ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་སྟོབས་ཤུགས་ཡོད་རྒུས་འབྲི་དགོས།
2022.10.19 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 57

—སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཀོང་ཞིས་འཐུས་ཚབ་ཚོགས་པའི་གྲོས་བསྡུར་ནང་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་ལ་རང་ཞིང་དུ་ཚུར་སྣང་དྲག་པོ་བྱུང་།

ཚེས་བཅུ་བདུན་ཉིན་གྱི་སྔ་དྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཀོང་ཞིས་འཐུས་ཚབ་ཚོགས་པའི་གྲོས་བསྡུར་ནང་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་ལ། རང་ཞིང་གི་འཐུས་མི་དང་རྒྱ་ཆེའི་ལས་བྱེད་དང་མང་ཚོགས་ཁྲོད་དུ་ཚུར་སྣང་དྲག་པོ་བྱུང་། ཚང་མས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་གི་དགོངས་པ་གལ་ཆེན་དང་ལྟ་བ་གལ་ཆེན། འཐབ་ཇུས་གལ་ཆེན། བྱེད་ཐབས་གལ་ཆེན་བཅས་ཡང་དག་པར་ཁོང་དུ་ཆུད་པ་བྱས་ཏེ། སེམས་པ་ཕྱོགས་གཅིག་ཏུ་འཁོར་བ་དང་སྟོབས་ཤུགས་ཕྱོགས་གཅིག་ཏུ་བཏོན་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ནུས་ཤུགས་ཡོད་རྒུས་འབྲི་དགོས་ཟེར།

སྙིང་སྟོབས་ཆེར་བསྐྱེད་ཀྱིས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལས་དོན་ཁག་ལག་བསྟར་དོན་འཁྱོལ་བྱེད་དགོས།

“ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་ཏང་གི་དར་ཆའི་འོག་ཏུ‘སྲ་ཞིང་མཁྲེགས་པའི་རྣོ་ལྕགས’ལྟར་མཐུན་སྒྲིལ་དམ་པོ་བྱས་ནས། སེམས་པ་ཕྱོགས་གཅིག་ཏུ་འཁོར་བ་དང་སྟོབས་ཤུགས་ཕྱོགས་གཅིག་ཏུ་བཏོན་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་གྲུ་གཟིངས་ཆེན་པོ་མཚོ་རླུང་དང་བསྡེབས་ནས་རྦ་རླབས་གཤགས་ཏེ་རྒྱང་རིང་དུ་བསྐྱོད་པར་སྐུལ་འདེད་གཏོང་དགོས།”

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མི། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་ཧྲུའུ་ཅི་ཀྲུའུ་ཀྲན་མིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་གནང་བའི་མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་དང་། རང་རྟོན་རང་བརྩོན་རྒྱུན་འཁྱོངས་བྱེད་པ། དྲང་བདེན་གསར་སྐྲུན་རྒྱུན་འཁྱོངས་བྱེད་པ། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས། མ་ལག་རང་བཞིན་གྱི་འདུ་ཤེས་རྒྱུན་འཁྱོངས། བློ་ཁོག་ལ་གནམ་འོག་ཤོང་བ་རྒྱུན་འཁྱོངས་བྱེད་དགོས་ཞེས་གསུངས་པར་བག་ཆགས་ཟབ་མོ་ཡོད། ཁོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་ལྟར། ཡིད་ཆེས་བརྟན་པོ་དང་སྙིང་སྟོབས་ཆེར་སྐྱེད་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མི་དམངས་སེམས་ནང་གི་གོ་གནས་མཐོ་ཤོས་སུ་འཇོག་པ་དང་། མི་དམངས་ལ་བརྩེ་བ་ཟབ་མོ་བཅངས་པ། སེམས་སུ་མི་དམངས་བཅངས་བ། བྱ་བ་མི་དམངས་ཀྱི་ཆེད་དུ་སྒྲུབ་པ། མང་ཚོགས་ཀྱི་ཆེད་དུ་བྱ་བ་དངོས་སྒྲུབ་པ་དང་བྱ་བ་ཡག་པོ་སྒྲུབ་སྟེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བཅས་བྱེད་པའི་བརྒྱུད་རིམ་ཁྲོད། རྨ་ལྷོའི་ལས་དོན་སོ་སོ་རྒྱུན་ཆད་མེད་པར་ཡར་རྒྱས་གསར་པ་ཡོང་རྒྱུར་སྐུལ་འདེད་བཏང་ནས། བོད་འབྲེལ་ས་ཁུལ་གྱི་རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་སྔར་ལས་ཆེ་རུ་གཏོང་དགོས་ཟེར།

ཞིང་ཆེན་གྲོང་གསེབ་དར་སྤེལ་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། ཅུའུ་ཀྲང་ཞེ་པའོ་ཨིན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུར་བྱ་ཐབས་འདོན་སྤྲོད་བྱས་ཡོད་ལ། ང་ཚོའི་ཡིད་ཆེས་དང་ཆོད་སེམས་ཀྱང་སྔར་ལས་ཇེ་བརྟན་དུ་བཏང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་སྟོན་དུ་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བཀོད་སྒྲིག་ལ་དམིགས་ཏེ། མགྱོགས་མྱུར་སྒོས་གྲོང་གསེབ་ཀྱི་ཐོན་ལས་དང་འཇོན་མི། རིག་གནས། སྐྱེ་ཁམས། རྩ་འཛུགས་སོགས་ཕྱོགས་ཡོངས་ནས་དར་སྤེལ་གཏོང་རྒྱུར་སྐུལ་འདེད་བཏང་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་སྔར་ལས་ཆེ་བ་འབུལ་དགོས་ཟེར།

ཞིང་ཆེན་ནོར་སྲིད་ཐིན་རང་བྱུང་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་ཁྲུའུ་ཡི་ཁྲུའུ་ཀྲང་ཏུའུ་ཡོན་ཧྥིན་གྱིས་བཤད་རྒྱུར། “ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པར་དམ་པོར་དམིགས་ནས། བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པའི་གཙོ་གནད་ལས་འགན་ལ་དམིགས་ཏེ། ‘ཞིང་ཆེན་གྱི་གནས་འཁེལ་ཆེ་ཤོས་གསུམ’དང‘སྔར་ལས་གལ་ཆེ་བ་གསུམ’ གྱི་བདེ་འཇགས་གནས་བབ་ནས་མགོ་བརྩམས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང‘གནས་བཞི’འཛུགས་སྐྲུན་ལ་དམིགས་ནས། གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་དམིགས་འབེན་ཕྱོགས་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཁོར་ཡུག་གི་གནད་དོན་ལེགས་བཅོས་དང་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་བྱེད་པར་དམིགས་ནས། སྐྱེ་ཁམས་སྲུང་སྐྱོབ་སླར་གསོའི་རྣམ་གྲངས་ནན་ཏན་གྱིས་འཆར་འགོད་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པར་དགོས་ངེས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས”ཟེར།

ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུའུ་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་སུའུ་ཡུས་ཧྥང་གིས་བཤད་རྒྱུར།“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དེ་ནམ་ཡང་ལམ་དུ་ཡོད་པ་དང་། ཏང་གི་རང་ངོས་ཀྱི་གསར་བརྗེ་དེ་ནམ་ཡང་ལམ་དུ་ཡོད་པ། ཏང་གི་རང་ངོས་གསར་བརྗེ་རྒྱུན་འཁྱོངས་ལྷོད་མེད་བྱས་ནས་ཏང་གི་ངོ་བོ་མི་འགྱུར་བ་དང་། རང་མདངས་མི་འགྱུར་བ། བྲོ་བ་མི་འགྱུར་བ་བཅས་ཁག་ཐེག་བྱེད་དགོས། ང་ཚོས་ལས་བྱེད་པ་གདམ་གསེས་དང་བསྐོ་འཐེན་བྱེད་པར་ལྟ་སྐུལ་བྱ་རྒྱུ་དེ་ལས་བྱེད་པ་འདེམས་བསྐོ་བྱེད་པའི་སྤུས་ཚད་མཐོ་རུ་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ནས། ཆབ་སྲིད་ཀྱི་ལྟ་སྐུལ་ནན་མོ་བྱེད་པ་དང་མཉམ་དུ། དོ་དམ་ནན་མོ་དང་གཅེས་སྐྱོང་ཟུང་འབྲེལ་རྒྱུན་འཁྱོངས་བྱེད་པ། སྐུལ་ལྕག་དང་གཅུན་འདོམས་གལ་ཆེར་བཟུང་ནས། བློ་དཀར་སེམས་དཀར་དང་སྤྱོད་གཙང་གཞུང་དྲང་། འགན་འཁུར་ཕོད་པའི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་ཞིག་གསོ་སྐྱོང་བྱེད་པར་འབད་བརྩོན་བྱེད་དགོས”ཞེས་ནན་གྱིས་བསྟན་ཡོད་ཟེར།

མཐུན་སྒྲིལ་འབད་འཐབ་བྱས་ནས་ཏང་གི་ཐབས་ཇུས་དང་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོབ་པར་བྱེད་དགོས།

“མཐུན་སྒྲིལ་བྱས་ན་རྒྱལ་ཁ་ལེན་ཐུབ་པ་དང་འབད་འཐབ་བྱས་ན་གཞི་ནས་རྒྱལ་ཁ་ལེན་ཐུབ།” “མིག་སྔའི་ལས་འགན་གལ་ཆེན་ནི་ཕུ་ཐུང་བརྫེས་ནས་འབད་པས་སྒྲུབ་པ་དང་། ཏན་ཏན་ཏིག་ཏིག་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་བཏོན་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་རྣམས་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོབ་པར་བྱ་རྒྱུ་དེ་རེད།”

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མི། ཟི་ལིང་གྲོང་ཁྱེར་ནགས་ལས་ཚན་རིག་ཞིབ་འཇུག་སའོ་ཡི་སའོ་ཀྲང་ཀྲང་ཅིན་མེ་ཡིས་བཤད་རྒྱུར།“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་བྱེད་ཐེངས་རེར་རང་ཉིད་ལ་ཕན་འབྲས་མི་དམན་པ་ཐོབ་ཀྱིན་ཡོད། ད་ལྟ། མཚོ་སྔོན་གྱི་རི་བོ་སྔར་ལས་ལྗང་ཞིང་། ནམ་མཁའ་སྔར་ལས་སྔོ་ལ། ཆུ་བོ་སྔར་ལས་དྭངས་པའི་སྐྱེ་ཁམས་ཁོར་ཡུག་བཟང་པོ་དེ་མཚོ་སྔོན་གྱི་ཀུན་ལ་ཕན་པའི་དམངས་ཚིས་བདེ་སྐྱིད་དུ་གྱུར་ནས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་དེ་ཡང་མི་རེ་རེའི་སེམས་སུ་ཟུག་ཡོད། མ་འོངས་པའི་བྱ་བའི་ཁྲོད། ངས་རང་གི་ཚོགས་པ་དང་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱས་ཏེ་སེམས་པ་ཕྱོགས་གཅིག་ཏུ་འཁོར་བ་དང་། སྟོབས་ཤུགས་ཕྱོགས་གཅིག་ཏུ་བཏོན་ནས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན”ཟེར།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་དུས་རབས་ཀྱི་བླང་བྱ་ཡང་དག་པར་ཁོང་དུ་ཆུད་པར་བྱེད་དགོས”ཞེས་བསྟན་ཡོད། མཚོ་ཤར་གྲོང་ཁྱེར་ལའོ་ཏུའུ་ཆུའུ་གུང་ཧོ་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་ཡོན་ཡིག་ཁྲིན་གྱིས་བཤད་རྒྱུར།  “གུང་ཧོ་ཡུལ་ཚོའི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་མཛུབ་སྟོན་དུ་བཟུང་སྟེ། མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་དུ་སྤེལ་བ་དང་། ཡུལ་ཚོ་ཡོངས་ཀྱི་གྲངས་ཉུང་མི་རིགས་སྡེ་བའི་ཁྱད་སྟོབས་ཐོན་ལས་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་གྲངས་ཉུང་མི་རིགས་ཀྱི་བློ་ཁ་ཕྱོགས་ཤུགས་སྔར་ལས་གཅིག་སྒྲིལ་དང་། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ། དངོས་འཛིན་དངོས་སྒྲུབ། དཀའ་སྤྱད་འབད་བརྩོན། དཀའ་ངལ་ཁྱད་བསད་བཅས་བྱས་ཏེ། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་གུང་ཧོ་གསར་པ་འཛུགས་སྐྲུན་བྱ་ཆེད་འབད་བརྩོན་བྱེད་རྒྱུ་ཡིན”ཟེར།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ། གྲོང་ཁྱེར་ཕྱིར་སྡོད་རང་མིའི་ལས་དོན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་བཀྲ་ཤིས་ཚེ་རིང་གིས་བཤད་རྒྱུར། “འདས་པའི་ལོ་བཅུའི་ནང་། ཐུན་རིན་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སོགས་ཀྱི་བྱ་བ་དེ་རགས་ལས་ནས་ཞིབ་ཕྲ་ཅན་དང་འཕྲལ་སྒྲུབ་ནས་རྒྱུན་རྣམ་ཅན། ཡན་ལག་ནས་རྩ་བ་བཅོས་སྐྱོང་བྱེད་པའི་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་མངོན་འགྱུར་བྱུང་ཡོད།”ཕྱིན་ཆད་བླང་བྱ་སྔར་ལས་མཐོ་བ་དང་ཚད་གཞི་སྔར་ལས་གཟབ་ནན་གྱིས་གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་ཏང་ཕྱིའི་མི་སྣར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་ཟབ་མོ་བྱས་ནས། དགེ་མཚན་ལྡན་པའི་སྒོ་ནས་ཐུན་རིན་གྲོང་ཁྱེར་གྱི་རྒྱ་ཆེའི་ཏང་ཕྱིའི་མི་སྣའི་སེམས་ཤུགས་གཅིག་སྒྲིལ་བྱེད་པར་སྣེ་ཁྲིད་བྱས་ཏེ། ཐུན་རིན་གྲོང་ཁྱེར་གྱི་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་ཆེད་བརྗིད་རྔམ་ལྡན་པའི་སྟོབས་ཤུགས་གཅིག་སྡུད་བྱ་རྒྱུ་ཡིན་ཟེར།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་རྒྱལ་རྗེ་ཕོ་བྲང་གྲོང་རྡལ་གྱི་འགོ་གཙོ་ནན་ཝའེ་ཀོང་གིས་བཤད་རྒྱུར།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་བྱས་པ་ལས། ང་ཚོ་རྒྱང་རིང་འབྲོག་ཁུལ་གྱི་འཕེལ་རྒྱས་ཀྱི་གཏིང་ཤུགས་འདང་ཚིམས་པ་དང་སྒུལ་ཤུགས་སྔར་ལས་ཆེ་རུ་ཕྱིན་ཡོད། རྒྱལ་རྗེ་ཕོ་བྲང་གྲོང་རྡལ་གྱིས་གྲོང་རྡལ་གྱི་ཏང་དང་མང་ཚོགས་ཀྱི་ཞབས་ཞུ་ལྟེ་གནས་དམ་འཛིན་བྱ་གཞིར་བྱས་ནས།“ཏང་འཛུགས་སྐྲུན་དང་མི་རིགས་མཐུན་སྒྲིལ་ཟུང་དུ་འབྲེལ་བའི”རྣམ་པ་སྤྱད་དེ། ཁོངས་གཏོགས་ས་ཁུལ་གྱི་རིགས་སོ་སོའི་མི་དམངས་མང་ཚོགས་ལ་ཞབས་འདེགས་ཡག་པོ་བྱས་ནས། མི་རིགས་མཐུན་སྒྲིལ་ལ་རམ་འདེགས་དང་གྲོང་གསེབ་དར་སྤེལ་ལ་སྒུལ་ཤུགས་སྣོན་རྒྱུ་ཡིན་ཟེར།

ཡིད་ཆེས་ཇེ་བརྟན་དུ་བཏང་ནས་སྐྱོད་ལམ་གསར་པའི་སྟེང་གི་ཕུལ་བྱུང་གི་གྲུབ་འབྲས་གསར་པར་བརྩོན་དགོས།

“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཀྲུང་གོའི་ས་གཞི་ཆེན་མོར་རྐང་ཚུགས་པ་དེ་ཀྲུང་གོའི་དོན་དངོས་དང་མཐུན་པས། ང་ཚོས་རྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་དེ་རང་ཉིད་ཀྱི་སྟོབས་ཤུགས་ཀྱི་རྨང་གཞིའི་ཐོག་འཇོག་པ་དང་། ཀྲུང་གོའི་འཕེལ་རྒྱས་དང་ཡར་ཐོན་གྱི་ལས་དབང་དེ་རང་ཉིད་ཀྱི་ལག་ཏུ་དམ་པོར་བཟུང་ནས། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་དྲང་བདེན་གསར་སྐྲུན་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལེའུ་གསར་པ་ཧུར་ཐག་གིས”འབྲི་དགོས།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མི། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིའི་ཚད་བརྒལ་མཐོ་གནོན་ཀུང་སིའི་གློག་སྒྱུར་ཞིབ་བཤེར་བཟོ་བཅོས་ལྟེ་གནས་ཀྱི་ལས་བཟོ་བ་ཆན་ཅན་ཧྭ་ཡིས་བཤད་རྒྱུར། “བློ་ལ་བརྟན་པོར་ངེས་དགོས་ལྔ”ཡི་བླང་བྱ་གལ་ཆེན་ལྟར།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བདེན་དོན་སྟོབས་ཤུགས་གཏིང་ཟབ་པར་ཁོང་དུ་ཆུད་པ་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པ། རྒྱུན་མཐུད་བཅས་ཀྱི་སྒོ་ནས་སློབ་སྦྱོང་ཡག་པོ་བྱས་ཏེ། ཏང་གི་གསར་སྐྲུན་གཞུང་ལུགས་རང་འཁྲིའི་བྱ་བའི་ཁྲོད་ལག་བསྟར་དོན་འཁྱོལ་བྱེད་པ་དང་དངོས་སྒྲུབ་ལ་བརྟེན་ནས་གཟི་བརྗིད་ཀྱི་འགན་འཁྲི་ཁུར་ཏེ། རྒྱལ་ཁབ་ཀྱི་གློག་ཤུགས་ལས་དོན་འཕེལ་རྒྱས་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཟེར།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུའུ་ཡི་ཏང་ཙུའུ་ཁོངས་མི་ཧན་ཆིན་ཁྲུན་གྱིས་བཤད་རྒྱུར།“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་བྱས་པ་ལས་ང་ཚོས་མཚོ་སྔོན་གྱི་རི་ཆུ་ནགས་དང་། ཞིང་ས། མཚེའུ། བྱེ་ཐང་། དར་འཁྱག་བཅས་མུ་མཐུད་དུ་སྲུང་སྐྱོབ་ཡག་པོ་བྱེད་པའི་དད་སེམས་དང་ཆོད་སེམས་སྔར་ལས་ཇེ་བརྟན་དུ་ཕྱིན་ཡོད། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཟབ་མོ་བྱས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་ཟབ་མོ་བྱེད་པ་དང་། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་ནང་ཧུར་ཐག་གིས་ཞུགས་པ་བཅས་བྱས་ནས། ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་ལ་སྔར་ལས་ཆེ་བའི་ཡིད་དབང་འཕྲོག་ཤུགས་དང་གོ་སྐོན་བློ་འགུག་གི་ནུས་པ། འབོད་སྐུལ་གྱི་ནུས་པ་བཅས་མངོན་པར་བྱེད་དགོས”ཟེར།

མཚོ་སྔོན་ཀྲུང་གོ་ཚོད་འཛིན་ཉི་ནུས་གློག་གཏོང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་བཟོ་སྐྲུན་པ་ཧྥན་ཡུས་ཧྭ་ཡིས་བཤད་རྒྱུར།“ལོ་ངོ་བཅུའི་རིང་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྣ་ཚོགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་གྲུབ་འབྲས་གལ་ཆེན་ལ་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པ་དང་། མི་སེམས་ལ་སྐུལ་མ་ཐེབས་པ། འབད་འབུངས་ཡར་བརྩོན་བཅས་བྱེད་ཀྱིན་ཡོད། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད། ང་དང་ངའི་ཚོགས་པས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་མཛུབ་སྟོན་དུ་བྱས་ནས། ཧུར་ཐག་གིས་ནུས་རྒྱུ་གསར་པའི་ཐོན་ལས་མ་ལག་འཚོལ་ཞིབ་བྱས་ཏེ། འགན་འཁྲི་ལྕི་མོ་འཁུར་ཕོད་པ་དང་། རང་འགུལ་ངང་བྱ་སྤྱོད་སྤེལ་བ་བཅས་བྱས་ནས། སྤྱིར་བཏང་གི་ལས་གནས་སྟེང་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན”ཟེར།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་པ་པའོ་གྲོང་རྡལ་ལ་ཐུང་ཐའེ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་མ་ཕུའུ་ཧའེ་ཡིས་བཤད་རྒྱུར།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་ནན་ཏན་བྱས་རྗེས་ངར་ཤུགས་རབ་ཏུ་འཕེལ་ཡོད། སྡེ་བ་རིམ་པའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཞིག་ཡིན་པའི་ཆ་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ཏེ“བློ་རུ་བརྟན་པོར་ངེས་དགོས་ལྔ”དང་། དངོས་གཉེར་བྱ་སྤྱོད་དང་བྱེད་ཐབས་ནུས་ལྡན་སྤྱད་དེ། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་ཐོན་ལས་འཕེལ་རྒྱས། ཞིང་སྡེའི་སྡོད་གནས་ཁོར་ཡུག་ལེགས་བཅོས་བྱེད་པ། ཡུལ་སྲོལ་དཔལ་ཡོན་ཅན་འཛུགས་སྐྲུན་སོགས་ཀྱི་བྱ་བ་དམ་འཛིན་ནན་མོ་བྱས་ཏེ། སེམས་ནུས་ཡོད་རྒུ་བཏོན་ནས་མང་ཚོགས་ལ་བདེ་སྐྱིད་བསྐྲུན་དགོས་ཟེར།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།