--ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་རུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱེད་པའི་ཚ་རླབས་འཕྱུར།
དམིགས་འབེན་གཏན་འཁེལ་དང་གྲུ་གཡོར་འཕྱར་ནས་མདུན་དུ་སྐྱོད། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་རུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་ཟབ་མོ་བྱས་པ་དང་བསྟུན་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་དང་། བསམ་གཞིགས། ལག་ལེན། གོ་བ་ལེན་པ། ལས་བཏོད་ལས་སྐྲུན་གྱི་སྙིང་སྟོབས་སྔར་ལས་མཐོ་རུ་ཕྱིན་པ་དང་། སློབ་སྦྱོང་འགྲན་སྡུར་དང་འབད་འབུངས་ཡར་བརྩོན་གྱི་རྣམ་པ་ལེགས་པོ་ཞིག་གིས་ཁེངས་ཡོད་པ་རེད།
ཚང་མས་མཉམ་གཅིག་ཏུ་བཤད་རྒྱུར། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་ངོ་བོའི་བླང་བྱ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་དང་རྩ་དོན་གལ་ཆེན་ངེས་པར་ཁོང་དུ་བརྟན་པོར་ཆུད་དགོས་ན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་བཀོད་པའི་འབྲེལ་བར་གོ་བ་ཟབ་མོ་ལེན་པ་དང་། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དོན་འཁྱོལ་བྱེད་རྒྱུ་གཙོ་གནད་དུ་བཟུང་སྟེ། སྐྱོད་ལམ་གསར་པར་འབད་འཐབ་བྱ་རྒྱུའི་དམིགས་འབེན་དང་ལས་འགན་སྔར་ལས་གསལ་བོ་དང་། མདུན་སྐྱོད་བགྲོད་ལམ་སྔར་ལས་གསལ་པོ་ཡོང་བར་བྱ་དགོས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་མུ་མཐུད་དུ་ཕྱོགས་ཡོངས་ནས་སློབ་སྦྱོང་བྱེད་ན། ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མཛུབ་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཡིད་ཆེས་བརྟན་པོ་དང་ཡར་ཐོན་བརྩོན་ལེན་སྒོས་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་མུ་མཐུད་དུ་གྲུབ་འབྲས་གསར་པ་ལེན་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ནུས་ཤུགས་ཡོད་རྒུས་འབྲི་བའི་སྟེང་བྱ་སྤྱོད་སྤེལ་དགོས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་སྐྱོད་ལམ་སྟེང་སྐུལ་འདེད་གཏོང་བར་མཚོ་སྔོན་གྱི་ལེའུ་གསར་པ་འབྲི་རྒྱུ་ཡིན་ཟེར།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་གཏིང་ཟབ་མོའི་སྒོ་ནས་ཁོང་དུ་ཆུད་པར་བྱེད་དགོས།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་། ད་ལྟ་ནས་བཟུང་། ཀྲུང་གོ་གུང་ཁྲན་ཏང་གི་ལྟེ་བའི་ལས་འགན་ནི་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།
སློབ་སྦྱོང་མཉམ་སྤྱོད་ཁྲོད། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཁོངས་གཏོགས་ཀྱིས“ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི”དགོངས་དོན་སློབ་སྦྱོང་དོན་འཁྱོལ་བྱས་ཏེ་སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་ཡག་པོ་རྒྱག་དགོས”ཞེས་པའི་སྐུལ་སྤེལ་ཚོགས་འདུ་ཚོགས་ནས་སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་ཆེན་མོ་རྒྱག་རྒྱུ་དེ“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོབ་བྱེད་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པའི་བཙོ་མའི་གསེར་སྦྱངས་ལྟ་བུ་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་པར་བཤད། ཞིང་ཆེན་ལུས་རྩལ་ཅུའུ་ཡིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མི་གདན་དྲངས་ནས་སྒྲོག་འགྲེལ་ཐེངས་མང་བྱས་པ་དང་། ཆུ་ཚད་སྔར་ལས་མཐོ་བའི་དམངས་ཡོངས་ཀྱི་ལུས་སྦྱོང་གི་སྤྱི་པའི་ཞབས་ཞུའི་མ་ལག་བསྐྲུན་ནས་རྩལ་འགྲན་ལུས་རྩལ་བཅོས་སྒྱུར་གསར་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ན་གཞོན་ལོ་ཆུང་གི་ལུས་རྩལ་འཕེལ་རྒྱས་ཀྱི་སྒྲིག་སྲོལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་རྒྱུ་ཡིན་པར་བཤད། ཞིང་ཆེན་དམངས་སྲིད་ཐིན་གྱིས་ཞིང་ཆེན་ཡོངས་ཀྱི་དམངས་སྲིད་ཁོངས་གཏོགས་སུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་། དྲིལ་སྒྲོག་དོན་འཁྱོལ་བྱེད་པའི་ཚ་རླབས་ཤིག་འཕྱུར་དུ་བཅུག་ནས་སྤྱི་ཚོགས་རོགས་སྐྱོབ་ལམ་ལུགས་བཅོས་སྒྱུར་དང་འཐུས་ཚང་དུ་གཏོང་རྒྱུ་དམ་འཛིན་བྱས་ཏེ། དམངས་སྲིད་མཐའ་སྐྱོང་འགན་སྲུང་གི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ནས་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་གསར་པ་མུ་མཐུད་བསྐང་རྒྱུ་ཡིན་པར་བཤད། ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་ལས་བྱེད་པ་རྩ་འཛུགས་བྱས་ཏེ་སློབ་སྦྱོང་བྱེད་པའི་ཁྲོད“སློབ་སྦྱོང་དང་། གྲོས་མོལ། གཏམ་བཤད། གླེང་མོལ། རྒྱུགས་ལེན། བཀོལ་སྤྱོད”སོགས་གནད་འགག་དྲུག་འབུར་དུ་ཐོན་པར་བྱས་ནས་ཁྲོམ་རའི་ལྟ་སྐུལ་དོ་དམ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་བཏང་སྟེ། མི་དམངས་མང་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཚོ་བར་ཞབས་ཞུ་དང་འགན་སྲུང་བྱེད་རྒྱུ་ཡིན་པར་བཤད། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁོངས་གཏོགས་ཀྱི་ཚོང་ཚོགས་དང་ལས་རིགས་མཐུན་ཚོགས་སྒྲིག་འཛུགས་བྱས་ནས“རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏི་ཧྲིན་མིན་གྱི་སློབ་ཁྲིད”སྟེགས་བུ་བརྒྱུད་དེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལ་སྤྲོ་སེམས་འཁོལ་བའི་ངང་བརྗེ་རེས་ཞིབ་སྡུར་བྱས་པ་དང་། ཚང་མས་མཉམ་གཅིག་ཏུ་བལྟས་ན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་གྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པའི་ཐབས་ལམ་གསར་པ་བཏོད་ནས་མིའི་རིགས་ཀྱིས་སྔར་ལས་ལེགས་པའི་སྤྱི་ཚོགས་ལམ་ལུགས་འཚོལ་ཞིབ་བྱ་རྒྱུར་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་ཡོད་པར་འདོད།
ཚང་མས་གཅིག་རྗེས་གཉིས་མཐུད་དུ་བཤད་རྒྱུར། ལོ་ངོ་བརྒྱའི་རིང་རང་རེའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་འབད་འཐབ་བྱས་པ་མཐའ་དག་ནི་རང་རྒྱལ་འདི་ཉིད་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་ཆེད་རེད། དུས་རབས་གསར་པར་ཞུགས་པ་ནས་བཟུང་། ཏང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ངོས་འཛིན་མུ་མཐུད་ཇེ་ཟབ་ཏུ་ཕྱིན་པ་དང་། འཐབ་ཇུས་སྟེང་མུ་མཐུད་འཐུས་ཚང་དུ་སོང་ཞིང་། ལག་ལེན་གྱི་སྟེང་མུ་མཐུད་ཕུན་སུམ་ཇེ་ཚོགས་སུ་སོང་བས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བདེ་བླག་ངང་སྐུལ་འདེད་དང་རྒྱ་སྐྱེད་བཏང་ཡོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྱད་ཆོས་གཙོ་བོ་དང་། ངོ་བོའི་བླང་བྱ། འཐབ་ཇུས་ཀྱི་བཀོད་སྒྲིག ངེས་པར་ཁོང་དུ་ཆུད་དགོས་པའི་རྩ་དོན་གལ་ཆེན་གསལ་པོར་བསྟན་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མ་ལག་རྒྱས་བཤད་ཞིག་གྲུབ་པར་བྱས་ཡོད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་བཏང་ནས་རིམ་པ་སྔར་ལས་མཐོ་བའི་སྟེང་མིའི་རིགས་ཀྱིས་དེང་རབས་ཅན་གྱི་བགྲོད་ལམ་བདམས་གསེས་རྒྱ་སྐྱེད་པ་དང་། མིའི་རིགས་ཀྱི་དཔལ་ཡོན་གྱི་རྣམ་པ་གསར་པ་གསར་སྐྲུན་བྱས་པ་གསལ་བོར་བསྟན་ཡོད།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོའི་བླང་བྱ་གཏིང་ཟབ་མོའི་སྒོ་ནས་ཁོང་དུ་ཆུད་པར་བྱེད་དགོས།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོའི་བླང་བྱ་ནི། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ། མི་དམངས་ཀྱི་བསམ་པའི་འཇིག་རྟེན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བ་མངོན་འགྱུར་བྱེད་པ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་རྒྱུར་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་སྐྲུན་པར་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་དཔལ་ཡོན་གྱི་རྣམ་པ་གསར་བ་གསར་གཏོད་བྱེད་དགོས་པ་བཅས་ཡིན།
སློབ་སྦྱོང་ཞིབ་བསྡུར་བྱེད་སྐབས། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་ཆེད་དོན་སློབ་སྦྱོང་གྲོས་ཚོགས་བསྡུས་པ་མ་ཟད་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མི་གདན་འདྲེན་ཞུས་ཏེ་བརྙན་རིས་ཀྱི་ལམ་ནས་ཏང་ཡོན་ལས་བྱེད་པར་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་རྒྱས་བཤད་དང་འགྲེལ་བཤད་ཟབ་མོ་བྱས་ལ། ཚང་མས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དེ་ཞིང་ལས་ཞིང་སྡེ་དེང་རབས་ཅན་དང་ཁ་འབྲལ་ཐབས་མེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་སྐྲུན་པ་དང་ཟུང་འབྲེལ་བྱས་ཏེ། ཞིང་ལས་ཞིང་སྡེ་འཕེལ་རྒྱས་ཀྱི་ཕྱོགས་སོ་སོར་འདྲེས་སུ་འཇུག་དགོས་པའི་ངོས་འཛིན་ཟབ་མོ་བྱུང་བ་དང་། ཞིང་ཆེན་སློབ་གསོ་ཐིན་གྱིས་མུ་མཐུད་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་བརྗེ་རེས་བྱེད་པའི་བྱེད་སྒོ་སྤེལ་ཞིང་། སྙན་ཞུ་ཡིས་ཆེས་ཐོག་མར་སློབ་གསོ་དང་། ཚན་རྩལ། ཤེས་ལྡན་མི་སྣ་བཅས“ཕྱོགས་གསུམ་གཞི་གཅིག”ལ་གཅིག་འདོམས་བཀོད་སྒྲིག་དང་གཅིག་གྱུར་བཀོད་སྒྲིག་བྱས་ཡོད་པར་ངོས་འཛིན་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་དང་རྣམ་པ་ཀུན་ཏུ་སློབ་གསོར་གཙིགས་མཐོང་ཆེན་པོ་བྱེད་པ་དང་། དུས་རབས་གསར་བ་དང་སྐྱོད་ལམ་གསར་བའི་སློབ་གསོའི་རྨང་གཞིའི་རང་བཞིན་དང་། སྣེ་ཁྲིད་རང་བཞིན། ཕྱོགས་ཡོངས་རང་བཞིན་གྱི་གོ་གནས་དང་ནུས་པ་ནན་འཛིན་བྱེད་དགོས་པ་དང་རེ་སྒུག་གང་ལེགས་གནང་བཞིན་པ་མཚོན་ཡོད་ལ། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱིས“འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་ཀྱིས་ཞབས་ཞུ་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་འདེགས་སྐྱོར་བྱེད་པ་གཞི་རྩར་འཛིན་པའི”ཐད་ནས་སློབ་སྦྱོང་བྱེད་སྒོ་སྤེལ་བ་དང་། ཚང་མས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་ངོ་བོའི་བླང་བྱ་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པར་བྱས་ཏེ། འབད་བརྩོན་ཆེན་པོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལམ་གཏོད་གདོང་ལེན་པ་ཞིག་བྱེད་རྒྱུ་ཡིན་པར་བཤད། ཞིང་ཆེན་གྲོང་གསེབ་དར་སྤེལ་ཅུའུ་ཡིས་སློབ་སྦྱོང་རྩ་འཛུགས་ཁྲོད། ཚང་མས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་པའི་འཐབ་ཇུས་བཀོད་སྒྲིག་དང་། དམིགས་འབེན་ལས་འགན། སྲིད་ཇུས་དང་བྱེད་ཕྱོགས་གལ་ཆེན་བཅས་ལ་ངོས་འཛིན་ཟབ་མོ་བྱས་ཏེ། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འཐབ་ཇུས་འཐབ་རྩལ་དང་སྲིད་ཇུས་བྱེད་ཐབས་ཇུས་འགོད་ལེགས་པོ་བྱེད་པ་དང་། རང་འགུལ་ངང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཞབས་འདེགས་ཞུ་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་མཉམ་འདྲེས་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འདེགས་སྐྱོར་བྱེད་དགོས་པའི་རེ་བ་བཏོན།
ཚང་མས་གཅིག་རྗེས་གཉིས་མཐུད་དུ་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་བཏོན་པའི་འཐབ་ཇུས་བཀོད་སྒྲིག་སོ་སོ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱེད་དགོས་ན། རང་རྒྱལ་འཕེལ་རྒྱས་ཀྱི་མདུན་དུ་ལྷགས་པའི་འཐབ་ཇུས་ཀྱི་གོ་སྐབས་གསར་པ་དང་། འཐབ་ཇུས་ཀྱི་ལས་འགན་གསར་པ། འཐབ་ཇུས་ཀྱི་དུས་རིམ་གསར་པ། འཐབ་ཇུས་ཀྱི་བླང་བྱ་གསར་པ། འཐབ་ཇུས་ཀྱི་ཁོར་ཡུག་གསར་པ་བཅས་དང་འབྲེལ་བ་དམ་ཟབ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པའི་དཀའ་ཚེགས་རང་བཞིན་དང་རྙོག་འཛིང་རང་བཞིན་ལ་ངོས་འཛིན་ཟབ་མོ་བྱེད་པ་དང་། རང་རྟོག་རང་བཞིན་དང་བློ་བརྟན་འགྱུར་མེད་ཀྱི་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། ཆ་ཚང་བ་དང་། ཡང་དག་པ། ཕྱོགས་ཡོངས་ནས་འཕེལ་རྒྱས་གསར་བའི་འདུ་ཤེས་དོན་འཁྱོལ་བྱེད་པ་དང་། འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་གཏོང་བ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་ལེགས་པོ་བྱེད་པ། ཡིད་ཆེས་དང་རང་སྟོབས་རང་སྤེལ་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་དང་བསྐྱར་དར་གྱི་བགྲོད་ལམ་དུ་ལེགས་པོར་བསྐྱོད་རྒྱུ་ཡིན་ཟེར།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་པ་ཧུར་ཐག་གིས་འབྲི་དགོས།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་བསྟན་དོན། དེ་རིང་། ང་ཚོ་ལོ་རྒྱུས་སྟེང་གི་དུས་སྐབས་གང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་དམིགས་འབེན་མངོན་འགྱུར་བྱེད་པར་ཐག་ཉེ་བ་དང་། ཡིད་ཆེས་ཡོད་ལ། ནུས་པ་ཡོད་པའི་དུས་མཚུངས་སུ་དཀའ་ཚེགས་སྔར་ལས་ཆེ་བའི་འབད་བརྩོན་བྱེད་རྒྱུར་ངེས་པར་དུ་གྲ་སྒྲིག་བྱ་དགོས། ཏང་ཡོངས་ཀྱིས་ངེས་པར་དུ་ཡིད་ཆེས་བརྟན་པོ་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་དགོས་པ་དང་། རང་འགུལ་གྱིས་འགྱུར་ལྡོག་ཤེས་པ་དང་འགྱུར་ལྡོག་དང་བསྟུན་པ། འགྱུར་ལྡོག་ཡོང་ཐབས་བྱས་ཏེ། རང་འགུལ་སྒོས་ཉེན་ཁ་འགོག་ཟོན་དང་ཉེན་ཁ་སེལ་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་རྒྱལ་ཁ་གསར་པ་མུ་མཐུད་དུ་ལེན་པར་བརྩོན་ལེན་བྱེད་དགོས།
“ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་‘ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན’གྱི་དུས་རབས་ཀྱི་བརྗོད་གཞི་གལ་ཆེན་བཏོན་པ་དང་། གྲོང་གསེབ་དར་སྤེལ་གཏོང་བའི་བྱ་གཞག་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྐྱོད་ལམ་གསར་པ་བསུས་ཡོད”ཞེས་བསྟན་ཡོད། མཚོ་ཤར་གྲོང་ཁྱེར་ལའོ་ཏུའུ་ས་ཁུལ་ཀྲུང་ལིན་ཡུལ་ཚོའི་ཏང་ཡོན་ལས་བྱེད་པ་ཚོས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་དོན་འཁྱོལ་ཟབ་མོ་བྱེད་དགོས་ན། ཞིང་ལས་དང་ཞིང་སྡེ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་དེ་དེང་རབས་ཅན་འཛུགས་སྐྲུན་གྱི་རྩ་དོན་གལ་ཆེན་ཞིག་ཏུ་འཛིན་པ་དང་། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་དང་མངོན་འགྱུར་བྱ་རྒྱུ་དེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལས་འགན་གལ་ཆེན་ཞིག་ཡིན་ཞིང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དངོས་སུ་གཞི་རིམ་དུ་དྲིལ་སྒྲོག་བཟང་པོ་དང་། དོན་འཁྱོལ་བཟང་པོ། དངོས་འབེབ་བཟང་པོ་བཅས་བྱས་ནས་ཏང་གི་དམངས་ཕན་སྲིད་ཇུས་སོ་སོ“ཁྱིམ་ཚང་དཀྱུས་མའི་ཁྱིམ་དུ་བསྐྱལ་རྒྱུ་ཡིན”ཟེར།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་གི་ཏང་ཡོན་ལས་བྱེད་པས་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་གཅིག་བསྡུས་སྒོས་སློབ་སྦྱོང་བྱས་པ་བརྒྱུད། “ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས”ཞེས་པའི་དཔྱད་བརྗོད་གལ་ཆེན་ཐད་ཀྱི་སློབ་སྦྱོང་དང་བསམ་གཞིགས་ཀྱི་མྱོང་ཚོར་མཉམ་སྤྱོད་བྱས། ཚང་མས་བལྟས་ན། “ཁོང་དུ་བརྟན་པོར་ཆུད་དགོས་པ་ལྔའི” ལག་ལེན་གལ་ཆེན་གྱི་བླང་བྱ་ལྟར། ཕྱོགས་ཡོངས་ལ་ཞབས་འདེགས་ཞུ་བ་དང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་དེ་ལས་ཆེན་པོ་བླངས་ཏེ། འགོ་འཛུགས་ས་སྔར་ལས་མཐོ་བ་དང་། ཚད་གཞི་སྔར་ལས་མཐོ་བ། བྱེད་ཐབས་སྔར་ལས་མཐོ་བའི་སྒོ་ནས་གྲོང་གསེབ་དར་སྤེལ་དང་། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། སྤྱི་ཚོགས་བཅོས་སྐྱོང་། བདེ་འཇགས་འཛུགས་སྐྲུན་བྱ་བར་སྐུལ་འདེད་བཏང་སྟེ། ཕུ་ཐུང་བརྫེས་ནས་འབད་པས་སྒྲུབ་ཏེ། པད་མ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པའི་ངོས་འཛིན་བྱས།
ཡུལ་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་ཆིག་སྒྲིལ་ཡུལ་ཚོས་ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུར་སློབ་སྦྱོང་བྱས་པ་དང་། ཉེ་བའི་ལོ་འགའི་རིང་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད་པ་དངོས་སུ་མྱོང་ཚོར་བྱུང་ཡོད་པ་སྟེ། བགྲོད་ལམ་འདམ་རྫབ་མིན་པ་དང་། སྡོད་ཁང་རྒྱ་ཆེ་ཞིང་བདེ་འཇགས་ཡིན་པ། འགྲིམ་འགྲུལ་ཧ་ཅང་སྟབས་བདེ་བ། འཚོ་བའི་ཁོར་ཡུག་དང་སྤུས་ཚད་མངོན་གསལ་གྱིས་མཐོར་འདེགས་བྱུང་བ། རོང་འབྲོག་པས“འཕེལ་རྒྱས་ཀྱི་ཁེ་ཕན”ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད་པར་མ་ཟད། “སྐྱེ་ཁམས་ཀྱི་ཕན་བདེ”ཡང་ཉམས་སུ་མྱངས་ཐུབ་པ་བྱུང་ཡོད་པ་རེད། ཚང་མས་བཤད་རྒྱུར། སྔར་ལས་ལྷག་པའི་སྒོ་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལེགས་པོ་བྱེད་པ་དང་། གོ་བ་ཡག་པོ་ལེན་པ། དྲིལ་བསྒྲགས་བཟང་པོ་བྱེད་པ། དོན་འཁྱོལ་ནན་མོ་བཅས་བྱས་ཏེ། གུང་ཁྲན་ཏང་ཡོན་གྱི་སྔོན་ཐོན་གདོང་ལེན་གྱི་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་བློ་ལ་བརྟན་པོར་ངེས་པར་བྱས་ནས་གྲོང་གསེབ་དར་སྤེལ་གྱི་ཆེད་དུ་རང་ཉིད་ཀྱི་ནུས་ཤུགས་ཡོད་རྒུ་འདོན་རྒྱུ་ཡིན་ཟེར།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་གྱིས་སློབ་སྦྱོང་ལ་བརྟེན་ནས་བྱ་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཤེས་ལྡན་མི་སྣའི་ཐོན་ཁུངས་འཕེལ་རྒྱས་གཏོང་རྒྱུ་དེ་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་འདེགས་སྐྱོར་གལ་ཆེན་དང་གནད་འགག་གི་རྒྱུ་རྐྱེན་ཞིག་ཏུ་བརྩི་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གིས་ཤེས་ལྡན་མི་སྣར་དོ་དམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ནས་ཤེས་ལྡན་མི་སྣའི་ཐོན་ཁུངས་བསྡུ་སྒྲིག་ལེགས་པོ་བྱེད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལས་འགན་ལྗིད་མོ་འཁུར་ཐུབ་པའི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་ཞིག་ནུས་ཤུགས་ཡོད་རྒུས་བཙུགས་ཏེ། ཤེས་ལྡན་མི་སྣའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་འཕེལ་བར་བྱེད་རྒྱུ་ཡིན་པ་དང་། ཚང་མས་བཤད་རྒྱུར། སྔར་ལས་ལྷག་པའི་སྒོ་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལ་སློབ་སྦྱོང་ཟབ་མོ་བྱེད་པ་དང་གོ་བ་གཏིང་ཟབ་བླངས་ནས་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་མི་གཅིག་ཀྱང་རྗེས་སུ་མི་ལུས་པར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་བ་ཧུར་ཐག་གིས་འབྲི་བར་ རྨ་ལྷོའི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཟེར།
ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།