རླབས་ཆེན་གྱི་དར་ཆ་མཐོན་པོར་བསྒྲེངས་ནས་རླབས་ཆེན་གྱི་དུས་རབས་གསར་བར་འབད་པས་བསྐྱོད། བློ་སེམས་རྩེ་གཅིག་གིས་མ་འོངས་པའི་མཚོ་སྔོན་གྱི་སེམས་འདུན་དྲག་པོ་གླུ་རུ་ལེན།
2022.11.03 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 23

---ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོ་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱེད་པའི་ཚ་རླབས་འཕྱུར།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་གསུང་སྐད་སྙན་མོ་མཚོ་སྔོན་གྱི་རི་ཀླུང་ཀུན་ཏུ་ཁྱབ་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གྱིས་མཐོ་སྒང་གི་བུ་དང་བུ་མོ་རྣམས་དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་པར་སྐུལ་མ་བཏང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ཚོགས་པའི་སྐབས་སུ། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་ལས་ཁུངས་སོ་སོ་དང་། མི་དམངས་དང་ཏང་ཡོན་ལས་བྱེད་པ་སོགས་ཀྱིས་ནན་ཏན་གྱིས་ཚོགས་ཆེན་གྱི་ཡུལ་དངོས་གནས་ཚུལ་ལ་བལྟོས་པ་དང་། མཉམ་དུ་མྱོང་ཚོར་གླེང་ཞིང་། སེམས་ཚོར་བཤད། ཚོགས་ཆེན་རྒྱལ་ཁའི་ངང་མཇུག་སྒྲིལ་བ་དང་། མཐོ་སྒང་གི་ས་གཞི་ཆེན་མོ་རུ་སློབ་སྦྱོང་གི་ཚ་རླབས་ཤིག་འཕྱུར་ཞིང་། ཚང་མས་སྙན་ཞུའི་ནང་དོན་ལ་སློབ་སྦྱོང་དང་། སྙན་ཞུའི་ནང་དོན་ལ་གོ་བ་བླངས་ཏེ། ཐུན་མོང་གི་ངོས་ཟིན་གཅིག་བསྡུས་དང་། སྟོབས་ཤུགས་གཅིག་འདུས་བྱས།

རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བཤད་རྒྱུར། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱས་ནས་འབད་བརྩོན་ཆེན་པོ་དང་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་དེ། བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྟེང་དངོས་གནས་གཅིག་གྱུར་ཡོང་བར་བྱས་པ་དང་། སྟོབས་ཤུགས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་གཏན་འཁེལ་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པའི་སྟེང་གཅིག་བསྡུས་བྱས་ཤིང་། འབད་བརྩོན་སྔར་ལས་ཆེན་པོས་བྱ་བ་སོ་སོ་བཟང་པོར་སྒྲུབ་ཏེ། བློ་གཅིག་སེམས་གཅིག་གིས་མ་འོངས་པའི་མཚོ་སྔོན་གྱི་སེམས་འདུན་དྲག་པོ་གླུ་རུ་བླངས།

དར་ཆ་མཐོན་པོར་བསྒྲེངས་ནས་དུས་རབས་གསར་བའི་སྐྱོད་ལམ་གྱི་རྒྱུགས་སྤྲོད་ལམ་དུ་ཞུགས།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ཚོགས་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དོན་འཁྱོལ་དང་། ཕྱོགས་ཡོངས་ནས་ཏང་གི་གཞི་རྩའི་ལམ་ཕྱོགས་དང་། གཞི་རྩའི་བྱེད་ཕྱོགས་དོན་འཁྱོལ་བྱས་ཏེ། འཐབ་ཕྱོགས་རང་བཞིན་གྱི་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་དང་། འགྱུར་ལྡོག་རང་བཞིན་གྱི་ལག་ལེན་རབ་དང་རིམ་པར་སྐུལ་འདེད་བཏང་སྟེ། ཐོད་བརྒལ་རང་བཞིན་གྱི་འཕེལ་རིམ་རབ་དང་རིམ་པ་མངོན་འགྱུར་བྱུང་བ་དང་། མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་རབ་དང་རིམ་པ་བླངས་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་། ལོ་རྒྱུས་རང་བཞིན་གྱིས་འགྱུར་ལྡོག་བྱུང་སྟེ། རང་རྒྱལ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་བའི་སྟེང་བསྐྱོད་པར་སྐུལ་འདེད་བཏང་།

ཞིབ་འཇུག་གྲོས་སྡུར་བྱས་ནས་སློབ་སྦྱོང་བྱེད་སྐབས། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས“སློབ་སྦྱོང་བྱས་ནས་གོ་བ་ལེན་པ་དང་། བསམ་གཞིག་གི་ཆུ་ཚད་མཐོ་རུ་གཏོང་བ། བྱ་སྤྱོད་དོན་འཁྱོལ་བྱེད་པ”བཅས་གནད་འགག་གསུམ་ལ་དམིགས་ནས་འགོ་ཁྲིད་ལས་བྱེད་པའི་ཆེད་དོན་སློབ་སྦྱོང་དང་།  ཏང་ཡོན་ལས་བྱེད་པའི་དཔེ་སྟོན་སློབ་སྦྱོང་། དྲ་ཐོག་དང་ཡུལ་དངོས་ནས་ཚང་མས་སློབ་སྦྱོང་བྱེད་པ། ན་གཞོན་ཚོགས་པས་གསར་སྐྲུན་གྱི་སྒོ་ནས་སློབ་སྦྱོང་བྱེད་པ། དྲ་སྟེང་དང་ཡུལ་དངོས་གཉིས་ནས་དུས་མཉམ་དུ་སློབ་སྦྱོང་བྱས།  ཞིང་ཆེན་ནོར་སྲིད་ཐིན་གྱིས་སློབ་སྦྱོང་སྒྲོག་འགྲེལ་གྱི་ཇུས་གཞི་ནན་ཏན་སྒོས་བཟོས་པ་དང་། འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་སློབ་ཁྲིད་ཟུར་ཁྲིད་བྱས་ལ། ཆེད་མཁས་པ་གདན་དྲངས་ནས་སྒྲོག་འགྲེལ་བྱས་ཤིང་། ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ཏེ་སློབ་སྦྱོང་གྲོས་སྡུར་རྒྱ་ཆེན་པོ་བྱས། ཞིང་ཆེན་ཆེད་མཁས་པ་དང་ཤེས་ལྡན་མི་སྣའི་མཉམ་འབྲེལ་ཚོགས་པས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་ཆེད་མཁས་པ་དང་ཤེས་ལྡན་མི་སྣ་300ལྷག་རྩ་འཛུགས་བྱས་ཏེ་དྲ་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་མཇུག་སྒྲིལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་སོགས་ཀྱི་ནང་དོན་ཁག་དགུ་ལ་སློབ་སྦྱོང་བྱས་པ་དང་། ཁྱབ་ཁོངས་སོ་སོའི་ཆེད་མཁས་པ་དང་ཤེས་ལྡན་མི་སྣ་ཚོས་མཉམ་ཏུ་བལྟས་ན། མཐོ་རིམ་རིག་མཛོད་སྟེགས་བུ་ཞིག་ཡིན་པའི་ཆ་ནས། སྣེ་ཁྲིད་དེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག དོན་འཁྱོལ་བཅས་བྱ་རྒྱུ་ནི་མཉམ་འབྲེལ་ཚོགས་པའི་འགན་འཁྲི་དང་ལས་འགན་ཡིན་པ་དང་། མཉམ་འབྲེལ་ཚོགས་འདུའི་སྟེང་དུ་བརྗེ་རེས་དང་དཔྱད་བསྡུར་བྱས་ནས་གྲུབ་པའི་སྤུས་ཚད་མཐོ་བའི་སློབ་སྦྱོང་གི་མྱོང་ཚོར་དང་ཕུལ་བྱུང་གི་སློབ་སྦྱོང་གྲུབ་འབྲས་དུས་ཐོག་ཏུ་ལས་ཁུངས་ནང་དུ་བརྒྱུད་སྒྲོག་དང་མཉམ་སྤྱོད་བྱེད་པ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་བྱེད་མཁན་དང་བརྒྱུད་སྒྲོག་བྱེད་མཁན་བཟང་པོ་བྱས་ཏེ།“དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་པ”འཛུགས་སྐྲུན་བྱེད་ཆེད་བློ་གྲོས་དང་སྟོབས་ཤུགས་སྔར་ལས་ཆེན་པོ་འབུལ་དགོས་པར་འདོད།

སྤྲོ་སེམས་འཁོལ་བའི་སློབ་སྦྱོང་དང་གྲོས་སྡུར་ཁྲོད། ཚང་མས་འདས་ཟིན་པའི་ལོ5དང་དུས་རབས་གསར་པའི་ལོ་བཅུ་ནི་སྤྱིར་བཏང་མ་ཡིན་པའི་ལོ་ཡིན་པའི་མྱོང་ཚོར་ཟབ་མོ་བྱུང་ཡོད་པ་རེད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། དུས་ཡུན་རིང་པོར་ཐག་གཅོད་བྱེད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་གཅོད་བྱས་པ་དང་། དུས་ཡུན་རིང་བོར་འབྲེལ་བ་ཡོད་པའི་དོན་ཆེན་དང་དོན་དག་གལ་ཆེན་མང་པོ་བསྒྲུབས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཐད་འཛམ་གླིང་ན་མཐོང་དཀོན་པའི་གྲུབ་འབྲས་གལ་ཆེན་ལེན་པར་སྐུལ་འདེད་བཏང་ཡོད། འདས་ཟིན་པའི་ལོ་ལྔ་དང་དུས་རབས་གསར་པའི་ཚུན་གྱི་ལོ་བཅུར་ཕྱིར་མིག་བལྟས་ཚེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་ཕྱོགས་སྟོན་སྣེ་ཁྲིད་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་གི་མཛུབ་སྟོན་ཡོད་པའི་རྐྱེན་རེད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་དགོས་ན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་བརྟན་པོ་ཆུད་དགོས་པ་དང་། ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་ཀྱི་གནས་ལུགས་དང་གཞུང་ལུགས་མཚན་ཉིད་རིག་པའི་ངོས་འཛིན་གཏིང་ཟབ་བྱེད་དགོས་ཤིང་། རྒྱུན་འཁྱོངས་ལྷོད་མེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་བློ་གྲོས་གཅིག་བསྡུས་བྱས་ཏེ། ཏང་གི་གསར་སྐྲུན་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོ་བ་དང་། ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་དགོས།

དར་ཆ་མཐོན་པོར་བསྒྲེངས་ནས་རླབས་ཆེན་གྱི་དུས་རབས་གསར་བར་ཧུར་ཐག་གིས་སྐྱོད།

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་ཞུགས་པ། དབུལ་ཐར་མཁྲེགས་གཏོར་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཚར་བའི་ལོ་རྒྱུས་ཀྱི་ལས་འགན་ལེགས་གྲུབ་བྱུང་ནས་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱུང་། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་དམངས་ཀྱི་སྣེ་ཁྲིད་དེ་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན་པའི་དོན་ཆེན་གསུམ་བསྒྲུབས་པ་རེད།

བསྟུད་མར་ཉིན་འགའི་རིང་ལ། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་གྱིས་བརྙན་འཕྲིན་ཚོགས་འདུ་བསྡུས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་དང་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀོང་ཞི་འཐུས་ཚབ་ཚོགས་པའི་གྲོས་བསྡུར་ནང་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་སོགས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་མིག་སྔའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་འཕྲོད་བསྟེན་བདེ་ཐང་གི་བྱ་བ་གཙོ་བོར་ཟུང་འབྲེལ་བྱས་ཏེ་སློབ་སྦྱོང་དོན་འཁྱོལ་བྱས་ཤིང་། སློབ་སྦྱོང་གི་ཕན་འབྲས་དེ་འཕྲོད་བསྟེན་བདེ་ཐང་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་བསྒྱུར་བར་དངོས་གནས་སྐུལ་འདེད་བཏང་། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་གྱི་ལས་རིགས་ཁག་གི་ན་གཞོན་འཐུས་ཚབ་པ་བརྒྱ་ཙམ་བསྡུས་ནས་སློབ་སྦྱོང་གྲོས་སྡུར་བྱས་པ་དང་། སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པའི་ཐད་ཤུགས་སྣོན་བརྒྱབ་སྟེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་བྱེད་མཁན་གྱི་བློ་རྩ་བརྟན་པའི་སྔོན་སྐྱོད་པ་ཞིག་བྱེད་པར་འབད་བརྩོན་བྱས། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་སང་ལོ་བྱ་བའི་འཆར་འགོད་དང་ཟུང་འབྲེལ་དམ་པོ་བྱས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དེ་མཚོ་སྔོན་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཁྱབ་ཁོངས་ནང་རྩ་བ་བརྟན་པོ་ཚུགས་རྒྱུར་སྐུལ་འདེད་བཏང་བ་དང་། ཞིང་ཆེན་ཚན་རྩལ་མཐུན་ཚོགས་ཀྱིས་ཚན་རྩལ་མཐུན་ཚོགས་ཀྱི་ལས་འགན་གཙོ་བོར་རྐང་བཙུགས་ཏེ་སྙན་ཞུའི་དགོངས་དོན་ཚན་རྩལ་མཐུན་ཚོགས་རྩ་འཛུགས་ཀྱི་ལས་སྐྲུན་དང་ཟུང་འབྲེལ་དམ་པོ་བྱས་ནས་དངོས་སྒྲུབ་དོན་འཁྱོལ་བྱས།

སློབ་སྦྱོང་གི་མཁའ་དབུགས་སྟུག་པོའི་ཁྲོད། ལོ་བཅུའི་རིང་གི་སྤྱིར་བཏང་མ་ཡིན་པའི་ལོ་རྒྱུས་ལ་ཚང་མའི་སེམས་ནང་དུ་ཐུན་མོང་གི་ངོས་ཟིན་དྲག་པོ་བྱུང་། ཏང་ཡོན་ལས་བྱེད་པ་ཚོས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བཟང་པོ་དང་། དྲིལ་སྒྲོག་བཟང་པོ། ལག་བསྟར་བཟང་པོ་བྱེད་རྒྱུ་དེ་ད་སྐབས་དང་རྗེས་ཕྱོགས་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གཙོ་བོ་དང་ཡུན་རིང་གི་འཐབ་ཇུས་ལས་འགན་ཞིག་ཏུ་བརྩིས་ཡོད་པ་དང་། དུས་རབས་གསར་པའི་ལོ་བཅུའི་རླབས་ཆེན་འཕོ་འགྱུར་ཁྲོད“གཏན་ཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་དགོས་པ་དང་།“གཏན་འཁེལ་གཉིས”ཀྱི་ལོ་རྒྱུས་ཀྱི་རླབས་ཆེན་བྱ་གཞག་གསར་པ་གསར་གཏོད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་ཏེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ནས་བློ་བརྟན་འགྱུར་མེད་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་པ་དང་། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏོང་བ་དང་དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་བའི་འཐབ་ཇུས་བཀོད་སྒྲིག་ལ་སྐུལ་འདེད་ཟབ་མོ་གཏོང་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ།“ངེས་པར་དུ་བྱ་དགོས་པ་གསུམ”བློ་ལ་བརྟན་པོར་བཅངས་ནས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་རྒྱུ་དེ་ནམ་ཡང་ལམ་དུ་ཡོད་པ་དང་ཏང་གི་རང་ངོས་གསར་བརྗེ་དེ་ནམ་ཡང་ལམ་དུ་ཡོད་པའི་བློ་རྩ་བརྟན་པོ་དང་འགྱུར་མེད་སེམས་པས་ཏང་ཡོན་ལས་བྱེད་པའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་ལ་སྐུལ་འདེད་བཏང་ནས་སྤྱོད་གཙང་གཞུང་དྲང་གི་ཏང་ནང་ཁུལ་གྱི་ཆབ་སྲིད་ཁོར་ཡུག་དང་ལས་སྒྲུབ་ལས་སྐྲུན་གྱི་རྣམ་པ་བཟང་པོ་ཞིག་སྔར་ལས་ཆགས་པར་བྱེད་རྒྱུ་ཡིན་ཟེར།

དར་ཆ་མཐོན་པོར་བསྒྲེངས་ནས་མཚོ་སྔོན་གྱི་སེམས་འདུན་དྲག་པོ་གླུ་རུ་ལེན།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་དུས་རབས་གསར་པའི་རླབས་ཆེན་གྱི་གྲུབ་འབྲས་ནི་ཏང་དང་མི་དམངས་ཀྱིས་མཉམ་དུ་འབད་བརྩོན་དང་། ལས་སྒྲུབ། འབད་འཐབ་བཅས་བྱས་ནས་བྱུང་བ་རེད། དུས་རབས་གསར་པའི་ལོ་ངོ་བཅུའི་རླབས་ཆེན་འཕོ་འགྱུར་ནི་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་བའི་ལོ་རྒྱུས། བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ལོ་རྒྱུས། ཀྲུང་ཧྭ་མི་རིགས་ཀྱི་འཕེལ་རྒྱས་ལོ་རྒྱུས་བཅས་ཀྱི་སྟེང་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད་ཅེས་བསྟན།

ཚོགས་ཆེན་ཐེངས་ཉི་ཤུ་པའི་གསུང་སྐད་སྙན་མོ་རྨ་ཙོང་གྲོག་རོང་དང་། ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་། མུ་མཐའ་མེད་པའི་གངས་ལྗོངས་མཐོ་སྒང་དུ་ཁྱབ་ནས་གྲོང་ཁྱེར་གཉིས་དང་ཁུལ་དྲུག་ཏུ་འབད་འཐབ་བྱེད་བཞིན་པའི་ཏང་ཡོན་ལས་བྱེད་པར་ཡིད་ཆེས་སྔར་ལས་ཆེན་པོ་བསྩལ་བ་དང་། བློ་སྤོབས་ཀྱིས་ཁེངས་སུ་བཅུག ཚང་མས་ཏང་ལ་དྲིན་ལན་འཇལ་བའི་བསམ་པ་དང་ཏང་ལ་དགའ་ཞེན་བྱེད་པའི་ཆོད་སེམས་བརྟན་པོ་བཅངས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ཁྲོད་གསུང་བའི་སྟོབས་ཤུགས་ལ་མྱོང་ཚོར་ཟབ་མོ་བྱུང་།    སློབ་སྦྱོང་གི་ཁྲོད་དུ་བྱ་བ་སྒྲུབ་པ་དང་། བྱ་བའི་ཁྲོད་སློབ་སྦྱོང་གི་གྲུབ་འབྲས་ཉམས་སུ་མྱངས་ཏེ། ཏང་ཡོན་ལས་བྱེད་པས་སློབ་སྦྱོང་དང་བྱ་བ་གཉིས་མི་ཤོར་བར་སློབ་སྦྱོང་བྱེད་འདོད་ཆེ་བ་དང་། བྱ་བ་སྒྲུབ་པའི་སྟོབས་ཤུགས་ཡང་ཧ་ཅང་ཆེན་པོ་ལྡན་པ་རེད།

ཟི་ལིང་གྲོང་ཁྱེར་གྱི་ཏང་ཡོན་ལས་བྱེད་པས“དད་སེམས་ཀྱི་སྟོབས་ཤུགས”ཞེས་པའི་ཁ་པར་གྱིAppདྲ་བའི་སྟེགས་བུར་བརྟེན་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བྱེད་རྒྱུ་དེ་ཏང་གི་སྒྲིག་ཡིག་སློབ་སྦྱོང་བྱེད་པ་དང་ཟུང་འབྲེལ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་ལ་བཏོན་པའི་བླང་བྱ་གལ་ཆེན་དང་ཟུང་འབྲེལ་བྱས་ཏེ་སློབ་སྦྱོང་བྱས་པ་དང་། དེང་རབས་དང་། མཛེས་སྡུག བདེ་སྐྱིད་ལྡན་པའི་ཟི་ལིང་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་གཅིག་བསྡུས་བྱས་ཏེ། “དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་པ”འཛུགས་སྐྲུན་བྱེད་པའི་གྲལ་མགོའི་དམག་དཔུང་བྱེད་པར་བརྩོན་ལེན་བྱེད་རྒྱུ་ཡིན་པར་བཤད། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གི་ཏང་ཡོན་ལས་བྱེད་པ་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་དང་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་སོགས་ནན་ཏན་གྱིས་ཞིབ་ཀློག་བྱས་ནས་མ་ཡིག་ཀློག་པ་དང་། རྩ་དོན་ལ་གོ་བ་ལེན་པ། གཙོ་གནད་ལ་དམིགས་ཏེ་རྨང་གཞི་ཇེ་བརྟན་དུ་གཏོང་བ། སྟོབས་ཤུགས་གཅིག་བསྡུས་དང་གནད་འགག་དོན་འཁྱོལ་དམ་འཛིན་བྱས། མཚོ་ཤར་གྲོང་ཁྱེར་ལའོ་ཏུའུ་ས་ཁུལ་གྱིས་ས་ཁུལ་ཡོངས་ཀྱི་སློབ་སྦྱོང་དང་དྲིལ་སྒྲོག་དོན་འཁྱོལ་བྱ་བའི་ཕྱོགས་ཡོངས་ལ་བཀོད་སྒྲིག་བྱས་པ་དང་། ལའོ་ཏུའུ་ཡི་ཡུན་རིང་གི་འཕེལ་རྒྱས་གནད་དོན་གལ་ཆེན་དང་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་དཀའ་གནད་དང་འབྲེལ་བ་ཡོད་པའི་གནད་དོན་ལ་དམིགས་ནས་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་འགན་སྲུང་བྱ་བ་བཟང་པོར་བསྒྲུབ་རྒྱུར་དམ་འཛིན་བྱས། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་གིས“ཡན་ཐན་སློབ་ཁྲིད”སྟེགས་བུ་བཙུགས་མ་ཟད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མིའམ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་གསེར་ཐང་ཡུལ་ཚོ་ཏུང་ཏཱ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའམ་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་འགན་གཅིག་ལྕོགས་སུ་འཁུར་མཁན་ཉིག་ཧྲིན་ཡུག་གདན་དྲངས་ནས་ཆེད་དོན་སྒྲོག་འགྲེལ་སྙན་ཞུ་ཕུལ་བ་དང་། ཧེ་ཡན་གྱི“མཁར་གྲོང་གཅིག་དང་ལས་རིགས་ལྔ•ས་ཁོངས་ཡོངས་ཀྱི་སྐྱེ་ཁམས”སྤྱིའི་འཕེལ་རྒྱས་རྣམ་པར་དམ་པོར་འབྲེལ་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་བཏོན་པའི་དམིགས་འབེན་ལས་འགན་དེ་ཧའེ་ཡན་དུ་དོན་འཁྱོལ་ཞིབ་ཕྲ་བྱས།

ཚང་མས་གཅིག་རྗེས་གཉིས་མཐུད་དུ་བཤད་རྒྱུར། བྱ་སྤྱོད་སྤེལ་ནས་ཇི་མ་ཇི་བཞིན་དུ་སློབ་སྦྱོང་བྱེད་པ་དང་ཡིག་འབྲུ་རེ་རེ་བཞིན་སློབ་སྦྱོང་བྱས་ཏེ། ཆ་ཚང་བ་དང་ཡང་དག་པ། ཕྱོགས་ཡོངས་ནས་གོ་བ་ཡང་དག་ལེན་པ་དང་དངོས་སྒྲུབ་བྱས་ཏེ། སློབ་པ་དང་བསམ་པ། ཤེས་པ་དང་ལག་ལེན་གཅིག་གྱུར་ཡོང་བར་བྱེད་རྒྱུ་ཡིན། སྣེ་ཁྲིད་དེ་སློབ་སྦྱོང་བྱེད་པ་དང་། སློབ་རོགས་བྱེད་པ། སློབ་སྦྱོང་བྱེད་པར་སྐུལ་འདེད་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སློབ་སྦྱོང་ལ་སྐུལ་འདེད་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གཞི་རིམ་དུ་བསྐྱལ་བ་དང་མང་ཚོགས་ཀྱི་གམ་དུ་བསྐྱལ་ནས་དྲིལ་སྒྲོག་གི་དམིགས་གཏད་རང་བཞིན་དང་། གསོན་ཉམས་ལྡན་པའི་རང་བཞིན། དངོས་ཕན་རང་བཞིན་བཅས་མུ་མཐུད་དུ་ཇེ་ཆེར་བཏང་སྟེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་མིའི་སེམས་ལ་འབབ་ཏུ་འཇུག་རྒྱུ་ཡིན། བསམ་བློ་ཕྱོགས་གཅིག་ལ་གཏོང་བ་དང་། ནུས་ཤུགས་ཕྱོགས་གཅིག་ལ་བཏོན་ཏེ། ལོ་རྒྱུས་ཀྱི་ཡིད་ཆེས་བརྟན་པ་དང་། ལོ་རྒྱུས་ཀྱི་རང་འགུལ་ཇེ་དྲག་ཏུ་གཏོང་བ། ཕུ་ཐུང་བརྫེས་ནས་འབད་པས་སྒྲུབ་ཏེ། སོང་ས་ན་རྐང་རྗེས་ཡོད་པ་ལྟར་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་བཏོན་པའི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་རྣམས་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་ཕན་འབྲས་དངོས་ཐོན་པར་བྱེད་པ། སློབ་སྦྱོང་གི་གྲུབ་འབྲས་དེ་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་དུ་བསྒྱུར་བར་སྐུལ་འདེད་བཏང་སྟེ། ནུས་ཤུགས་ཡོད་རྒུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དེ་མཚོ་སྔོན་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་ཤུགས་ཆེན་པོས་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།