---སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཀོང་ཞི་འཐུས་ཚབ་ཚོགས་པའི་གྲོས་སྡུར་ལ་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་ལ་ཚུར་སྣང་དྲག་པོ་བྱུང་།
“ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་ཏང་གི་དར་ཆའི་འོག་ཏུ‘སྲ་ཞིང་མཁྲེགས་པའི་རྣོ་ལྕགས’ལྟར་མཐུན་སྒྲིལ་དམ་པོ་བྱས་ནས་སེམས་པ་ཕྱོགས་གཅིག་ཏུ་འཁོར་བ་དང་སྟོབས་ཤུགས་ཕྱོགས་གཅིག་ཏུ་བཏོན་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་གྲུ་གཟིངས་ཆེན་པོ་མཚོ་རླུང་དང་བསྡེབས་ནས་རྦ་རླབས་གཤགས་ཏེ་རྒྱང་རིང་དུ་བསྐྱོད་པར་སྐུལ་འདེད་གཏོང་དགོས། ”
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཚེས17ཉིན་གྱི་སྔ་དྲོར་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཀོང་ཞི་འཐུས་ཚབ་ཚོགས་པའི་གྲོས་སྡུར་ལ་ཞུགས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལ་རྒྱས་བཤད་ཟབ་མོ་གནང་བ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་ལག་བསྟར་བྱེད་པར“ཡིད་ལ་བརྟན་པོར་འཛིན་པ”ལྔ་ལེགས་པར་སྒྲུབ་དགོས་པར་གསལ་བོར་བསྟན་པ་དེར་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མི་དང་རྒྱ་ཆེའི་ལས་བྱེད་མང་ཚོགས་ཁྲོད་ཚུར་སྣང་དྲག་པོ་བྱུང་།
ཚང་མས་གཅིག་གྱུར་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྲིད་སྟོན་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་བའི་སྟེང་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། ཕུ་ཐུང་བརྫེས་ནས་འབད་པས་སྒྲུབ་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་རྒྱུ་ཡིན་ཟེར།
འབད་བརྩོན་ཆེན་པོ་ལས་རླབས་ཆེན་གྱི་གྲུབ་འབྲས་ཐོབ།
ཚེས17ཉིན་གྱི་སྔ་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཕེབས་པས། ཀོང་ཞི་འཐུས་ཚབ་ཚོགས་པའི་འཐུས་མི་རྣམས་དགའ་སྤྲོ་ཚད་མེད་སྐྱེས་བྱུང་།
ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཚང་བོའུ་རྫོང་ལིག་པའོ་གྲོང་རྡལ་ཧྲན་ཕེན་སྡེ་བའི་ཏང་ཙུང་ཀྲི་པུའུ་ཧྲུའུ་ཅིའམ་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། འཐུས་མི་ཀྲུའུ་ཞེའོ་ལན་གྱིས་བཤད་རྒྱུར། “སྤྱི་ཁྱབ་ཧྲུའུ་ཅིའི་ཞལ་གསུངས་ནང་བཞིན་འདས་པའི་ལོ་ལྔ་དང་དུས་རབས་གསར་བའི་ཚུན་གྱི་ལོ་བཅུའི་རིང་ལ། ཏང་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཕེལ་རིམ་དེ་གཏན་ནས་རྒྱུན་ལྡན་མིན་པ་དང་གཏན་ནས་སྤྱིར་བཏང་མིན་པ་ཞིག་ཡིན། ཀོང་ཞི་ཡི་ས་གཞི་ཆེན་མོར་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་ལོ་རྒྱུས་ཀྱི་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། 2016ལོར། ང་ཚོ་སྡེ་བས་རྒྱལ་ཁའི་ངང་དབུལ་ཞྭ་ཕུད་ཐུབ་པ་བྱུང་། ན་ནིང་། སྡེ་མིའི་ལོ་རེའི་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་མོ་ཁྲི་གཉིས་དང་སྟོང་གཅིག་ལ་སླེབས་པ་དང་། སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་སྒོར་མོ་འབུམ་གཅིག་དང་ཁྲི་གསུམ་སྟོང་བརྒྱད་ལ་སླེབས”པ་དང་། ཏང་གི་སྲིད་ཇུས་བཟང་པོས་ཕ་ཡུལ་ལ་འགྱུར་ལྡོག་ཆེན་པོ་བྱུང་དུ་བཅུག་ཡོད་པ་མིག་མཐོང་ལག་ཟིན་ཡིན་ལ། ངས་དངོས་སུ་བདེན་དཔང་བྱེད་ཐུབ་ཟེར།
ལོ་ངོ་བཅུའི་རིང་ལ། དཀའ་ཁག་ལ་འཕྲད་པའི་ཉེན་ཁ་དང་དཀའ་སྡུག་གདོང་གིས་བསུ་བའི་བརྩོན་འགྲུས། འགག་སྒོ་སྒྲོལ་བའི་དཀའ་བ་ཡོད་ཀྱང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་ཐོད་བརྒལ་རང་བཞིན་གྱི་གྲུབ་འབྲས་རབ་དང་རིམ་པ་མངོན་འགྱུར་བྱུང་ཞིང་། མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།
པྲོག་གསར་གློ་ཚད་རིམས་ནད་དང་འགྲན་རྩོད་བྱས་པའི་ཉིན་མཚན་མང་པོར་ཕྱིར་དྲན་བྱས་ན། ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་ཆིན་ཧྲན་ཆུའུ་ཆིན་ཧི་ཅུའུ་སྡོད་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅིའམ་འཐུས་མི་ཀོས་ཞོ་མའེ་ལ་མྱོང་ཚོར་ཟབ་མོ་འདུག ཁོ་མོས་བཤད་རྒྱུར། “གློ་བུར་དུ་བྱུང་བའི་རིམས་ནད་ལ་གདོང་གཏོད་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཆར་འགོད་ཇུས་འདོན་དང་ཕྱོགས་སྟོན་སྣེ་ཁྲིད་མཛད་པ་དང་། ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་མཉམ་ཤུགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་རིམས་ནད་འགོག་རྒོལ་གྱི་མི་དམངས་དམག་འཐབ་དང་སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་སྤེལ་ཏེ། ཚད་ཆེས་མཐོ་བའི་སྒོ་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོབ་བྱས”ཟེར།
ཨན་ཧོས་ཞིང་ཆེན་ཧྥིན་ཡང་རྫོང་ཞའོ་ཀང་སྡེ་བའི་ཆུ་འབྲས་ཀྱིས་ལོ་ལེགས་བསུས་ཡོང་། ཧའེ་ལུང་ཅང་ནས་ལས་འཁུར་སྦྱོང་བརྡར་བྱེད་དུ་ཡོང་བའི་པའེ་ཏ་ཧོང་སྡེ་ཚོགས་ཆིས་ཞིན་ཞིང་ར་ཚད་ཡོད་ཀུང་ཟིའི་ཞིང་ལས་ལག་རྩལ་བྱ་བ་སྒྲུབ་མཁན་ལུའུ་ཞང་ཏའོ་ལས་གྲོགས་ཚོ་དང་མཉམ་དུ་བྲེལ་བས་ཁེངས་བཞིན་ཞའོ་ཀང་སྡེ་བའི་ཆུ་འབྲས་འདེབས་འཛུགས་ལྟེ་བའི་ཚོད་ལྟ་ཁུལ་བསྐྲུན་པར་རོགས་རམ་བྱེད་བཞིན་འདུག
“འབྲུ་རིགས་བདེ་འཇགས་ཀྱི་བྱ་བ་དེ་རྒྱལ་ཁབ་ཀྱི་དམངས་ཚིས་ལས་དབང་དང་འབྲེལ་ཡོད་ལ་རྒྱལ་ཁབ་བདེ་འཇགས་ཀྱི་རྨང་གཞི་གལ་ཆེན་ཞིག་ཡིན་པས། འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུ་དུས་ནམ་ཡང་ལྷོད་གཡེང་དུ་གཏོང་མི་རུང་། ”ལུའུ་ཞང་ཏའོ་ཡིས་ལོ་ངོ་བཅུའི་རིང་གི་རང་རྒྱལ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་དང་། ཀྲུང་གོའི་ཕོར་བ་བརྟན་པོར་འཛིན་པ་སོགས་ཀྱི་ཐད་གྲུབ་འབྲས་མངོན་གསལ་བླངས་ཡོད་པ་བདེན་དཔང་བྱས།
ལུའུ་ཞང་ཏའོ་ཡིས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ཡིས་ཁྱོན་ཡོངས་ནས་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བར་བཀོད་སྒྲིག་གསར་བ་བྱས་ཡོད་པ་དང་། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་ལྟར། ཡིད་ཆེས་བརྟན་པོ་དང་འབད་བརྩོན་ཧུར་ཐག་གིས་གྲོང་གསེབ་དར་སྤེལ་གྱི་འབད་འཐབ་གསར་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཁྲོད་ཡང་བསྐྱར་བྱས་རྗེས་འཇོག་རྒྱུ་ཡིན་ཟེར།
ཏང་གི་གསར་སྐྲུན་གཞུང་ལུགས་དེ་ལག་ལེན་གྱི་ཁྲོད་དུ་དངོས་སུ་དོན་འཁྱོལ་བྱེད་དགོས།
ཏང་གི་གསར་སྐྲུན་གཞུང་ལུགས་ལ་སློབ་སྦྱོང་དོན་འཁྱོལ་བྱེད་པ་དང་། འཇིག་རྟེན་ལྟ་ཚུལ་དང་བྱེད་ཐབས་སྨྲ་བར་གོ་བ་ལེན་པ་དང་ཁོང་དུ་ཆུད་པར་བྱས་ནས། དེའི་ཁྲོད་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ་བྱེད་ཐབས་བཅས་རྒྱུན་འཁྱོངས་བཟང་པོ་དང་བཀོལ་སྤྱོད་བཟང་པོ་བྱེད་དགོས་ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཁྲོད་ནན་གྱིས་བསྟན།
ལོ་སོ་བདུན་གྱི་རིང་ལ་སློབ་ཁྲིད་བྱས་མྱོང་བའི་ཅང་སུའུ་ཞིང་ཆེན་ཅང་ཡན་སློབ་འབྲིང་གི་སློབ་གཙོའམ་འཐུས་མི་སུང་ཡུག་ཞིན་གྱི་བསམ་བློའི་ཆབ་སྲིད་སློབ་ཁྲིད་ལ་ནམ་ཡང་“རྣམ་པ་གསར་བས”ཁེངས་ཡོད། སུང་ཡུག་ཞིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་པའི“མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་དང་། རང་རྟོན་རང་བརྩོན་རྒྱུན་འཁྱོངས། དྲང་བདེན་གསར་སྐྲུན་རྒྱུན་འཁྱོངས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས། མ་ལག་ལྡན་པའི་འདུ་ཤེས་རྒྱུན་འཁྱོངས། གནམ་འོག་བློ་ལ་ཤོང་པ་རྒྱུན་འཁྱོངས་བྱེད་པ”ཞེས་པས་བག་ཆགས་ཟབ་མོ་བཞག་ཡོད།
སུང་ཡུག་ཞིན་གྱིས་བཤད་རྒྱུར། “ཏང་གི་སློབ་གསོའི་བྱ་བ་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས་ངས་རང་རྟོགས་སྒོས‘སློབ་མ་ཚོས་མི་ཚེའི་སྒྲོག་གུ་དང་པོ་ཡག་པོར་སྒྲོག་པར་ཁྲིད་སྟོན’བྱེད་པའི་ལས་འགན་ལྗིད་མོ་ཕྲག་ཏུ་འཁུར་ནས། ཏང་གི་གསར་སྐྲུན་གཞུང་ལུགས་ཀྱི་མི་ཚེའི་གནས་ལུགས་སོགས་སློབ་མའི་སེམས་སུ་འབབ་པར་བྱས་ཏེ། སློབ་མ་ཚོའི་མི་རིགས་བསྐྱར་དར་གྱི་ཡིད་ཆེས་དང་ཆོད་སེམས་སྐུལ་སློང་བྱས་ཏེ། མི་རིགས་བསྐྱར་དར་གྱི་འགན་འཁྲི་ལྗིད་མོ་འཁུར་ཕོད་པའི་དུས་རབས་ཀྱི་མི་སྣ་གསར་པ་སྔར་ལས་མང་པོ་གསོ་སྐྱོང་བྱེད་རྒྱུ་ཡིན”ཟེར།
ཉེ་བའི་ལོ་འགའི་རིང་། གསར་བརྗེའི་གནས་རྙིང་ས་ཁུལ་ཏེ་ཀོང་ཞི་ཏུང་ལན་རྫོང་གིས་ཏང་གི་གསར་སྐྲུན་གཞུང་ལུགས་ལ་སློབ་སྦྱོང་དང་དོན་འཁྱོལ་ཟབ་མོ་བྱས་ཏེ། དམར་པོའི་རིག་གནས་ཀྱི་སྣེ་ཁྲིད་དང་རི་སྔོ་ཆུ་དྭངས་ཀྱི་རྨང་གཞི་རྒྱུན་འཁྱོངས་བྱས་ནས། རི་སྔོ་ཆུ་དྭངས་དང་མཉམ་དུ་ཕྱུག་པོར་འགྱུར་བའི་གསར་བརྗེའི་གནས་རྙིང་ཁུལ་དར་སྤེལ་དང་འཕེལ་རྒྱས་སུ་གཏོང་བའི་ལམ་བུ་ཞིག་འཚོལ་ཞིབ་བྱས་ཡོད།
“མར་ཁེ་སི་རིང་ལུགས་ཀྱི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱིས་མཛུབ་སྟོན་བྱ་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་ང་ཚོ་མདུན་དུ་སྐྱོད་པའི་བློ་ཤུགས་བརྟན་པོ་དེ་ཡིན།” ཀོང་ཞི་ཏུང་ལན་རྫོང་གི་ཏང་ཨུའི་ཧྲུའུ་ཅིའམ་འཐུས་མི་ཞུས་ཏིས་ཁི་ཡིས་བཤད་རྒྱུར། མདུན་བསྐྱོད་ཀྱི་སྐྱོད་ལམ་སྟེང་དུ། ང་ཚོས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བདེན་དོན་གྱི་སྟོབས་ཤུགས་ལ་གོ་བ་ཟབ་མོ་བླངས་ཏེ། ཤེས་སྤྱོད་གཉིས་ལྡན་གྱི་ཏང་ཡོན་ལས་བྱེད་པས་གསར་བརྗེའི་གནས་རྙིང་ས་ཁུལ་གྱི་མང་ཚོགས་ལ་སྣེ་ཁྲིད་བྱས་ཏེ་སྔར་ལས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་རོལ་བཞིན་ཡོད་ཟེར།
ཀོས་ཀྲིག་ཞིང་ཆེན་ཆན་ཞིས་གྲོང་ཁྱེར་ཞིན་རིན་མེའོ་རིགས་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྭ་བོ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའམ་འཐུས་མི་ཞུས་ལེ་ཡིས་བཤད་རྒྱུར། གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་ཡིན་པའི་ཆ་ནས། ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་བྱས་ནས་ཤེས་པར་བྱེད་པ་དང་། དེའི་ཁྲོད་ཀྱི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་རྒྱུན་འཁྱོངས་དང་བཀོལ་སྤྱོད་བཟང་པོ་བྱས་ནས་སློབ་ཞོར་དུ་སྒྲུབ་པ་དང་། སྒྲུབ་ཞོར་དུ་སློབ་པ། སློབ་པ་དང་བཀོལ་སྤྱོད་གཉིས་དམ་འཛིན་བྱས་ཏེ། གསར་སྐྲུན་གཞུང་ལུགས་དེ་བྱ་བའི་ཕྱོགས་སོ་སོའི་བརྒྱུད་རིམ་ཧྲིལ་བོར་དོན་འཁྱོལ་བྱེད་རྒྱུ་ཡིན་ཟེར།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། དུས་རབས་གསར་པར་སླེབས་པ་ནས་བཟུང་། ཏང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ངོས་འཛིན་མུ་མཐུད་དུ་གཏིང་ཟབ་དང་། འཐབ་ཇུས་མུ་མཐུད་འཐུས་ཚང་། ལག་ལེན་མུ་མཐུད་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རྒྱལ་ཁའི་ངང་སྐུལ་འདེད་དང་རྒྱ་སྐྱེད་གཏོང་དགོས།
ཀོང་ཞི་ཀོས་ལིན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅིའམ་འཐུས་མི་ཀྲིག་ཅཱ་པེན་གྱིས་བཤད་རྒྱུར།“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་ང་ཚོས་ཀོས་ལིན་གྱི་རི་ཆུར་མུ་མཐུད་སྲུང་སྐྱོབ་ཡག་པོ་བྱེད་པའི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་སོང་ཡོད”ཟེར། ཉེ་བའི་ལོ་འགའི་རིང་ལ། ཀོས་ལིན་གྲོང་ཁྱེར་གྱིས་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་པས། ལིས་ཅང་གི་སྐྱེ་ཁམས་ཁོར་ཡུག་མུ་མཐུད་ཇེ་བཟང་དུ་སོང་བ་དང་། སྐྱེ་སྟོབས་ཀྱི་གསོན་ཤུགས་གསར་བ་འབར་བཞིན་ཡོད།
ཀྲིག་ཅཱ་པེན་གྱིས་བཤད་རྒྱུར། “ང་ཚོས་མུ་མཐུད་དུ་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བ་འཁྱོངས་བྱས་ཏེ། ཚེ་སྲོག་ལ་གཅེས་སྐྱོང་བྱེད་པ་ནང་བཞིན་དྭངས་གཙང་ཆུ་བོ་དང་འགྲམ་གཉིས་ལྗང་མདོག་ལ་གཅེས་སྐྱོང་བྱས་ནས། ལས་ཀར་འཚམ་པ་དང་། སྡོད་གནས་ལ་འཚམ་པ། རོལ་རྩེད་ལ་འཚམ་པ། ཡུལ་སྐོར་ལ་འཚམ་པ་བཅས་ཀྱི་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་གིས་གསར་གཏོད་བྱེད་རྒྱུ་ཡིན”ཟེར།
ཀྲེ་ཅང་དང་ཉིང་པོའི་ཀྲིན་ཀྲིས་འཕྲུལ་ཆས་དཔེ་དབྱིབས་ཚད་ཡོད་ཀུང་སིའི་འཁོར་ཁང་དུ་འཕྲུལ་འཁོར་གྱི་སྒྲ་གྲགས་བཞིན་འདུག། ད་ལོའི་ཁེ་ལས་གྱི་མངགས་ཐོ་སྔོན་དཔག་བྱས་ན་དུས་མཉམ་ལས་བརྒྱ་ཆའི30%ནས40%བར་འཕར་སྣོན་བྱུང་བ་དང་། མ་དངུལ་བཏང་ནས་བཀོལ་སྤྱོད་བྱས་པའི་བཟོ་གྲྭ་ཁུལ་གསར་བས་མི་སྣ་ཉིས་བརྒྱ་དང་དྲུག་ཅུ་ལྷག་ལས་ཞུགས་བྱེད་པར་སྣེ་ཁྲིད་བྱེད་ཐུབ་རྒྱུ་རེད།
ཀུང་ཟིའི་སྤྱི་གཉེར་བ་ཀྲང་ཆོན་ཧྥུན་གྱིས་བཤད་རྒྱུར། “ཀྲེ་ཅང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མཉམ་དུ་ཕྱུག་འགྱུར་གྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་བཞིན་ཡོད། ཁེ་ལས་འབྲིང་ཆུང་ཞིག་ཡིན་པའི་ཆ་ནས་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གྱི་ཁ་ཕྱོགས་བསྙེག་ནས་རང་བདག་གསར་སྐྲུན་གྱི་ནུས་པ་མཐོར་འདེགས་དང་ཁེ་ལས་སྟོབས་ཆེན་དང་ཞིབ་ཚགས་སྒོས་སྒྲུབ་པ་དང་། དུས་མཚུངས་སུ་སྤྱི་ཚོགས་ཀྱི་འགན་འཁྲི་སྔར་ལས་ཆེན་པོ་འཁུར་བ་དང་། ལས་ཞུགས་བྱེད་མཁན་སྔར་ལས་མང་པོ་བསྡུ་ལེན་བྱས་ནས་མཉམ་དུ་ཕྱུག་པོ་ཡོང་བར་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན”ཟེར།
ལོ་ངོ་བཅུའི་རིང་ལ། པེ་ཅིན་གྱི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་མངོན་གསལ་གྱིས་ཇེ་ལེགས་སུ་སོང་།
པེ་ཅིན་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱི་ཏང་ཨུའི་ཧྲུའུ་ཅི། ཀྲུའུ་རིན་ནམ་འཐུས་མི་ལིག་པའོ་ཞན་གྱིས་མྱོར་ཚོར་ཟབ་མོའི་སྒོ་ནས་བཤད་རྒྱུར།“ཉེ་བའི་ལོ་འགའི་རིང་ལ། རང་རྒྱལ་གྱིས་ཕྱོགས་ཡོངས་དང་། ས་ཁོངས་ཡོངས། བརྒྱུད་རིམ་ཧྲིལ་བོ་བཅས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་བསྣན་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐད་ལོ་རྒྱུས་རང་བཞིན་དང་། དཀྱོག་མཚམས་རང་བཞིན། ཕྱོགས་ཡོངས་རང་བཞིན་གྱིས་འགྱུར་ལྡོག་བྱུང་། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིས་བཏོན་པའི་བླང་བྱ་དོན་འཁྱོལ་ཟབ་མོ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ཁོར་ཡུག་གི་དགོས་མཁོ་སྐོང་རྒྱུ་དེ་བྱ་བའི་དམིགས་འབེན་དུ་བཞག་ནས། མེས་རྒྱལ་གྱི་མཁའ་དབྱིངས་སྔར་ལས་སྔོ་ཞིང་། རི་བོ་སྔར་ལས་ལྗང་བ། ཆུ་བོ་སྔར་ལས་དྭངས་བར་བྱས་ནས་ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་ལ་སྔར་ལས་ཆེ་བའི་ཡིད་དབང་འཕྲོག་ཤུགས་དང་། གོ་སྐོན་བློ་འགུག་གི་ནུས་པ། འབོད་སྐུལ་ནུས་པ་བཅས་མངོན་པར་བྱེད་རྒྱུ་ཡིན”ཟེར།
རླབས་ཆེན་གྱི་རང་ངོས་གསར་བརྗེ་ཡིས་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེ་ལ་སྣེ་ཁྲིད་བྱེད་དགོས།
“ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚོགས་པའི་ཚུན་ལ། ཏང་ཀྲུང་དབྱང་གིས‘ལོ་མང་སྦྱོང་བརྡར’གྱི་བརྟན་ཤུགས་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་རྒྱུར་སྐུལ་འདེད་བཏང་།” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་ཚིག་ནན་མོས་རྒྱ་ཆེའི་འཐུས་མི་དང་ལས་བྱེད་མང་ཚོགས་ལ་སྐུལ་ལྕག་ཆེན་པོ་ཐེབས།
“གོ་གནས་ཇི་ཙམ་མཐོ་ཡང་ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལ་འགལ་ཚེ་ཞིབ་བཤེར་དང་ཐག་གཅོད་ནན་མོ་བྱེད་པ་དེ་ནི་ལོ་ངོ་བཅུའི་རིང་ཐད་ཀར་དུ་མང་ཚོགས་ལ་ཐེབས་པའི་མྱོང་ཚོར་ཞིག་ཡིན།” ཀོང་ཞི་རོང་ཧྲོས་མེའོ་རིགས་རང་སྐྱོང་རྫོང་ཅང་མིན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའམ་འཐུས་མི་ཡང་ཉིན་གྱིས་བཤད་རྒྱུར། ད་ལོར། གཞི་རིམ་གྱི་ཟ་འཁྱེར་བཀག་ལེན་དང་དབང་ཆར་བརྟེན་ནས་སྒེར་དོན་སྒྲུབ་པ་སོགས་ཀྱི་གནད་དོན་མངོན་གསལ་གྱིས་ཇེ་ཉུང་དུ་སོང་བ་དང་། ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བར་ཕན་འབྲས་མངོན་གསལ་ཐོབ་ཡོད་ཟེར།
ཆིང་ཧྭ་སློབ་ཆེན་སྲིད་གཙང་དང་བཅོས་སྐྱོང་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་སུང་ཝུའེ་ཡིས་བཤད་རྒྱུར། “ཀོང་ཞི་འཐུས་ཚབ་ཚོགས་པའི་གྲོས་སྡུར་ནང་ཞུགས་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས‘ལོ་རྒྱུས་ཐོག་བྱུང་མ་མྱོང་’ཞེས་པའི་གསུང་ཚིག་གིས་དུས་རབས་གསར་བའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཞིབ་བརྗོད་བྱས་ཡོད།” “དེའི་ཐོག་ནས་དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིས་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བའི་ཡིད་ཆེས་བརྟན་པོ་དང་བློ་སྤོབས་ཆེན་པོ་མངོན་ཡོད”ཟེར།
སུང་ཝུའེ་ཡིས་བལྟས་ན། ལོ་ངོ་བཅུའི་རིང་ལ། གཟེར་རྡེབ་སྙིང་སྟོབས་ཀྱིས་སྤྱོད་ཚུལ་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པ་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་བཏང་བའི་བར། དེ་ནས་ཏང་ནང་གི་ཁྲིམས་སྲོལ་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་འཐུས་ཚང་དུ་གཏོང་བའི་བར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རང་ངོས་གསར་བརྗེ་ཡི་མཉམ་ཤུགས་ལ་བརྟེན་ནས་ཏང་འདི་ཉིད་སྔར་ལས་འགྱུར་མེད་སྟོབས་ལྡན་ཞིག་ཏུ་སྐྲུན་ཡོད་པར་ངོས་འཛིན་བྱས།
ལམ་ཐག་རིང་མོར་སྐྱོད་མཁན་བློ་ལྡན་དེ། ། ཡང་དག་ལམ་དུ་མ་ཞུགས་མཚམས་མི་འཇོག
ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་རྒྱུ་དེ་ནམ་ཡང་ལམ་དུ་ཡོད་པ་དང་། ང་ཚོས་རྒྱུན་སྐྱོང་ལྷོད་མེད་སྒོས་ཏང་གི་རང་ངོས་གསར་བརྗེ་བྱེད་པར་སྐུལ་སྤེལ་བྱས་ཏེ། ཏང་གི་ངོ་བོ་མི་འགྱུར་བ་དང་། རང་མདངས་མི་འགྱུར་བ། བྲོ་བ་མི་འགྱུར་བ་བཅས་འགན་ལེན་ཏན་ཏིག་བྱས་ཏེ།ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་དུ་འགྱུར་བ་བྱེད་དགོས།
“ལྕགས་རྡུང་ན་ཐོ་བ་མཁྲེགས་དགོས།” ཉིང་ཞ་ཧོས་རིགས་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའམ་འཐུས་མི་མཱ་ཝུན་ཅོན་གྱིས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ཡིས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཐད་བཀོད་སྒྲིག་གསར་བ་གལ་ཆེན་བྱས་ཡོད། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས་འགན་འཁྲི་ཤེས་རྟོགས་བྱེད་པ་དང་འགན་འཁྲི་ཕྲག་ཏུ་འཁུར་བ། འགན་འཁྲི་ལག་བསྟར་བཅས་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་སྤྱི་ཡོངས་ལ་དམ་པོར་དམིགས་ཏེ་ལྟ་སྐུལ་འགན་ལེན་ལག་བསྟར་གྱི་ནུས་པ་འདོན་སྤེལ་བྱས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་བཀོད་སྒྲིག་དམིགས་འབེན་ལས་འགན་ལ་སྔར་ལས་ཕན་འབྲས་ལྡན་པའི་སྒོ་ནས་སྐུལ་འདེད་རྒྱུ་ཡིན་ཟེར།
ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་མཐུན་སྒྲིལ་འབད་འཐབ་བྱེད་དགོས།
མཐུན་སྒྲིལ་བྱས་ན་ད་གཟོད་རྒྱལ་ཁ་ལེན་ཐུབ་པ་དང་། འབད་འཐབ་བྱས་ན་ད་གཟོད་ལེགས་འགྲུབ་འབྱུང་ཐུབ།
ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཨ་ཁེ་ཐའོ་རྫོང་པུའུ་ལུན་ཁུག་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅིའམ་འཐུས་མི་ལིས་ཝུན་ཅོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚོགས་པའི་ཚུན་ལ་ང་ཚོ་ཏང་གིས་མི་དམངས་ལ་དམ་པོར་བརྟེན་ནས་སེལ་དཀའ་བའི་འགག་སྒོ་དང་འགོག་རྐྱེན་ཅི་རིགས་སེལ་བའི་སྐོར་ཁོས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད་རྒྱུར། “དཔལ་འབྱོར་བརྟན་པོ་ཡོང་བར་བྱས་པ་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།འབྱོར་འབྲིང་བསྐྲུན་པ། རིམས་ནད་འགོག་སྡོམ།གནོད་འཚེ་ཚབས་ཆེན་བཀག་པ།འགྱུར་བ་དང་བསྟུན་པ།ཉམས་ཉེན་སེལ་བ་བཅས་བྱས་ཡོད།ལོ་འདི་དག་གི་རིང་ལ། ང་ཚོས་མཁྲེགས་གཏོར་ཁྱད་སེལ་བྱས་ཏེ།རྒྱུན་ཆད་མེད་པར་རྒྱལ་ཁ་ཐོབ་པ་དེ་ནི་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏུ་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་དམ་ཟབ་དང་འབད་འཐབ་བྱས་པ་ལས་ཐོབ་པ་རེད”ཟེར།
ལིས་ཝུན་ཅོན་གྱིས་བཤད་རྒྱུར། “ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ཡིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་འཆར་གཞི་བཀོད་ཡོད། ངས་ཚང་མ་དང་མཉམ་དུ་ཕུ་ཐུང་བརྫེས་ནས་འབད་པ་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱི་སྟོབས་དང་ལྡན་པའི་འཐབ་འཛིང་བཙན་རྫོང་སྲ་བརྟན་དུ་གཏོང་བ་དང་། ཡུལ་སྐོར་འཕེལ་རྒྱས་དང་། ཁྱད་ལྡན་གསོ་སྤེལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐད་འབད་བརྩོན་བྱེད་པར་ཡར་སྐུལ་བྱས་ཏེ། མང་ཚོགས་ཀྱིས་སྔར་ལས་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་ཐུབ་པར་འབད་བརྩོན་བྱ་རྒྱུ་ཡིན”ཟེར།
ཡུལ་དངོས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ཉན་པ་དང་། ཀོང་ཞི་རླངས་འཁོར་སྡེ་ཚོགས་ཚད་ཡོད་ཀུང་སིའི་འགོ་གཙོ།རྩལ་ནུས་ཆེད་མཁས་པའམ་འཐུས་མི་ཀྲིན་ཀྲིས་མིན་གྱིས་བཤད་རྒྱུར། “དུས་རབས་གསར་པ་དང་སྐྱོད་ལམ་གསར་པས་ང་ཚོར་གསར་སྐྲུན་གསར་གཏོད་ཀྱི་གར་སྟེགས་ཆེན་པོ་ཞིག་འདོན་སྤྲོད་བྱས་ཡོད་པས། ངས་རྒྱུན་ཆད་མེད་པར་ཤེས་བྱ་གསར་པ་དང་། ལག་རྩལ་གསར་པ། རྩལ་ནུས་གསར་བར་སློབ་སྦྱོང་བྱས་ནས་ལག་ཤེས་པའི་སྙིང་སྟོབས་ལག་ལེན་བྱེད་པའི་སྣེ་ཁྲིད་པ་བཟང་བོ་ཞིག་བྱས་ཏེ། བཟོ་སྐྲུན་ལས་རིགས་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་བ་དང་། ཚན་རྩལ་རང་ཚུགས་དང་རང་སྟོབས་རང་འཕེལ་མགྱོགས་མྱུར་སྒོས་མངོན་འགྱུར་འབྱུང་བར་རང་ཉིད་ཀྱིས་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན”ཟེར།
མདུན་སྐྱོད་ཀྱི་སྒུལ་ཤུགས་སྔར་ལས་ཆེ་བ་དང་། རྒྱལ་ངེས་ཀྱི་ཡིད་ཆེས་སྔར་ལས་བརྟན་པ། འབད་འཐབ་ཀྱི་སྙིང་སྟོབས་སྔར་ལས་འཕེལ་ཡོད།
ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།