སྤྱི་ཚོགས་རིང་ལུགས་རིག་གནས་ཀྱི་འོད་སྟོང་གསར་པ་གཏོད།
2022.11.01 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 53

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་བགྲོད་ལམ་རྒྱུན་འཁྱོངས་བྱེད་པ་དང་། རིག་གནས་ཀྱི་བློ་སྤོབས་ཆེ་རུ་གཏོང་བ། མི་རིགས་ཧྲིལ་པོའི་རིག་གནས་གསར་སྐྲུན་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་བསམ་པའི་སྟོབས་ཤུགས་ཆེ་རུ་གཏོང་དགོས་ཞེས་བསྟན་ཡོད། ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་ནང་འཐུས་མི་ཚོས། དུས་རབས་གསར་པར་སྲ་ཞིང་བརྟན་པའི་རིག་གནས་ཀྱི་བློ་སྤོབས་འབོད་སྐུལ་བྱེད་པ་དང་དུས་རབས་གསར་པར་སྲ་ཞིང་བརྟན་པའི་རིག་གནས་ཀྱི་བློ་སྤོབས་སྔར་ལས་ལྷག་པ་གཏོད་དགོས་ཞེས་བསྟན་ཡོད།

རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཁྲོད་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་ལ་འགག་རྩའི་སྣེ་ཁྲིད་ནུས་པ་ལྡན་ཡོད། ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་། ང་ཚོས་མར་ཁེ་སི་རིང་ལུགས་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་མཛུབ་ཁྲིད་གནས་བབ་ཀྱི་རྩ་བའི་ལམ་ལུགས་རྒྱུན་འཁྱོངས་བྱེད་དགོས་ཞེས་བསྟན་ཡོད། ཚོགས་ཆེན་ཉི་ཤུ་པའི་འཐུས་མི་ཀྲོའུ་རུང་ཧྥང་གིས་བཤད་རྒྱུར། ཀྲུང་ཧྭ་ཡི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་འདུ་ཤེས་ཧ་ཅང་མང་པོ་ཞིག་ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འདོད་ཚུལ་དང་ཚད་མཐོའི་གཅིག་མཐུན་རང་བཞིན་ལྡན་ཡོད་པས། དེས་རང་ཤུགས་སུ་ང་ཚོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་ཐེབས་ངེས་རེད་ཟེར།

ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མི་ཁྲེན་ཧོས་ལི་ཡིས་བཤད་རྒྱུར། ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་གང་ཐུབ་བྱེད་དགོས་ལ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དེ་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་གང་ཅི་ཐད་མཉམ་འདྲེས་ཐུབ་པར་བྱེད་པ་དང་། མི་རྣམས་ཀྱི་བརྩེ་སེམས་ཀྱི་ཁས་ལེན་དང་བྱ་སྤྱོད་ཀྱི་གོམས་གཤིས་སུ་འགྱུར་བ་བྱས་ནས་དམངས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དོན་གཉེར་དུ་འགྱུར་བར་བྱེད་དགོས་ཟེར།

རིག་གནས་ཀྱི་བློ་སྤོབས་དང་རང་གིས་རང་ལ་ཡིད་ཆེས་བྱེད་ཤུགས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་ཆེ་རུ་གཏོང་བའི་ཕུལ་བྱུང་གི་བརྩམས་ཆོས་དང་ཁ་འབྲལ་ཐབས་མེད། ཕུལ་བྱུང་གི་རིག་གནས་བརྩམས་ཆོས་ཇི་ལྟར་བྱས་ནས་མེ་ཏོག་སྣ་བརྒྱ་མཉམ་བཞད་བྱེད་དགོས་སམ་ཞེ་ན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མི་ཚོས་རང་ཉིད་ཀྱི་ལས་ཀ་དང་ཟུང་འབྲེལ་བྱས་ནས་རང་སོ་སོའི་མྱོང་ཚོར་གླེང་ཡོད། ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མི་ཅིན་ཁེ་ལེ་ན་རེ་གཞི་རིམ་གྱི་ཝུའུ་ལུམ་མུའུ་ཆིར་གཞི་རྐང་ཚུགས་ནས་ལོ20ཕྱིན་ཡོད་ཅིང་། ཁོས་རིག་རྩལ་གསར་རྩོམ་དེ་མང་ཚོགས་ཁྲོད་ནས་ཡོང་བ་དང་ངེས་པར་དུ་མང་ཚོགས་ཁྲོད་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ང་ཚོ་ཝུའུ་ལུམ་མུའུ་ཆིའི་གསར་རྩོམ་གྱི་འབྱུང་ཁུངས་དང་གསར་རྩོམ་གྱི་སྤྱིའི་ཕྱོགས་སྟོན་ཚང་མ་ནི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་ནས་ཡོང་བ་ཞིག་ཡིན་པ་དང་། གླུ་གར་འཁྲབ་སྟོན་བྱེད་པའི་རྣམ་པ་བརྒྱུད་དེ་མང་ཚོགས་ཀྱི་ཁྲོད་དུ་བསྐྱོད་བཞིན་ཡོད། དེ་བས་མང་ཚོགས་རྣམས་རིག་རྩལ་འཁྲབ་སྟོན་གྱི་རྣམ་པ་དེ་རིགས་ལ་ཧ་ཅང་དགའ་ཟེར།

ཚོགས་ཆེན་ཉི་ཤུ་པའི་འཐུས་མི་ལི་ན་ལུའོ་ནི་ལ་ཧུའུ་རིགས་ཀྱི་རིག་རྩལ་ལས་དོན་པ་ཞིག་ཡིན། ཁོས་རིག་རྩལ་བརྩམས་ཆོས་ཀྱིས་དུས་རབས་ཀྱི་རྣམ་པ་མཚོན་དགོས་ལ་དུས་རབས་ཀྱི་རྣམ་ཐར་འགོད་དགོས། ང་རང་གིས་གླུ་དབྱངས་འབྲི་སྐབས་ཀྱང་སྲོལ་རྒྱུན་གྱི་གདངས་དབྱངས་སྤྱོད་བཞིན་ཡོད། ད་ལྟ་ཏང་གི་སྲིད་ཇུས་བཟང་ལ་ང་ཚོའི་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་ཐུབ་བྱུང་ལ། ང་རང་གིས་ཀྱང་ཏང་གི་སྲིད་ཇུས་དང་མི་རིགས་མཐུན་སྒྲིལ་དེ་ངའི་གླུ་དབྱངས་ཁྲོད་ནས་མཚོན་པར་བྱེད་བཞིན་ཡོད་ཟེར།

ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མི་ཡོན་ཡོན་ནི་དེང་རབས་ཀྱི་ཧོང་མེ་ཟློས་གར་མཁས་པ་ཞིག་རེད། ཁོས་རིག་རྩལ་གསར་རྩོམ་བྱེད་པར་རྒྱུན་འཛིན་བྱེད་དགོས་ལ་དེ་བས་ཀྱང་གསར་གཏོད་བྱེད་དགོས། ངའི་བསམ་པར་སྲོལ་རྒྱུན་རྒྱུན་འཛིན་དང་གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུ་དེ་གཉིས་དབར་འགལ་ཟླ་མེད་སྙམ་གྱིན་ཡོད། དེ་ལྟར་བྱས་ཚེ་ང་ཚོའི་ཟློས་གར་གཞི་ནས་གཞི་རྐང་ཚུགས་ཐུབ་པ་དང་། ཡུན་རིང་འཁྲབ་སྟོན་བྱེད་ཐུབ་པ། རྒྱུན་འཛིན་ཐུབ་པ་བཅས་བྱེད་ཐུབ་ངེས་རེད་ཟེར།

ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ནི་ཀྲུང་ཧྭའི་དཔལ་ཡོན་གྱི་བློ་གྲོས་ཉིང་བཅུད་ཡིན། ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་དགོས་ཞེས་ནན་གྱིས་བསྟན་ཡོད། ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མི་ཧྥང་ཆིན་གྱིས་བཤད་རྒྱུར། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པར་ད་དུང་ཚན་རྩལ་ལ་བརྟེན་ནས་ནུས་པ་སྔར་ལས་མང་པོ་འདོན་དགོས། དཔེར་ན། བསྟར་བསྒྲིགས་ཅོང་དྲིལ་ངོས་ནས་བརྗོད་ན། དངོས་པོ་ངོ་མར་ང་ཚོས་རེག་ཐུག་བྱེད་མི་ཉན། འོན་ཀྱང་ང་ཚོསVRལྟ་བུའི་ལག་རྩལ་ལ་བརྟེན་ནས་གྲངས་འཛིན་ཁོར་ཡུག་ཁྲོད་ཅོང་བརྡུངས་ཆོག འདིས་བསྟར་སྒྲིག་ཅོང་དྲིལ་བརྡུང་བའི་མྱོང་ཚོར་ཇེ་ཆེར་གཏོང་ཐུབ་ལ། ང་ཚོས་ཀྱང་སྨྱན་མང་ལ་བརྟེན་ནས་སྔར་ལས་གཏིང་ཟབ་ཅིང་རྣམ་པ་གསར་པའི་སྒོ་ནས་རིག་དངོས་ལ་ལྡན་པའི་རིན་ཐང་རྒྱས་བཤད་བྱེད་ཐུབ་ཟེར།

ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མི་སུན་ཞའོ་ཡུན་ནི་ཡིག་གཟུགས་མཁས་ཅན་ཞིག་རེད། ཁོས་སྲོལ་རྒྱུན་རིག་གནས་ལ་བློ་སྤོབས་ལྡན་དགོས། ང་ཚོས་ལག་གི་སྤུ་སྨྱུག་ལ་བརྟེན་ནས་ཀྲུང་གོའི་གཏམ་རྒྱུད་ཡག་པོ་བཤད་པ་དང་ཀྲུང་གོའི་སྐད་སྒྲ་བརྒྱུད་བསྒྲགས་ཡག་པོ་བྱེད་པ། ན་གཞོན་ཤེས་ལྡན་པ་གསོ་སྐྱོང་བྱེད་པ་བཅས་བྱས་ནས་གཅིག་རྒྱུད་གཅིག་འཛིན་གང་ལེགས་ཀྱིས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས་ཟེར།

ཏུན་ཧོང་ཞིབ་འཇུག་ཁང་ནས་ཡོང་པའི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མི་ཀྲའོ་ཧྲེང་ལེའང་གིས་བཤད་རྒྱུར། ཏུན་ཧོང་རིག་གནས་ཞིབ་འཇུག་དང་རྒྱུན་འཛིན་བྱས་ཚེ། མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་ཀྱི་གསོན་ཤུགས་འཕེལ་ཐུབ་པའི་ངོས་འཛིན་བྱས་ཡོད་ཟེར།

ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་། སྤྱི་ཚོགས་ཡོངས་ཀྱི་དཔལ་ཡོན་དར་ཚད་མཐོ་རུ་གཏོང་བ་དང་། སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྤེལ་བཟོ་སྐྲུན་ལག་བསྟར་བྱ་དགོས་ཞེས་བསྟན་ཡོད། ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མི་ཝུའུ་ཡ་ཆིན་དང་ཧོང་ཡན་ཡན་གཉིས་ཀྱིས་བཤད་རྒྱུར། སྡེ་ཁུལ་གྱི་རིག་གནས་འཛུགས་སྐྲུན་དང་རིག་གནས་དམངས་ཕན་བཟོ་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། སྡེ་ཁུལ་སློབ་གསོར་ང་རང་ཞུགས་པ་དང་། ཚན་རིག་ཤེས་བྱ་རང་ཁྱིམ་དུ་སྤེལ་བ། གྲོང་མིའི་སྤྱི་ཆིངས་གྲོང་མིས་གཏན་འཁེལ་བྱེད་པ། ཤེས་དཔལ་ལྡན་པའི་སྡེ་ཁུལ་ནི་ང་དང་ཁྱེད་དང་ཁོང་བཅས་ལ་བརྟེན་ཞེས་པ་སོགས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱས་ཏེ། སྐྱོན་བྲལ་ཡར་བརྩོན་གྱི་འཆམ་མཐུན་ཁོར་ཡུག་དང་དཔལ་ཡོན་གྱི་དར་སྲོལ་བསྐྲུན་དགོས་ཟེར།