ཟླ10པའི་ཚེས16ཉིན། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་མི་དམངས་ཚོགས་ཁང་ཆེན་མོ་རུ་གཟབ་རྒྱས་ངང་འཚོགས། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དྲིལ་སྒྲོག་སྡེ་ཁག་གི་ཏང་ཡོན་ལས་བྱེད་པས་བྱེད་སྟངས་སྣ་ཚོགས་བརྒྱུད་ནས་མགོ་རྩོམ་ཚོགས་འདུར་ཉན་པ་དང་བལྟས་རྗེས། ཁོ་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུར་བགྲོ་གླེང་བྱས།
རྨ་ལྷོ་ཁུལ་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་མ་ཆིན་ཡུན་གྱིས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་ཏང་གིས་བགྲོད་ལམ་གསར་པ་རུ་དར་ཆ་ཅི་ཞིག་སྒྲེང་བ་དང་ལམ་གང་ཞིག་ཏུ་སྐྱོད་པ། བསམ་པའི་ཉམས་འགྱུར་གང་འདྲ་ཞིག་ལ་བརྟེན་པ། དམིགས་འབེན་ཅི་ཞིག་བསྙེགས་ཏེ་མུ་མཐུད་དུ་མདུན་སྐྱོད་བྱེད་པ་གསལ་པོར་བསྒྲགས་ཡོད། ང་ཚོས“ངེས་པར་དུ་བྱ་དགོས་པ་གསུམ”ཡིད་ལ་དམ་པོར་བཟུང་སྟེ། དུས་རབས་གསར་པའི་དྲིལ་སྒྲོག་བསམ་བློའི་བྱ་བའི་ལས་འགན་ཕྲག་ཏུ་བླངས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དེ་ནང་གནས་འགྱུར་མེད་ཀྱི་དད་སེམས་སུ་བསྒྱུར་བ་དང་། བྱ་བར་སྐུལ་འདེད་གཏོང་བའི་རིག་ལམ་དུ་བསྒྱུར་བ། བྱ་བའི་བྱེད་ཐབས་སུ་བསྒྱུར་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དྲིལ་སྒྲོག་དང་ལག་བསྟར་དོན་འཁྱོལ་བྱེད་པའི་ཐད་ཁག་ཁུར་ནུས་ལྡན་གྱིས་ལག་བསྟར་བྱེད་པ་དང་བདེན་སྲུང་གསར་སྐྲུན་སྒོས་འགན་འཁྲི་ལེགས་སྒྲུབ་བྱེད་དགོས་ཟེར།
རྨ་ལྷོ་ཁུལ་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ཏིན་ཡུང་ཕེན་གྱིས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལ་ཉན་རྗེས་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། སྙན་ཞུའི་ནང“རིག་གནས་ཀྱི་རང་རྟོན་དང་རང་སྟོབས་རང་སྤེལ་ལ་སྐུལ་འདེད་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ལ་གཟི་འོད་གསར་པ་བསྐྲུན་དགོས”ཞེས་བསྟན་པ་འདིས། ང་ཚོས་བདེན་སྲུང་གསར་སྐྲུན་སྒོས་དྲིལ་སྒྲོག་བསམ་བློའི་རིག་གནས་བྱ་བ་ལེགས་པོར་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་པོ་བསྟན་ཡོད། དྲིལ་སྒྲོག་སྡེ་ཁག་གི་ལས་སྒྲུབ་པ་ཞིག་ཡིན་པའི་ཆ་ནས། ངས་རང་རྟོགས་སྒོས་དར་ཆ་སྒྲེང་བ་དང་དམངས་སེམས་གཅིག་ཏུ་བསྡུ་བ། མི་རབས་གསར་པ་སྐྱེད་སྲིང་། རིག་གནས་དར་སྤེལ། སྣང་བརྙན་ལེགས་པོ་བསྐྲུན་པའི་ལས་འགན་ཕྲག་ཏུ་ཁུར་ནས། སྔོན་ལ་སློབ་སྦྱོང་དང་སློབ་སྦྱོང་ཟབ་མོ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གྱི་ཕུན་སུམ་ཚོགས་པའི་ནང་དོན་དང་ལྟེ་བའི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བསམ་བློར་དྲག་ཆས་སྤྲོས་བ་དང་། ལག་ལེན་ལ་མཛུབ་སྟོན། དྲིལ་སྒྲོག་གི་རྣམ་པ་གསར་གཏོད། སྒྲོག་འགྲེལ་བྱ་ཡུལ་རྒྱ་བསྐྱེད་པ་བཅས་ཀྱིས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག སྒྲོག་འགྲེལ་བྱ་བ་ཏན་ཏིག་གིས་བསྒྲུབས་ནས་རྨ་ལྷོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དྲིལ་སྒྲོག་གི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།
རྨ་ལྷོ་ཁུལ་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པའམ་ཁུལ་བསམ་པའི་དཔལ་ཡོན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་རྟ་མགྲིན་རྡོ་རྗེ་ཡིས་བཤད་རྒྱུར། ང་ཚོའི་ཏང་གིས་དཀའ་ངལ་ཁྱད་བསད་དང་རྒྱལ་ཁའི་གླུ་དབྱངས་ལེན་བཞིན་མདུན་སྐྱོད་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ཤིང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་འབྱུང་བར་སྔར་ལས་འཐུས་སྒོ་ཚང་བའི་ལམ་ལུགས་ཀྱི་ཁག་ཐེག་དང་། སྔར་ལས་སྲ་ཞིང་བརྟན་པའི་དངོས་པོའི་རྨང་གཞི། སྔར་ལས་རང་འགུལ་གྱི་བསམ་པའི་སྟོབས་ཤུགས་མཁོ་འདོན་བཅས་བྱས་ཡོད། རྗེས་ཕྱོགས་སུ་ང་ཚོས་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་བ་དང་དུས་ཚོད་བརྩོན་ལེན་བྱེད་པ། ལང་ཚོ་ཆུད་ཟོས་སུ་མི་གཏོང་བར་རིག་གནས་ཀྱི་རང་རྟོན་ཇེ་བརྟན་དང་འགུལ་སྐྱོད་ཀྱི་རང་རྟོགས་ཇེ་དྲག་ཏུ་བཏང་ནས། དུས་རབས་ལ་བླ་སྲོག་བསྐྲུན་པ་དང་། མི་དམངས་ལ་མིང་གྲགས་འཇོག་པ། ཕུགས་འདུན་ལ་བསྟོད་གླུ་འབུལ་བ་བཅས་བྱས་ཏེ། མཉམ་དུ་ཕྱུག་འགྱུར་ཡོང་བའི་རྨ་ལྷོའི་མ་དཔེ་བསྐྲུན་ཆེད་བསམ་བློའི་ཁག་ཐེག་དང་བསམ་པའི་སྟོབས་ཤུགས་གཅིག་སྡུད་བྱེད་དགོས་ཟེར།
ཐུན་རིན་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིག་ལིས་ལིས་ཀྱིས་བཤད་རྒྱུར། དྲིལ་སྒྲོག་ལས་བྱེད་མི་སྣ་ཞིག་ཡིན་པའི་ཆ་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་བརྗོད་དོན་ལ་གོ་བ་ཟབ་མོ་ལེན་དགོས་པ་དང་། སྙན་ཞུའི་ནང་བསྟན་པའི“གོང་བུར་འགྲིལ་ཤུགས་དང་སྣེ་ཁྲིད་ཀྱི་ནུས་པ་ཆེན་པོ་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་འཛུགས་སྐྲུན་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ཁྱོན་ཡོངས་ནས་ལག་ལེན་དུ་བསྟར་བ། སྤྱི་ཚོགས་ཡོངས་ཀྱི་དཔལ་ཡོན་དར་ཚད་ཇེ་མཐོར་གཏོང་བ། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་དུ་གཏོང་བ། ཀྲུང་ཧྭའི་ཤེས་རིག་གི་ཁྱབ་སྤེལ་ནུས་པ་དང་ཤུགས་རྐྱེན་ཐེབས་ནུས་ཇེ་ཆེར་གཏོང་དགོས”ཞེས་པའི་བླང་བྱ་འདིར་དམིགས་པ་དང་། “དར་ཆ་མཐོན་པོར་སྒྲེང་བ་དང་དམངས་སེམས་གཅིག་ཏུ་བསྡུ་བ། མི་རབས་གསར་པ་སྐྱེད་སྲིང་དང་རིག་གནས་དར་སྤེལ་ཤུགས་ཆེན་གཏོང་བ། སྣང་བརྙན་ལེགས་པོ་བསྐྲུན་པ”ཞེས་པའི་ལས་འགན་ལ་དམ་པོར་དམིགས་ནས་བསམ་བློ་ཀུན་སྤྱོད་འཛུགས་སྐྲུན་དང་། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་སྤེལ་གཏོང་བ། འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་ཇེ་བརྟན་དུ་གཏོང་བ་བཅས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏིང་ཟབ་བཏང་ནས། སྤྱི་ཚོགས་ཡོངས་ལ་གསོན་ཉམས་དོད་པའི་རིན་ཐང་ལྟ་བ་དང་དྲང་ཕྱོགས་ནུས་ཚད་བརྒྱུད་སྤྲོད་བྱས་ཏེ། དུས་སྐབས་གསར་པ་དང་གནས་བབ་གསར་པའི་འོག་གི་དྲིལ་སྒྲོག་རིག་གནས་བྱ་བའི་ལེའུ་གསར་པ་རྩོམ་དགོས་ཟེར།
གཅན་ཚ་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཡུམ་སྐྱིད་སྒྲོལ་མས་བཤད་རྒྱུར། གཞི་རིམ་གྱི་དྲིལ་སྒྲོག་སྡེ་ཁག་གི་འགན་ཁུར་པ་ཞིག་ཡིན་པའི་ཆ་ནས། བསམ་བློའི་སྟེང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དྲིལ་སྒྲོག་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དྲིལ་སྒྲོག་བྱ་རྒྱུ་དེ་མིག་སྔར་དང་དེང་ཕྱིན་གྱི་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། རྒྱ་ཆེ་ཞིང་གཏིང་ཟབ་སྒོས་དྲིལ་སྒྲོག་བྱས་ཏེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱིམ་ཚང་རེ་རེས་ཤེས་པར་བྱ་རྒྱུ་ཁག་ཐེག་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རླབས་ཆེན་དར་ཆ་ཐོག་མཐའ་བར་གསུམ་དུ་མཐོན་པོར་བསྒྲེངས་ཏེ། དྲིལ་སྒྲོག་ལས་བྱེད་པས་དར་ཆ་སྒྲེང་བ་དང་དམངས་སེམས་གཅིག་ཏུ་བསྡུ་བ། མི་རབས་གསར་པ་སྐྱེད་སྲིང་། རིག་གནས་དར་སྤེལ། སྣང་བརྙན་ལེགས་པོ་བསྐྲུན་པ་བཅས་ཀྱི་འགན་འཁྲི་དང་ལས་འགན་རང་རྟོགས་ངང་ཕྲག་ཏུ་ཁུར་ནས། རྫོང་ཡོངས་ཀྱི་ཕྱོགས་སོ་སོ་དང་། ཁྱབ་ཁོངས་སོ་སོ། རིམ་པ་སོ་སོའི་ལས་བྱེད་མང་ཚོགས་ལ་རིགས་པའི་གཞུང་ལུགས་ཐོག་ནས་དྲག་ཆས་སྤྲོས་བ་དང་བསམ་བློའི་ཐོག་ནས་སློབ་གསོ་དང་ཁྲིད་སྟོན་བྱེད་པའི་བྱ་བ་ཏན་ཏིག་ངང་ལེགས་པར་སྒྲུབ་པ་དང་། ཕྱི་ནང་གཉིས་ཀྱི་དྲིལ་སྒྲོག་བྱེད་ཤུགས་མུ་མཐུད་དུ་ཇེ་ཆེར་གཏོང་བ། སྤྱི་ཚོགས་ཀྱི་དྲང་ནུས་དར་སྤེལ་དང་དུས་རབས་ཀྱི་དབྱངས་རྟ་གཙོ་བོ་གྱེར་ནས། གཅན་ཚའི་གཏམ་རྒྱུད་བརྗོད་པ་དང་དྲིལ་སྒྲོག་བྱས་ཏེ། གཅན་ཚའི་སྣང་བརྙན་མཐོར་འདེགས་གཏོང་དགོས་ཟེར།
རྩེ་ཁོག་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཅའོ་ཡིས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལས་དུས་རབས་གསར་པའི་ཏང་གི་དྲིལ་སྒྲོག་བསམ་བློ་དང་འདུ་ཤེས་འཛིན་སྟངས་བྱ་བར་བཀོད་སྒྲིག་དང་བླང་བྱ་གསར་པ་བཏོན་ནས། ང་ཚོའི་རྗེས་ཕྱོགས་ཀྱི་བྱ་བར་ཁ་ཕྱོགས་གསལ་པོ་བསྟན་ཡོད། རྗེས་ཕྱོགས་སུ་ང་ཚོས་ཕྱོགས་གསུམ་ནས་སྙན་ཞུའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་དགོས་ལ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་གི“སྔོན་སྐྱོད་པ”བྱས་ནས། ཁྱོན་ཡོངས་ནས་སྙན་ཞུར་མ་ལག་རང་བཞིན་གྱི་སློབ་སྦྱོང་དང་བསམ་བློ་གཏོང་བ། ལག་ལེན་དངོས་དང་ཟུང་འབྲེལ་བྱེད་པ་བཅས་ཀྱིས་སྙན་ཞུའི་དགོངས་དོན་གཏིང་ཟབ་སར་སྐྱོད་པ་དང་། སེམས་སུ་འཇགས་པ། དོན་དངོས་སུ་སྐྱོད་པར་སྐུལ་སྤེལ་གཏོང་དགོས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དྲིལ་སྒྲོག་གི“གཙོ་ཤུགས་དམག་དཔོན”བྱས་ཏེ། སྨྱན་བྱད་ཐོན་ཁུངས་སྣ་ཚོགས་བེད་སྤྱད་དེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དྲིལ་སྒྲོག་དང་། དུས་ལྟར་གཞི་རིམ་དུ་སོང་ནས་མཉམ་སྒུལ་སྒོས་ཁྱབ་ཁོངས་སོ་སོར་ཁྱོན་ཡོངས་ནས་དྲིལ་སྒྲོག་བྱས་ཏེ། ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་མི་སེམས་སུ་འཇགས་པར་བྱེད་དགོས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་ལེན་དོན་འཁྱོལ་བྱེད་པའི“སྣེ་ཁྲིད་པ”བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ཁྲོད་ཀྱི་འདུ་ཤེས་འཛིན་སྟངས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ། རིག་གནས་ལས་དོན་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་གཏོང་བ་སོགས་ཀྱི་བླང་བྱ་དང་བྱ་བའི་དོན་དངོས་ལ་ཟུང་འབྲེལ་བྱས་ཏེ། འགན་འཁྲི་ཕྲག་ཏུ་འཁུར་བ་དང་རྩེ་ཁོག་གི་དྲིལ་སྒྲོག་བསམ་བློ་བྱ་བའི་མདུན་ལྗོངས་ལེགས་པོ་གསར་དུ་གཏོད་དགོས་ཟེར།
ཧི་ནན་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་རིན་ཆེན་གྱིས་བཤད་རྒྱུར། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཞིག་ཡིན་པའི་ཆ་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག དོན་འཁྱོལ་བཅས་བྱ་རྒྱུ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས། མ་རྩོམ་ཇི་མ་ཇི་བཞིན་ཀློག་པ་དང་། མ་ཡིག་ཏན་ཏིག་ངང་སྦྱོང་བ། རྩ་བའི་རིགས་པ་ནན་ཏན་གྱིས་རྟོགས་པ་བཅས་ཀྱིས་ལས་རྐང་ལ་གཞི་ཚུགས་ནས། གསར་འགྱུར་དྲིལ་སྒྲོག་དང་། རིགས་པའི་གཞུང་ལུགས་ཞིབ་འཇུག གཅིག་སྡུད་སྒྲོག་འགྲེལ་སོགས་ཀྱི་བྱ་བར་གཅིག་འདོམས་བྱས་ཏེ། འབྲོག་ཁུལ་གྱི་དར་དམར་སྒྲོག་འགྲེལ་ཚོགས་པ་དང་རྟ་ཐོག་སྒྲོག་འགྲེལ་ཚོགས་པ་སོགས་ཕྱོགས་མང་པོའི་སྟོབས་ཤུགས་དེའི་ནང་ཞུགས་རྒྱུར་ཁྲིད་སྟོན་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཧི་ནན་རྩྭ་ཐང་དང་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་པར་བྱས་ཏེ། རྫོང་ཡོངས་ཀྱི་གོང་འོག་ཚང་མས་སློབ་སྦྱོང་དང་། དྲིལ་སྒྲོག ལག་བསྟར་བཅས་ཀྱི་ཚ་རླབས་འཕྱུར་དུ་བཅུག་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཧི་ནན་རྫོང་དུ་དོན་འཁྱོལ་ཞིབ་ཚགས་ཐུབ་པར་བྱེད་དགོས་ཟེར།
རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།