ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་རུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་འཕྱུར།
ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་བསམ་ཕྱོགས་གསར་པ་གཏོད་རྒྱུར་གོ་བ་ཟབ་མོ་ལེན་པའི་ཐད་འབད་བརྩོན་བྱས་ནས། བློ་བརྟན་འགྱུར་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་བའི་ཐད་འགུལ་སྐྱོད་ཡོད་པ་དང་ཕན་འབྲས་དངོས་ཐོན་པར་བྱེད་དགོས་ཞེས་བསྟན་ཡོད། ཉིན་ཤས་རིང་། བསྟུད་མར་ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པའི་ཚ་རླབས་ཤིག་བསླངས། ཚང་མས་གཙོ་གནད་ཁོང་དུ་ཆུད་པ་དང་ལོ་རྒྱུས་ཀྱི་རང་འགུལ་རྟོགས་པར་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་སློབ་སྦྱོང་དང་རྒྱུན་འཁྱོངས། བེད་སྤྱོད་ཡག་པོ་བྱས་ཏེ། དེའི་ནང་དུ་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས། གནས་ལུགས་ཡང་དག་པར་ཁོང་དུ་ཆུད་པ་བྱས་ནས། དེ་ང་ཚོའི་བསམ་བློའི་དྲག་ཆས་སྟོབས་ལྡན་དུ་འགྱུར་བར་བྱས་ཏེ་དུས་རབས་གསར་པར་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱིས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སྔར་ལས་ཆེ་རུ་བཏང་སྟེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་མཚོ་སྔོན་དུ་རྩ་བ་བརྟན་པོ་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས་པར་བསྟན།
བློ་བརྟན་འགྱུར་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲས་དགོས།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་དེ"རྒྱུན་འཁྱོངས་དྲུག"ཏུ་གནད་ལ་འཁེལ་བའི་སྒོ་ནས་སྙིང་བསྡུས་བྱས་ཡོད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རྩ་བའི་ཆབ་སྲིད་ལངས་ཕྱོགས་དང་གཏིང་ཟབ་པའི་རིགས་པའི་གཞུང་ལུགས་ཀྱི་ལྟ་བ། ཚན་རིག་དང་མཐུན་པའི་བསམ་བློ་གཏོང་སྟངས་བཅས་གསལ་སྟོན་བྱས་ཡོད་པས། དུས་དང་བར་སྟོང་བརྒལ་བའི་ཡོངས་ཁྱབ་ཀྱི་དོན་སྙིང་དང་བདེན་དོན་གྱི་རིན་ཐང་ལྡན། བློ་བརྟན་འགྱུར་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲས་རྒྱུ་ནི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཀྲི་ཅོན་གྱིས་བཤད་རྒྱུར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཏང་ཡོངས་ཀྱི་བསམ་བློའི་སྟེང་གཅིག་གྱུར་དང་ཆབ་སྲིད་སྟེང་མཐུན་སྒྲིལ། བྱ་སྤྱོད་ཀྱི་སྟེང་དུ་གཅིག་གྱུར་ཡོང་བར་སྐུལ་འདེད་བཏང་སྟེ། འབད་འབུངས་ཡར་བརྩོན་གྱི་བསམ་པའི་སྙིང་སྟོབས་ཀྱིས་དུས་རབས་གསར་པའི་ལོ་བཅུའི་རླབས་ཆེན་འཕོ་འགྱུར་ནུས་ཤུགས་ཡོད་རྒུས་མངོན་འགྱུར་བྱས་ཡོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཏང་གི་འགན་འཁྲི་དང་ལས་འགན་ལ་འཐབ་ཇུས་བཀོད་སྒྲིག་བྱས། ང་ཚོས་མར་ཁེ་སིའི་རིང་ལུགས་ཀྱི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱིས་སྟོབས་དང་ལྡན་པའི་ཆབ་སྲིད་ཀྱི་དགེ་མཚན་འདིར་མཛུབ་སྟོན་བྱེད་རྒྱུ་ངེས་པར་དུ་རྒྱུན་འཁྱོངས་དང་ཁོང་དུ་ཆུད་པར་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་དུས་རབས་གསར་པ་དང་སྐྱོད་ལམ་གསར་པར་ཁྲིད་སྟོན་བྱེད་པ་དང་ཏང་གི་རང་ངོས་གསར་བརྗེ་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ། རྒྱ་ཆེའི་ཏང་ཡོན་རྣམས་ཀྱིས་རང་རྟོགས་ངང་ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་གཏོང་རྒྱུར་སྣེ་ཁྲིད་བྱེད་པ། རླབས་ཆེན་ཏང་འཛུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་རྒྱུགས་སྤྲོད་ཀྱི་ལམ་བུ་གསར་པར་བསྐྱོད་དགོས་ཟེར།
གཞི་རིམ་གྱི་སྣ་མང་རྙོག་འཛིང་ཆེ་བའི་བྱ་བའི་མདུན་དུ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་ང་ཚོས་བྱ་བ་ཡག་པོར་སྒྲུབ་པའི་རྩ་བའི་གཞི་འཛིན་ས་ཞིག་རེད། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཞིག་ཡིན་པའི་ཆ་ནས། ངས་བློ་བརྟན་འགྱུར་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲས་པ་དང་། རང་འགུལ་སྒོས་དོན་དངོས་ཀྱི་ཁྱད་ཆོས་དང་འཚམ་པའི་རིགས་པའི་གཞུང་ལུགས་ཀྱི་སྒྲོམ་གཞི་བཙུགས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་དང་སྡེ་བའི་ཐོན་ལས་འཕེལ་རྒྱས་སྟོབས་ཆེར་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་སོགས་ཀྱི་བྱ་བ་ཡག་པོ་སྒྲུབ་པའི་ཁྲོད། བརྒྱུད་རིམ་གསལ་པོ་བཟོ་བ་དང་ཏང་འཛུགས་སྐྲུན་གྱིས་སྣེ་ཁྲིད་དེ་བྱ་བ་སོ་སོར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུར་འགན་ལེན་བྱེད་རྒྱུ་ཡིན་ཞེས་མཚོ་ཤར་གྲོང་ཁྱེར་ལོ་ཏུའུ་ས་ཁུལ་གུང་ཧོ་ཡུལ་ཚོ་ཧྭ་ལེན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བ་ཡིག་ཞིན་གྱིས་བཤད།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་ཆིས་ཀྲི་ཞིན་གྱིས་བཤད་རྒྱུར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པའི་ལྡོག་མེད་ཀྱི་ལམ་བུ་ཞིག་རེད། ཉེ་བའི་ལོ་ཤས་རིང་མུན་ཡོན་རྫོང་དུ་སྐྱེ་ཁམས་ཡུལ་སྐོར་དང་གྲོང་གསེབ་ཡུལ་སྐོར། གངས་འཁྱགས་ཡུལ་སྐོར་སོགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་ཡོད། ང་ཚོས་མུ་མཐུད་དུ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པས་ཁྲིད་སྟོན་བྱས་ཏེ་སྐྱེ་ཁམས་ཡུལ་སྐོར་གྱི་ནང་མཁོ་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བཅོས་སྒྱུར་ཟུང་འབྲེལ་ནུས་ལྡན་བྱས་ནས། ལེ་དབར་བརྒྱའི་མེ་ཏོག་གི་མཛེས་ལྗོངས་ཁུལ་དེ་ཀ་ལྔ་རིམ་པའི་མཚེས་ལྗོངས་ཁུལ་དུ་འཛུགས་སྐྲུན་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། ཡུལ་སྐོར་ལ་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས་མིན་ཡོན་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།
བློ་བརྟན་འགྱུར་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ལག་ལེན་ལ་མཛུབ་ཁྲིད་བྱེད་དགོས།
ང་ཚོས་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ། དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་སློབ་སྦྱོང་དང་རྒྱུན་འཁྱོངས། བེད་སྤྱོད་ཡག་པོ་བྱེད་དགོས་པར་མ་ཟད། དེ་ཉིད་འཇིག་རྟེན་ཤེས་རྟོགས་དང་ཆོས་ཉིད་ཁོང་དུ་ཆུད་པ། བདེན་དོན་བརྩོན་ལེན་བྱེད་པ། འཇིག་རྟེན་བསྒྱུར་བཀོད་བཅས་བྱེད་པའི་བསམ་བློའི་མཚོན་ཆ་སྟོབས་ལྡན་དུ་བརྩིས་ནས། རང་སྣང་གི་འཇིག་རྟེན་དང་ཕྱི་རོལ་ཡུལ་གྱི་འཇིག་རྟེན་བསྒྱུར་བཀོད་བྱེད་པའི་ཁྲོད་དུ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལེའུ་གསར་པ་འབྲི་དགོས།
ལོ་མང་པོའི་རིང་ལ་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་མགོ་བ་ལིག་ཁྲིན་ལུང་གིས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་འཐབ་ཕྱོགས་དང་པོ་རུ་ཐོག་མཐའ་བར་གསུམ་དུ་ལས་གནས་བརྟན་སྲུང་བྱས་ནས། ས་ཆ་དེའི་སྐྱེ་ཁམས་ཁོར་ཡུག་གི་ལོ་རྒྱུས་འཕོ་འགྱུར་བདེན་དཔང་དང་ཟིན་ཐོར་བཀོད། ཁོས་བཤད་རྒྱུར། སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་འཐབ་ཕྱོགས་ཀྱི་ཁོངས་མི་ཞིག་ཡིན་པའི་ཆ་ནས། ང་ཚོས་རང་འགུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ལག་ལེན་ལ་མཛུབ་ཁྲིད་བྱེད་པ་དང་། སྔར་ལས་བློ་བརྟན་འགྱུར་མེད་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པས་མཛུབ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་རྒྱབ་རྟེན་དང་སྣེ་ཁྲིད། ཞབས་ཞུ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ནམ་མཁའ་སྔར་ལས་སྔོ་བ་དང་རི་བོ་སྔར་ལས་ལྗང་བ། ཆུ་བོ་སྔར་ལས་དྭངས་པ། སྐྱེ་དངོས་སྔར་ལས་སྣ་མང་ཡིན་པ་བཅས་ཀྱི་མཛེས་སྡུག་ལྡན་པའི་ཟི་ལིང་འཛུགས་སྐྲུན་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས་ཟེར།
ང་ཚོས་དགེ་མཚན་ལྡན་པའི་སྒོ་ནས་སྐུལ་སློང་དང་བཀོད་སྒྲིག་བྱས་ཏེ། ད་ལོའི་དུས་ཚིགས་བཞི་བོར་ཚོད་ལྟ་ཁང་བསྐྱར་འཛུགས་ཀྱི་ཇུས་གཞི་ལེགས་སྒྲུབ་བྱས་ནས། འདུ་ཤེས་གསར་སྒྱུར་དང་རིགས་པའི་གཞུང་ལུགས་གསར་གཏོད། ལག་རྩལ་ཚད་བརྒལ། དཔེ་དབྱིབས་ཕྱོགས་བསྒྲིགས། དཔེ་སྟོན་ཁྱབ་གདལ། དར་རྒྱས་གོང་འཕེལ་བཅས་ཀྱི་རྨ་འབྲི་རྫ་གསུམ་འབྱུང་ཁུངས་ཀྱི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་གསར་གཏོད་མ་ལག་བརྒྱུད་རིམ་ལྡན་པའི་ངང་ཕྱོགས་སྡོམ་བྱས་ཡོད། འགྱུར་ལྡོག་རང་བཞིན་གྱི་རིགས་པའི་གཞུང་ལུགས་དང་བསམ་གཞིག་ལ་བརྟེན་ནས། རིག་ནུས་རྒྱལ་ཁབ་སྤྱི་གླིང་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་སྤྱི་གླིང་གི་དུས་ཐོག་ལྟ་ཞིབ་ཚད་ལེན་དང་འགུལ་རྣམ་ལད་ཟློས། རིག་ནུས་ཉེན་ཟོན་སྔོན་བརྡ་གཏོང་བ་བཅས་ཀྱི་རིག་ནུས་དོ་དམ་བྱེད་ཐབས་གསར་པ་གཏོད་པ། རྨ་འབྲི་རྫ་གསུམ་འབྱུང་ཁུངས་ཀྱི་རྒྱལ་ཁབ་སྤྱི་གླིང་ཞིབ་ཚགས་ཅན་དང་རིག་ནུས་ཅན་གྱི་དོ་དམ་མངོན་འགྱུར་ཡོང་བ་བཅས་བྱས་ནས། རང་བྱུང་ཁམས་ལ་བརྩི་འཇོག་དང་རང་བྱུང་མས་དང་བསྟུན་པ། རང་བྱུང་ཁམས་སྲུང་སྐྱོབ་བྱེད་པ་བཅས་ཀྱི་འདུ་ཤེས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་ཆེད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྣམ་པ་མཁོ་འདོན་བྱེད་རྒྱུ་ཡིན་ཞེས་མཚོ་སྔོན་སློབ་ཆེན་ཞིང་ཆེན་དང་པུའུ་ཡིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་མཉམ་དུ་འཛུགས་སྐྲུན་བྱེད་པའི་མཐོ་སྒང་ཞིང་ཕྱུགས་ལས་རྒྱལ་ཁབ་ཚོད་ལྟ་ཁང་གི་ཀྲུའུ་རིན་ཀྲོ་ཞིན་ཆོན་གྱིས་དེ་ལྟར་བཤད།
བློ་བརྟན་འགྱུར་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བྱ་བར་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་དུས་རབས་ཀྱི་འབོད་སྐུལ་ལ་ཉན་པ་དང་དུས་རབས་ཀྱི་འབོད་སྐུལ་ལ་ལན་སློག་ནས། ཐོག་མཐའ་བར་གསུམ་དུ་དུས་རབས་གསར་པ་དང་མཉམ་གཡོ་བྱས་ཡོད། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་ལག་ལེན་གྱི་མཛུབ་ཁྲིད་དང་བྱ་བར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བར་བྱེད་དགོས་པར་མ་ཟད། ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ཁྲོད་འབད་འབུངས་ཡར་བརྩོན་གྱི་དུས་རབས་གསར་པའི་བསམ་བློ་གཏོང་སྟངས་དང་བྱ་བ་སྒྲུབ་ཐབས། བྱ་བའི་བྱེད་ཐབས་བཅས་འཚོལ་ཞིབ་བྱས་ཏེ་མདུན་སྐྱོད་ཀྱི་ལམ་བུའི་ཐོག་འཕྲད་པའི་དཀའ་གནད་དང་ཉེན་ཁའི་འགྲན་སློང་སྣ་ཚོགས་ལ་བབ་བརླིང་ངང་ཁ་གཏད་གཅོག་དགོས།
དགུན་དུས་སུ་ནུས་རྒྱུ་གྲོན་ཆུང་གི་རླུང་གློག་མཚོ་སྔོན་ཀུང་སིའི་རླུང་ཤུགས་གློག་ཁང་དུ་སྐྱོད་སྐབས། མཐོ་ཚད་ལ་རྨིད་བཅུ་ཕྲག་ཁ་ཤས་ཡོད་པའི་རླུང་ཤུགས་གློག་གཏོང་འཕྲུལ་ཆས་སྟར་ཕྲེང་རེ་རེ་བྱས་ཏེ་ཡངས་ཤིང་རྒྱ་ཆེ་བའི་བྱེ་ཐང་དུ་གྲལ་བསྒྲིགས་ནས་ཡོད་པ་མཐོང་ཐུབ་པར་མ་ཟད། ད་དུང་ཟུར་གསུམ་གྱི་རྣམ་པར་ཡོད་པའི་རླུང་ཤུགས་གློག་གཏོང་དེ་དག་རླུང་གི་རྒྱུ་བ་དང་བསྟུན་ནས་འཁོར་སྐྱོད་བྱེད་བཞིན་པའི་རྣམ་པ་དེ་ནི་བརྗིད་ཉམས་ལྡན་པ་ཞིག་ཀྱང་རེད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་རྗེས་སུ། ནུས་རྒྱུ་འབྲིང་ཆུང་རླུང་གློག་མཚོ་སྔོན་ཀུང་སིས་བྱེད་ཐབས་སྣ་མང་སྤྱད་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པའི་ཆབ་སྲིད་ཀྱི་སྤྲོ་སེམས་དེ་ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་ལེགས་སྒྲུབ་དང་ཀུང་སིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་བསྒྱུར་ཡོད།
ཀུང་སིས2022ལོའི་ལོའི་གློག་གཏོང་ལས་འགན་ཉིན84སྔ་སྣུར་གྱིས་ལེགས་སྒྲུབ་བྱས་པའི་རྨང་གཞིའི་སྟེང་། 2023ལོའི་གློག་གཏོང་དུས་བབ་ལ་ཞིབ་འཇུག་དང་དབྱེ་ཞིབ་ནན་ཏན་བྱས་ནས། ནུས་རྒྱུ་མཁོ་སྤྲོད་འགན་ལེན་གྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་མཐའ་གཅིག་ཏུ་བརྟན་སྲུང་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱིས་དྭངས་གཙང་ནུས་རྒྱུའི་ཐོན་ལས་ཀྱི་མཐོ་ས་བསྐྲུན་པར་ནུས་རྒྱུ་གྲོན་ཆུང་གི་རླུང་གློག་མཁོ་འདོན་བྱས་ནས། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཁྲོད་ཀྲུང་དབྱང་ཁེ་ལས་ཀྱི་འོད་སྣང་མངོན་ཡོད་ཅེས་ཀྲུང་གོ་ནུས་རྒྱུ་གྲོན་ཆུང་རླུང་གློག་མཚོ་སྔོན་ས་ཁོངས་ཀྱི་ཀུང་སིའི་སྤྱི་ཁྱབ་འགན་འཛིན་པ་གཞོན་པ་ཏུའུ་ཡུའུ་རེ་ཡིས་བཤད།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་དུ། ཞིང་ལས་དང་ཞིང་སྡེ་སྔོན་ལ་འཕེལ་རྒྱས་སུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ཞེས་བཏོན་ཡོད། ད་ལྟ་སྡེ་བ་ཡོངས་ཀྱིས་ཏང་ཀྲི་པུའུ་དང་མཉམ་ལས་ཁང་། འབྲོག་ཁྱིམ་བཅས་ཟུང་དུ་འབྲེལ་བའི་བྱ་བའི་རྣམ་པ་འཚོལ་ཞིབ་དང་ལག་བསྟར་བྱས་པས། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་རང་བརྟེན་ནུས་པ་ཆེ་རུ་སོང་བར་མ་ཟད། ད་དུང་འབྲོག་པའི་ཡོང་འབབ་ཀྱང་ཇེ་མང་དུ་སོང་ནས་འཚོ་བ་སྔར་ལས་ཇེ་ཡག་ཏུ་སོང་ཡོད། རྗེས་ཕྱོགས་སུ་ང་ཚོས་ཧུར་ཐག་སྒོས་འབྲི་གཡག་གསོ་སྤེལ་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ་ཉེ་འཁོར་གྱི་གསོ་སྤེལ་ཁྱིམ་ཚང་འཕེལ་རྒྱས་འགྲོ་བར་རྒྱུན་ཆད་མེད་པར་སྐུལ་ཁྲིད་བྱས་ཏེ། གཞི་ཁྱོན་ལྡན་པའི་འབྲི་གཡག་གསོ་སྤེལ་བྱེད་རྒྱ་ཆེ་རུ་བཏང་ནས་ཚང་མར་ཡོང་འབབ་སྔར་ལས་མང་པོ་ཡོང་བ་བྱེད་རྒྱུ་ཡིན་ཞེས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་མགར་རྩེ་ཡུལ་ཚོའི་འབྲི་གཡག་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་གི་ལས་འཛིན་མགོ་གཙོ་རིག་འཛིན་རྡོ་རྗེ་ཡིས་གསར་འགོད་པར་དེ་ལྟར་བཤད།
ཡིག་སྒྱུར་བ། གཡང་འབུམ་རྒྱལ།