ཏང་གི་གསར་གཏོད་གཞུང་ལུགས་ཀྱི་གནས་ལུགས་དང་རིགས་པ། གཏན་ཚིགས་བཅས་ལ་གོ་བ་ཟབ་མོ་བླངས་ནས་དེའི་ཁྲོད་ཁྱབ་པའི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་རྒྱུན་འཁྱོངས་དང་བེད་སྤྱོད་ཡག་པོ་བྱ་དགོས།
2022.11.09 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 22

 ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོར་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་ཤིག་འཕྱུར།

བསྟུད་མར་ཉིན་ཤས་རིང་ལ། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་སྐབས་བསྟུན་སྣ་མང་གི་བྱེད་ཐབས་སྤྱད་དེ།  ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུར་ཕྱོགས་ཡོངས་ནས་སློབ་སྦྱོང་བྱས། ཏང་ཡོན་ལས་བྱེད་པས་ཞིབ་ཀློག་དང་གྲོས་བསྡུར་ཡང་ཡང་བྱས་ནས་རྒྱུན་ཆད་མེད་པར་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་གོ་བ་ཟབ་མོ་བླངས་ཏེ། བསམ་བློ་གསར་པ་དང་ཆོད་གཏམ་གསར་པའི་ཁྲོད་ནས་རང་ཉིད་ཀྱི་བྱ་བའི་མི་འདང་ས་འཚོལ་ཞིབ་བྱས་པ་དང་། བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པའི་ཁྲོད་ནས་གོམ་རིམ་རྗེས་མའི་བྱ་བར་བསམ་གཞིག་བྱས།

ཚང་མས་བཤད་རྒྱུར། རྒྱུན་ཆད་མེད་པར་མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་། དུས་རབས་ཅན་ཏུ་འགྱུར་བའི་ལེའུ་གསར་བ་རྩོམ་རྒྱུ་ནི་དེང་རབས་ཀྲུང་གོ་གུང་ཁྲན་ཏང་མིའི་གཟི་བརྗིད་ལྡན་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཡིན།  སློབ་སྦྱོང་གི་གྲུབ་འབྲས་སེམས་ལ་འཇགས་པར་བྱེད་པ་དང་། བྱ་སྤྱོད་ཐོག་ནས་དམ་འཛིན་བྱས་ཏེ། མུ་མཐུད་དུ་ལག་ལེན་རྨང་གཞིའི་སྟེང་གི་རིགས་པའི་གཞུང་ལུགས་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་དགོས་ན།   ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཆུད་པར་བྱས་ཏེ། དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་རྒྱུན་འཁྱོངས་དང་བེད་སྤྱོད་ཡག་པོ་བྱེད་པ་དང་། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་བསམ་ཕྱོགས་གསར་པ་གཏོད་པར་འབད་བརྩོན་བྱེད་དགོས་ཟེར།

ཡིད་ཆེས་བརྟན་པོ་བཅངས་ནས་བདེན་དོན་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལས་བསྟན་དོན། མར་ཁེ་སིའི་རིང་ལུགས་ནི་ང་ཚོས་ཏང་དང་རྒྱལ་ཁབ་འཛུགས་པ་དང་། ཏང་དང་རྒྱལ་ཁབ་དར་རྒྱས་གཏོང་བའི་རྩ་བའི་མཛུབ་སྟོན་བསམ་བློ་ཡིན། ལག་ལེན་གྱི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་འཇོན་པོ་ཡོད་དོན་ཅི་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཡག་པོ་ཡོད་དོན་གང་ཡིན་པ་དེ།  མཐར་གཏུགས་ནས་བཤད་ན་མར་ཁེ་སི་རིང་ལུགས་འཕེར་པོ་ཡོད་པའི་རྐྱེན་གྱིས་ཡིན་པ་དང་། ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་མར་ཁེ་སིའི་རིང་ལུགས་འཕེར་པོ་ཡིན་པའི་རྐྱེན་གྱིས་ཡིན། མར་ཁེ་སིའི་རིང་ལུགས་ཀྱི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་མཛུབ་སྟོན་ཡོད་པ་འདི་ནི་ང་ཚོའི་ཏང་གིས་དད་མོས་དང་དད་སེམས་ཇེ་བརྟན་དུ་གཏོང་བ་དང་ལོ་རྒྱུས་ཀྱི་རང་འགུལ་སྟངས་འཛིན་ཐུབ་པའི་རྩ་བ་གནས་ས་ཡིན་པ་བཅས་ང་ཚོར་གསལ་བོར་བརྗོད་ཡོད།

རྒྱུན་མཐུད་ངང་སློབ་སྦྱོང་གཏིང་ཟབ་བྱེད་པའི་ཁྲོད། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་ཀྱིས་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ། སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དེ་ཁྱོན་ཡོངས་དང་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱས་ནས། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་ལྟེ་བའི་དོན་སྙིང་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། ལག་ལེན་ལ་མཛུབ་སྟོན་དང་ལས་དོན་ལ་སྐུལ་འདེད་བཏང་། ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་སྔོན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ཏེ།    མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ནས། ཞིང་ཆེན་ཡོངས་ཀྱི་སྨན་རྫས་བདེ་འཇགས་བཅོས་སྐྱོང་ནུས་པ་དང་། སྨན་རྫས་བདེ་འཇགས་ལྟ་སྐུལ་དོ་དམ་ཆུ་ཚད། སྨན་རྫས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆུ་ཚད། མི་དམངས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་བཅས་ཇེ་མཐོར་བཏང་། ཞིང་ཆེན་ཚོང་དོན་ཐིན་གྱིས་སློབ་སྦྱོང་བྱེད་སྟངས་གསར་གཏོད་བྱས་ཏེ། ཇི་ལྟར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་བེད་སྤྱོད་སྔར་ལས་བཟང་བོ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཚོང་དོན་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཐད་མྱོང་ཚོར་དང་བསམ་ཚུལ་གླེང་།

ཕན་ཚུན་སྤེལ་རེས་དང་སློབ་སྦྱོང་བྱེད་པའི་ཁྲོད། ཚང་མས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནས་བཏོན་པའི“མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བར་སྐུལ་སྤེལ་གཏོང་རྒྱུ་ནི་བདེན་དོན་བརྩོན་གཉེར་དང་། བདེན་དོན་གསལ་སྟོན། བདེན་དོན་ལག་བསྟར་བཅས་བྱེད་པའི་བརྒྱུད་རིམ་ཞིག་ཡིན”པར་གོ་བ་སྔར་ལས་གཏིང་ཟབ་ལོན་པ་རེད།  ཚང་མས་གཅིག་རྗེས་གཉིས་མཐུད་དུ་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ནི་མར་ཁེ་སིའི་རིང་ལུགས་ཀྱི་བདེན་དོན་གྱི་འོད་ཟེར་འཕྲོ་བའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བསྒྲགས་གཏམ་དང་། སྐུལ་སློང་གི་བཀའ་རྒྱ། བྱ་སྤྱོད་ཀྱི་ཕྱོགས་སྟོན་བཅས་ཡིན་པ་རེད།   ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱ་དགོས་ན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཆུད་པར་བྱས་ཏེ། བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཤུགས་སྣོན་བྱེད་དགོས། “ཟུང་འབྲེལ་གཉིས”དང“རྒྱུན་འཁྱོངས་དྲུག”ལ་གོ་བ་ཟབ་མོ་བླངས་སྟེ།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ངོ་བོར་ཡང་དག་པས་ངོས་འཛིན་དང་ཁོང་དུ་ཆུད་པར་བྱས་ནས། མུ་མཐུད་དུ་མར་ཁེ་སིའི་རིང་ལུགས་ཀྱི་དད་སེམས་ཇེ་བརྟན་དུ་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དད་སེམས་ཇེ་བརྟན་དུ་གཏོང་བ། ཐོག་མཐའ་བར་གསུམ་དུ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་ཤོས་ལ་བརྟེན་ནས་ཏང་ཡོན་ལ་དྲག་ཆས་སྤྲོས་པ་དང་། ལས་བྱེད་པར་སློབ་གསོ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་བ་ལེན་ནུས། ཆབ་སྲིད་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་དགོས།

སྙིང་སྟོབས་ཆེར་སྐྱེད་ཀྱིས་བསམ་བློ་གསར་བར་བརྟེན་ནས་སྐྱོད་ལམ་གསར་པར་ཁྲིད་སྟོན་བྱེད་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལས་བསྟན་དོན། “མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱས་ཏེ།  རྩོད་སྒྲུབ་དངོས་གཙོ་རིང་ལུགས་དང་ལོ་རྒྱུས་དངོས་གཙོ་རིང་ལུགས་བཀོལ་སྤྱོད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཚེ། ད་གཟོད་དུས་རབས་དང་ལག་ལེན་གྱིས་བཏོན་པའི་གནད་དོན་གལ་ཆེན་ལ་ལན་བཟང་བོ་འདེབས་ཐུབ་པ་དང་། ཐོག་མཐའ་བར་གསུམ་དུ་མར་ཁེ་སིའི་རིང་ལུགས་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་རྒྱུན་འཁྱོངས་བྱེད་ཐུབ།”

སློབ་སྦྱོང་དང་མྱོང་བ་གླེང་སྐབས། ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན་གྱི་ཏང་ཡོན་ལས་བྱེད་པས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལས་མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་གོ་རྟོགས་གསར་པ་གཏོད་པར་བཏོན་པའི་བསམ་བློ་གསར་པ་དང་། ལྟ་བ་གསར་པ། བླང་བྱ་གསར་པ་བཅས་རབ་དང་རིམ་པར་གོ་བ་ཟབ་མོ་བླངས་སྟེ། རིག་གནས་དང་ཡུལ་སྐོར་ལས་དོན་འཕེལ་རྒྱས་གཏོང་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་སུ་མདུན་སྐྱོད་བྱེད་པར་འགན་ལེན་བྱས་ནས། རིག་གནས་དང་ཡུལ་སྐོར་ལས་དོན་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས། ཞིང་ཆེན་ནགས་ཚལ་རྩྭ་ཐང་ཅུས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་བཟང་བོ་དང་། དྲིལ་བསྒྲགས་བཟང་བོ། ལག་བསྟར་བཟང་བོ་བཅས་བྱ་རྒྱུ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས། ཏང་ཡོན་ལས་བྱེད་པར་སྙན་ཞུའི་ལྟེ་བའི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་།  ཁོང་དུ་ཆུད་པར་བྱས་ཏེ་ཇི་ལྟར་ཆ་ཚང་དང་། བརྒྱུད་རིམ་ལྡན་པའི་སྒོ་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བར་སློབ་སྦྱོང་དང་སྤེལ་རེས་བྱེད་དགོས་པའི་བླང་བྱ་བཏོན། ཞིང་ཆེན་ཆུ་བེད་ཐིན་གྱིས་བརྙན་རིས་ཆེད་དོན་ཞིབ་འཇུག་གྲོས་སྡུར་ཚོགས་འདུ་བསྡུས། ལས་བྱེད་པ་དང་ལས་བཟོ་པས་བལྟས་ན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ།   བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རིགས་པའི་གཞུང་ལུགས་འཚོལ་ཞིབ་དང་གསར་གཏོད་བྱེད་ཕོད་པ་དང་། མཐོང་སྣེ་གསར་རྐྱང་གི་ཐོག་ནས་གུང་ཁྲན་ཏང་གི་སྲིད་འཛིན་ཆོས་ཉིད་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ལ་ངོས་འཛིན་གཏིང་ཟབ་ཏུ་བཏང་སྟེ། རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་པ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་སྟེང་གཅིག་བསྡུས་ཀྱིས་མངོན་ཡོད་པར་འདོད།

ཚང་མས་གཅིག་རྗེས་གཉིས་མཐུད་དུ་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ལེན་སྐབས། མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱས་ཏེ། དུས་རབས་གསར་པའི་ལོ་བཅུའི་རླབས་ཆེན་འཕོ་འགྱུར་གྱི་དོན་སྙིང་ཟབ་མོ་དང་དོན་སྙིང་གལ་ཆེན་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱེད་པ་དང་། རླབས་ཆེན་གྱི་འཕོ་འགྱུར་དེ་དག་གིས་ཏང་དང་། ཀྲུང་གོ་མི་དམངས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན། ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་21པའི་ཀྲུང་གོའི་འཕེལ་རྒྱས་ལ་ཐེབས་པའི་ཤུགས་རྐྱེན་ལ་གོ་བ་ཟབ་མོ་ལེན་པ། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཐོག་ངེས་པར་དུ་དུས་རབས་གསར་པའི་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་། འཐབ་ཇུས་བཀོད་སྒྲིག འཐབ་ཇུས་བྱེད་ཐབས་བཅས་རྒྱུན་འཁྱོངས་བྱེད་རྒྱུར་གཡོ་འགུལ་མི་གཏོང་བ་དང་འཐབ་ཇུས་ཀྱི་རང་རྟོན་ཇེ་བརྟན་དུ་གཏོང་རྒྱུར་གོ་བ་གཏིང་ཟབ་ལེན་དགོས་ཟེར།    འབད་བརྩོན་སྒོས་སྙན་ཞུའི་ཁྲོད་ནས་བསམ་བློ་རྟོགས་པ་དང་། དད་སེམས་ཇེ་བརྟན་དུ་གཏོང་བ།  བྱེད་ཐབས་འཚོལ་ཞིབ་བྱེད་པ། རྒྱུན་སྲིང་ལྷོད་མེད་སྒོས་ཆབ་སྲིད་ཀྱི་ནུས་པ་ཇེ་དྲག་ཏུ་གཏོང་བ།  རྒྱུན་འཁྱོངས་ལྷོད་མེད་སྒོས་བྱ་བའི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ནས། གཟབ་ནན་ཞིབ་ཚགས་ཀྱི་བྱ་བའི་སྤྱོད་ཚུལ་རྒྱུན་ཆད་མེད་པར་སྐྱེད་སྲིང་བྱེད་དགོས།

ངེས་པར་དུ་མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ་དང་། ངེས་པར་དུ་རང་རྟོན་རང་བརྩོན་རྒྱུན་འཁྱོངས་བྱེད་པ། ངེས་པར་དུ་དྲང་སྲུང་གསར་གཏོད་རྒྱུན་འཁྱོངས་བྱེད་པ། ངེས་པར་དུ་གནད་དོན་ཕྱོགས་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ། ངེས་པར་དུ་མ་ལག་འདུ་ཤེས་རྒྱུན་འཁྱོངས་བྱེད་པ། ངེས་པར་དུ་གནམ་འོག་བློ་ལ་འཆང་བ་རྒྱུན་འཁྱོངས་བྱེད་པ་བཅས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་བཏོན་པའི“རྒྱུན་འཁྱོངས་དྲུག”ལས་གྲོང་ཁྱེར་གཉིས་དང་ཁུལ་དྲུག་གི་ཏང་ཡོན་ལས་བྱེད་པས་མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་གོ་རྟོགས་གསར་པ་བཏོད་པར་གོ་བ་ཟབ་མོ་ལེན་པ་དང་མྱོང་ཚོར་ཟབ་མོ་བྱུང་ཡོད། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཝུའུ་ལན་རྫོང་དུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་གྲོས་བསྡུར་བྱེད་པའི་ཚ་རླབས་འཕྱུར། ཚང་མས་བསྟན་དོན། མར་ཁེ་སིའི་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་དེ་ངེས་པར་དུ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་ཀྱི་རང་རྟོན་གནད་དོན་སྐོར་གླེང་སྐབས“ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་རང་རྟོན་དང་། རིགས་པའི་གཞུང་ལུགས་ཀྱི་རང་རྟོན། ལམ་ལུགས་ཀྱི་རང་རྟོན་བཅས་ཇེ་བརྟན་དུ་གཏོང་རྒྱུ་དེ་མཐར་གཏུགས་ནས་བརྗོད་ན་རིག་གནས་ཀྱི་རང་རྟོན་ཇེ་བརྟན་དུ་གཏོང་རྒྱུ་དེ་ཡིན་ལ། རིག་གནས་ཀྱི་རང་རྟོན་ནི་སྔར་ལས་གཞི་རྩར་གྱུར་པ་དང་། སྔར་ལས་གཏིང་ཟབ་པ། སྔར་ལས་རྒྱུན་སྲིང་བཅས་ཀྱི་སྟོབས་ཤུགས་ཤིག་ཡིན”ཞེས་ནན་བཤད་གནང་ཡོད།  མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་ལེའུ་གསར་བ་རྩོམ་པའི་ཐོག་ནས་མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་བར་གྱི“ཟུང་འབྲེལ་ཟབ་མོ་”མཚོན་ཡོད་ཟེར།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་རྫོང་གི་ཏང་ཡོན་ལས་བྱེད་པས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུར་སློབ་སྦྱོང་བྱེད་སྐབས་བཤད་རྒྱུར།  ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དེ་བཞིན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་དོན་འཁྱོལ་བྱེད་པ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ།  གནད་དོན་དངོས་གནས་ཐག་གཅོད་བྱེད་པའི་བསམ་ཕྱོགས་གསར་པ་དང་བྱེད་ཐབས་གསར་པ་རྒྱུན་ཆད་མེད་པར་བཏོན་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་ཁྲིད་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་བ་བཅས་བྱེད་པ་དང་། སློབ་སྦྱོང་གི་གྲུབ་འབྲས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དངོས་དོན་གཉེར་བའི་བྱ་སྤྱོད་དུ་འགྱུར་བར་བྱེད་དགོས་ཟེར།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གི་ཏང་ཡོན་ལས་བྱེད་པས་གཅིག་བསྡུས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུར་སློབ་སྦྱོང་བྱས། ཚང་མས་བཤད་རྒྱུར། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་གནད་དུ་འཛིན་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ཀྱི་དོན་སྙིང་གཏིང་ཟབ་ཏུ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་དེ་རྫོང་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འཛུགས་སྐྲུན་བྱེད་པའི་ཁྱབ་ཁོངས་སོ་སོར་ཁྱབ་པར་བྱས་ཏེ། རོང་འབྲོག་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་སྔར་ལས་མཐོར་འདེགས་ དང་། སྔར་ལས་འགན་སྲུང་། སྔར་ལས་རྒྱུན་མཐུད་བཅས་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དེ་ཐུན་ཏེ་ནས་བརྟན་བརླིང་ངང་དོན་འཁྱོལ་བྱས་ཏེ།  རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་གསོན་ཉམས་དོད་པའི་རྣམ་པ་སྔར་ལས་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བ་དང་། མི་རིགས་ས་ཁུལ་གྱི་ཏང་གི་སྲིད་འཛིན་རྨང་གཞི་སྔར་ལས་སྲ་བརྟན་དང་སྲིད་འཛིན་ནུས་པ་སྔར་ལས་ཇེ་དྲག་ཏུ་གཏོང་དགོས་ཟེར།

མཚོ་ཤར་གྲོང་ཁྱེར་གྱི་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུར་སློབ་སྦྱོང་བྱེད་སྐབས་བཤད་རྒྱུར། ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་བྱེད་པའི་གནས་ལུགས་དང་རིགས་པ། གཏན་ཚིགས་བཅས་ལ་གོ་བ་ཟབ་མོ་བླངས་ནས། དེའི་ཁྲོད་ཁྱབ་པའི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་རྒྱུན་འཁྱོངས་དང་བེད་སྤྱོད་ཡག་པོ་བྱེད་པ་དང་།   “ཟུང་འབྲེལ་གཉིས”དང“རྒྱུན་འཁྱོངས་དྲུག”གི་ལྟེ་བའི་དོན་སྙིང་དང་ལག་ལེན་གྱི་བླང་བྱ་ཁོང་དུ་ཆུད་པར་བྱས་ཏེ།  རྒྱུན་ཆད་མེད་པར་དེའི་ཁྲོད་ནས་བསམ་པའི་སྟོབས་ཤུགས་བསྡུ་ལེན་དང་ལག་ལེན་གྱི་འཇོན་ཐང་ཆེ་རུ་བཏང་སྟེ།  བྱ་སྤྱོད་དངོས་ཀྱི་ཐོག་ནས“མར་ཁེ་སི་རིང་ལུགས་འཕེར་པོ་ཡོད་པའི”དུས་རབས་གསར་པའི་ལེའུ་གསར་པ་རྩོམ་རྒྱུར་ལེགས་སྐྱེས་འབུལ་དགོས་ཟེར།

ཡིག་སྒྱུར་བ།སྒྲོལ་མ་སྐྱིད།