ཀྱི་སྐལ་གྲངས་བཅོས་སྒྱུར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ནས་། ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་དང་གསར་སྤེལ་དངུལ་ཁང་གསར་པ་འཛུགས་རྒྱུའི་གྲོས་འགོ་བཏོན་པ་དང་། དར་གོས་ལམ་བུའི་ཐེབས་རྩ་བཙུགས་པས་གོ་ལ་ཧྲིལ་པོའི་དངུལ་རྩའི་མ་ལག་བཅོས་སྒྱུར་ཁྲོད་ཀྱི་ཀྲུང་གོའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན། “2030ལོའི་སྔོན་ལ་ཐཱན་རྩེར་སོན་མངོན་འགྱུར་བྱ་རྒྱུ་དང་། 2060ལོའི་སྔོན་ལ་ཐཱན་སྙོམས་སྦྱོར་མངོན་འགྱུར་ཡོང་བ་བྱེད་པའི”ཁས་ལེན་ནམ་ཡང་ན་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གྱི་གཞི་ཁྱོན་ཆེས་ཆེ་བའི་གོ་ལ་ཧྲིལ་པོའི་ཛ་དྲག་གི་མི་ཆོས་རིང་ལུགས་ཀྱི་བྱ་སྤྱོད་སྤེལ་བ་གང་ཞིག་ཡིན་རུང་། ཀྲུང་གོས་བྱ་སྤྱོད་དངོས་ཀྱི་ཐོག་ནས་རྒྱལ་ཁབ་ཆེན་པོར་ལྡན་དགོས་པའི་རྣམ་པ་དང་འགན་འཁྲི་འཁུར་སེམས་མཚོན་པར་བྱས་ཡོད།

དེང་གི་འཛམ་གླིང་འདི་བདེ་འཇགས་མིན་ལ། ཟང་ཟིང་མཉམ་འདྲེས་ཀྱི་རྒྱལ་སྤྱིའི་ཁོར་ཡུག་ཁྲོད་ཀྲུང་གོས་སྲ་ཞིང་བརྟན་ལ། སྔོན་དཔག་ཐུབ་པ་བཅས་ཀྱི་རྣམ་པའི་ཐོག་ནས་འཛམ་གླིང་ལ་ཡིད་ཆེས་དང་སྟོབས་ཤུགས་སྦྱིན་ཡོད།

དར་ཆ་གསལ་སྟོན་གྱིས་སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་བསྐྲུན་རྒྱུར་སྐུལ་འདེད་བཏང་ནས། འཛམ་གླིང་ཐོག་ཉོ་ཚོང་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བའི་དར་ཆ་སྒྲེང་མཁན་ཆེ་ཤོས་སུ་གྱུར།

གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ་བཏོན་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དགའ་བསུ་ཆེན་པོ་བྱས།

འདྲ་མཉམ་དང་ཕན་ཚུན་དཔྱད་གཞིར་འཛིན་པ། སྐད་ཆ་བཤད་པ། ཁོང་ཡངས་བཅས་ཀྱི་ དཔལ་ཡོན་ལྟ་བ་དར་སྤེལ་གཏོང་བ་དང་། མིའི་རིགས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་བཏང་སྟེ་དཔལ་ཡོན་མི་འདྲ་བ་བརྗེ་རེས་དང་ཁ་བརྡ། འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་བཏང་།

སྤྱོད་པ་བཟང་པོ་ཡོད་ན་ཁྱིམ་མཚེས་བཟང་པོ་ཡོད་ངེས་རེད།

ད་ལྟ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་ཀྲུང་གོའི་འདུ་ཤེས་དང་ཀྲུང་གོའི་ཇུས་གཞི་རྒྱུན་ཆད་མེད་པར་གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་རྫས་སུ་འགྱུར་བཞིན་ཡོད།

ཕྱི་རྒྱལ་སྨྱན་བྱད་ཀྱིས་གདེང་འཇོག་བྱས་པར་གཞིགས་ན། ཀྲུང་གོས་བཏོན་པའི་རང་རྒྱལ་ཁབ་ཀྱི་ཁེ་ཕན་དང་ས་ཁུལ། གོ་ལ་ཧྲིལ་པོའི་ཁེ་ཕན་བལྟོས་བཅས་ཀྱིས་འབྲེལ་མཐུད་བྱེད་པའི་འདུ་ཤེས་དེ་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ནང་རྒྱ་ཁྱབ་ངང་དང་ལེན་བྱས་པ་དང་། འདུ་ཤེས་དེ་རིགས་བྱ་སྤྱོད་དངོས་ཀྱི་ཐོག་ནས་མིའི་རིགས་ཀྱིས་མདུན་ཕྱོགས་སུ་གོམ་པ་ཆེན་པོ་ཞིག་སྤོས་པ་རེད།

“ཀྲུང་གོའི་མི་དམངས་ཀྱིས་བློ་སྟོབས་ཆེར་སྐྱེད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་སྟོབས་ལྡན་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་སྐྱོད་བཞིན་ཡོད།”དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཏང་གི་ལྟེ་བའི་ལས་འགན་ཁོང་དུ་བརྟན་པོ་ཆུད་པ་དང་། བསམ་ཕྱོགས་གསར་པ་དང་། འཐབ་ཇུས་གསར་པ། བྱེད་ཐབས་གསར་པ་བཅས་ཇུས་འགོད་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་དུ་འགྱུར་བར་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་སྐུལ་འདེད་གཏོང་དགོས།

ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་རྒྱང་སྐྱོད་ལམ་བུའི་ཐོག ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་ཐེངས་རེ་རེ་ལས་སླར་ཡང་མདུན་སྐྱོད་བྱེད་པ་མཚོན་གྱིན་ཡོད།

ང་ཚོའི་ཏང་གིས་སྔ་མོ་ནས་བཟུང་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ100འཁོར་བའི་གལ་ཆེའི་དུས་སྐབས་སུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་གཙོ་གནད་ཞིབ་འཇུག་གིས་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ཁྱོན་ཡོངས་ནས་ཕྱོགས་སྡོམ་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།

2021ལོའི་ཟླ11པར་ཚོགས་པའི་ཐེངས་དེའི་ཚང་འཛོམས་གྲོས་ཚོགས་ཐོག ཏང་གི་ལོ་རྒྱུས་ཀྱི་གྲོས་ཆོད་ཐེངས་གསུམ་པར་གྲོས་འཆམ་བྱུང་བ་རེད། སྐབས་དེར། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་རྒྱལ་ཁའི་ངང་མངོན་འགྱུར་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱས་ཏེ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་འཇུག་བྱེད་པའི་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་བསྐྱོད་པ་རེད།

“འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པར་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་འཕེལ་རིམ་གྱི་མཆོང་སྐྱོད་ཆེན་པོ་ཞིག་རེད”ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྡར་ཤ་གསལ་པོ་བཅད་ཡོད།

དབུལ་ཐར་མཁྲེགས་གཏོར་བྱས་རྗེས་གྲོང་གསེབ་དར་རྒྱས་ཡོང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་དུ་སླེབས་རྗེས་མི་དམངས་ཡོངས་མཉམ་དུ་ཕྱུག་པོ་འགྱུར་རྒྱུར་སྐུལ་འདེད་བཏང་སྟེ། མཆོང་སྐྱོད་གསར་པས་མ་འོངས་པ་ཁྱབ་བསྒྲགས་བྱས།

བསྐྱར་དར་རྟགས་ཅན་གྱི་མེ་འཁོར་བོད་ལྗོངས་སྣང་རྫོང་ཁོངས་སུ་བསྐྱོད་བཞིན་པ།(2022ལོའི་ཟླ4པའི་ཚེས14ཉིན།)ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཅེ་ཀའོ།

གྲོང་གསེབ་དར་རྒྱས་གཏོང་རྒྱུ་དེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་མཐོ་ཚད་དུ་བཞག་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་རིགས་བསྐྱར་དར་དང་གྲོང་གསེབ་དར་སྤེལ་གཏོང་དགོས”ཞེས་ནན་བཤད་གནང་བ་དང་། “ཐོན་ལས་དར་སྤེལ་གཏོང་རྒྱུ་ནི་གྲོང་གསེབ་དར་རྒྱས་གཏོང་བའི་གལ་ཆེའི་ནང་གི་འགངས་ཆེན”དང“གྲོང་གསེབ་ཀྱི་རིག་གནས་དར་སྤེལ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས”སོགས་ཀྱི་འཐབ་ཇུས་བྱ་ཐབས་གནང་བས་རེ་བས་ཁེངས་པའི་ས་ཞིང་ལ་རེ་བ་སྔར་ལས་ཆེ་རུ་ཕྱིན་ཡོད།

“ཐུན་མོང་ཕྱུག་འགྱུར་གྱི་ལམ་བུའི་ཐོག་གཅིག་ཀྱང་རྗེས་ལུས་མི་རུང་།”  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མཉམ་དུ་ཕྱུག་པོར་འགྱུར་རྒྱུ་དེ་སྔར་ལས་གལ་འགངས་ཆེ་བའི་གནས་བབ་ཐོག་བཞག་ནས། “མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་རྒྱུར་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་མངོན་གསལ་ཐོབ་པ་བྱེད་དགོས”ཞེས་པ2035ལོར་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་རྒྱང་རིང་དམིགས་འབེན་ནང་བཅུག་ཡོད།

མིག་རྒྱང་རིང་པོ་ཡོད་ཚེ། གཞི་ནས་བརྟན་པོ་ཡིན་ལ་ལམ་ཐག་རིང་བོ་ཞིག་ཏུ་བསྐྱོད་ཐུབ།

“ཆུའི་དྲ་བ་བསྐྲུན་རྒྱུ་དེ་ནི་ཀྲུང་ཧྭ་མི་རིགས་ཀྱིས་ཆུ་བཅོས་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཁྲོད་དུས་རབས་གཞན་ཞིག་གི་རི་མོ་ཞིག་ཡིན་པས། ལོ་རྒྱུས་ཀྱི་དེབ་ཐེར་ནང་འགོད་ངེས་རེད།”

“ནུབ་རྒྱུད་དུ་སྟོང་བའི་ཆ་ཧ་ཅང་ཆེ་བས། རྗེས་ཕྱོགས་དེར་ཁ་གསབ་བྱས་ཏེ། མཛེས་སྡུག་གི་ཀྲུང་གོའི་འགྲིམ་འགྲུལ་ལ་ཐིག་རིས་སྔར་ལས་ཡག་པོ་འབྲི་དགོས།”

རྒྱལ་ཁབ་ཆུའི་དྲ་བ་ནས་ནུབ་རྒྱུད་མཐའ་མཚམས་ལྕགས་ལམ་དྲ་བའི་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་ངོ་སྟོང་ཕྲག་རིང་གི་རླབས་ཆེའི་བྱ་གཞག་ལ་དམིགས་ནས་གལ་ཆེའི་བཟོ་སྐྲུན་ཇུས་འགོད་གནང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱ་ཆེད་རྨང་གཞི་བརྟན་པོ་བཏིང་བ་རེད།

2022ལོར་སླེབས་སྐབས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་པའི་འགག་རྩའི་དུས་སྐབས་སུ་སླེབས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་ཐོག“ངེས་པར་དུ་བརྒྱུད་དགོས་པའི་ལམ་བུ་ལྔའི”ཆོད་གཏམ་གལ་ཆེན་ཐོག་མར་བཏོན་ནས། རང་རྒྱལ་གྱི་འཕེལ་རྒྱས་ལ་སྔར་བཞིན་ལྡན་པའི“འཐབ་ཇུས་རང་བཞིན་གྱི་མཐུན་རྐྱེན་ལྔ”རྒྱས་བཤད་གནང་བ་དང་། དུས་རབས་གསར་པའི་ནང་ང་ཚོས་གྲུབ་འབྲས་ཐོབ་པའི་རྒྱུ་མཚན་དང་རྗེས་ཕྱོགས་ང་ཚོས་ཇི་ལྟར་བྱས་ཏེ་མུ་མཐུད་གྲུབ་འབྲས་ཐོབ་མིན་གསལ་སྟོན་གཏིང་ཟབ་གནང་བ་རེད།

དེའི་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྟག་ཞིབ་གཏིང་ཟབ་གནང་ནས་བསམ་ཕྱོགས་གསར་པ་དང་། འཐབ་ཇུས་གསར་པ། བྱ་ཐབས་གསར་པ་བཅས་ཇུས་འགོད་གནང་བ་རེད།

ཟླ4པར། ཧའེ་ནན་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་རང་མོས་ཚོང་དོན་གྲུ་ཁ་བསྐྲུན་པ་ནས་ཡཱང་ཕུའུ་དཔལ་འབྱོར་གསར་སྤེལ་ཁུལ་བསྐྲུན་པའི་བར། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་ལས་འགན་གལ་ཆེན་ལ་དམ་འཛིན་ཡག་པོ་བྱེད་དགོས་པའི་ནན་བཤད་ཡང་ཡང་གནང་།

ཟླ6པར། སི་ཁྲོན་དང་ཧུའུ་པེ་ཡི་གསར་གཏོད་རྣམ་པའི་ཁེ་ལས་བཅས་སུ་བསྐྱོད་དེ། “རང་རྒྱལ་འཕེལ་རྒྱས་ཀྱི་རང་ཚུགས་རང་བཞིན་དང་། རང་བདག་རང་བཞིན། བདེ་འཇགས་རང་བཞིན་བཅས་རྒྱུན་མི་ཆད་པར་ཆེ་རུ་བཏང་ནས། ལག་རྩལ་གསར་པ་དང་ཐོན་ལས་གསར་པ་སྔར་ལས་མང་པོ་ཐོན་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྱབ་ཁོངས་གསར་པ་དང་འགྲན་ལམ་གསར་པ་བཏོད་དེ། རྒྱལ་སྤྱིའི་འགྲན་རྩོད་ཀྱི་ཁྱད་སྟོབས་གསར་པ་ཆགས་པར་བྱས།”

ཟླ7པར། ཞིན་ཅང་དུ། སློབ་གྲྭ་དང་སྡེ་ཁུལ། གྲོང་གསེབ་སོགས་སུ་བསྐྱོད་དེ། “དུས་རབས་གསར་པའི་ཏང་གི་མི་རིགས་རིགས་པའི་གཞུང་ལུགས་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་རྨང་གཞིའི་རང་བཞིན་གྱི་གནད་དོན་ཞིབ་འཇུག་ལ་སྐུལ་འདེད་བཏང་།”

ཟླ8པར་ལའོ་ཉིན་དུ། བྱང་ཤར་དར་རྒྱས་གཏོང་བའི་ཐད་ལ་ནན་བཤད་ཡང་ཡང་གནང་། ང་ཚོའི་བྱང་ཤར་དར་རྒྱས་གཏོང་བར་ཡིད་ཆེས་དང་རེ་སྒུག་གིས་ཁེངས་ཡོད་ལ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་རྗེས་སུ་བྱང་ཤར་དར་རྒྱས་གཏོང་བའི་ཐད་ལ་བཀོད་སྒྲིག་གསར་པ་བྱ་དགོས་ཞེས་གསུངས།

འབད་འབུངས་ཆེར་བསྐྱེད་ཀྱིས་མ་འོངས་མཛེས་སྡུག་ལ་རེ་སྒུག་དང་སྐུལ་མ་བྱེད་དགོས།

ཏང་གི་ཚོགས་ཆེན་ཉི་ཤུ་པས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་སྟོབས་ལྡན་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་གོམ་སྟབས་གཉིས་ཀྱི་འཐབ་ཇུས་ཀྱི་བཀོད་སྒྲིག་ལ་སྤྱི་ཁོག་ནས་རྒྱང་ལྟ་བྱ་རྒྱུ་དང་། རྗེས་ཕྱོགས་ཀྱི་ལོ་ལྔའི་རིང་གི་འཐབ་ཇུས་ཀྱི་ལས་འགན་དང་བྱེད་ཐབས་གལ་ཆེན་གཙོ་གནད་དུ་བཟུང་ནས་བཀོད་སྒྲིག་བྱ་རྒྱུ། ལོ་ལྔ་པོ་འདིའི་རིང་གི་འཕེལ་རྒྱས་ཡག་པོ་ཡོང་བར་བྱ་རྒྱུ་དེ་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད།

ད་ལོའི་ཟླ7པར། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོའི“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པར་བསུ་བ་བྱེད་པའི”ཆེད་དོན་བགྲོ་གླེང་འཛིན་གྲྭ་གཉེར་བ་རེད།

“ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་ངེས་པར་དུ་མཐོན་པོར་བསྒྲེང་དགོས།”“ཀྲུང་གོའི་རྣམ་པའི་དེང་རབས་ཅན་དུ་འགྱུར་བའི་ཐོག་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་སྐུལ་སྤེལ་གཏོང་རྒྱུ་ངེས་པར་དུ་རྒྱུན་འཁྱོངས་བྱ་དགོས”ཞེས་པ་དང་། ངེས་པར་དུ“རྒྱུགས་ལེན་ལ་བརྩོན་པ”ཞེས་པའི་རིག་པ་དྭངས་གསལ་དང“དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཏང་གི་ལྟེ་བའི་ལས་འགན་ཁོང་དུ་བརྟན་པོར་ཆུད་པར་བྱ་དགོས”ཞེས་པ་ལ་སོགས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆོད་གཏམ་གལ་ཆེན་རབ་དང་རིམ་པ་གནང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་ལེགས་པར་འཚོག་རྒྱུར་ཆབ་སྲིད་ཀྱི་རྨང་གཞི་དང་བསམ་བློའི་རྨང་གཞི། རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བཅས་གལ་ཆེན་བཏིང་བ་རེད།

མཇུག་སྒྲིལ་མ་ཐག་པའི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པས་མིག་སྔའི་གནས་བབ་དང་ལས་འགན་ལ་དབྱེ་ཞིབ་བྱས་པ་དང་། དུས་རབས་གསར་པ་དང་སྐྱོད་ལམ་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་གནད་དོན་གལ་ཆེན་འགར་གྲོས་བསྡུར་ནན་མོ་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་རྒྱུར་གྲ་སྒྲིག་གང་ལེགས་བྱས་ཡོད།

ཡངས་པའི་བགྲོད་ལམ་ནི་ཡངས་ཤིང་རྒྱ་ཆེ་བ་ཞིག་རེད།

ལོ་བཅུའི་རིང་གི་འབད་བརྩོན་ཆེན་པོས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ལོ་རྒྱུས་ནང་ཟིལ་རླབས་དགུང་འཕྱུར་གྱི་བརྗིད་ཆེའི་ལེའུ་རྩོམ་བཞིན་ཡོད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དད་སེམས་བརྟན་པོ་དང་། མི་དམངས་ཀྱི་ལངས་ཕྱོགས་གསལ་པོ་ཡིན་པ། སྤྱིར་བཏང་མིན་པའི་ཆབ་སྲིད་ཀྱི་བློ་གྲོས། ཞུམ་མེད་ཀྱི་བློ་སྟོབས། ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་བཅས་ཀྱི་ཐོག་ནས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པ་བསྐྲུན་ཏེ་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་རྣམ་པ་གསར་པ་བཏོད་ཡོད།

ལོ་ངོ་བཅུའི་རིང་དཀའ་ངལ་ཁྱད་བསད་དང་། ལོ་ངོ་བཅུའི་རིང་འབད་འབུངས་ཡར་བརྩོན་བྱས་ཤིང་། དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་རྩ་བ་ནི་ སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་སྟོན་གནང་བ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་ངང་ཁྲིད་སྟོན་གནང་བར་ཐུག་ཡོད།

ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་བཅས་ལ་མྱོང་ཚོར་ཟབ་མོ་བྱུང་སྟེ། ཏང་གིས་བློ་མཐུན་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གོ་གནས་སུ་གཏན་འཁེལ་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་གནས་བབ་གཏན་འཁེལ་བྱས་པས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་ཡོད་ལ། མ་འོངས་པར་རྒྱལ་ཁ་ལེན་པའི་རྩ་བའི་ཆབ་སྲིད་ཀྱི་ཁག་ཐེག་ཞིག་ཀྱང་རེད།

མགོ་རྩོམ་ས་གསར་པ་ནས་སླར་ཡང་མདུན་དུ་བསྐྱོད།

དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལང་ཚོ་དར་ལ་བབས་པའི་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་མུ་མཐུད་དུ་མཐུན་སྒྲིལ་འབད་འཐབ་བྱས་ན། སྔར་ལས་མང་པོའི་རླབས་ཆེན་གྱི་རྒྱལ་ཁ་དང་གཟི་བརྗིད་མུ་མཐུད་དུ་ཐོབ་ངེས་རེད།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད། ཚེ་རིང་སྒྲོལ་མ། རྟ་མགྲིན་སྐྱབས། ཤ་བོ་རིན་མཚོ།