“རྒྱུགས་སྤྲོད་ཀྱི”རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་མཚོ་སྔོན་གྱི་རྒྱུགས་ལན་ཡག་པོ་སྤྲོད་དགོས།
2022.11.14 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 17

—ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་རུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་འཕྱུར།

ལོ་ངོ་བརྒྱ་ཕྲག་གི་གྲུབ་འབྲས་འོད་སྟོང་འབར་བ་དང་། ལོ་ངོ་བརྒྱ་ཕྲག་རིང་གི་ཏང་ཆེན་པོ་བསམ་རྒྱ་ཆེ་ཞིང་བློ་རིག་རྒྱས་ཡོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་པ་དང་བསྟུན་ནས། རང་ཞིང་གི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཐབས་ལམ་སྣ་ཚོགས་བརྒྱུད་དེ་བྱེད་ཐབས་སྣ་མང་ལ་བརྟེན་ནས་སྙན་ཞུའི་མ་ཡིག་སློབ་སྦྱོང་དང་། བསམ་བློའི་གོ་དོན་རྟོགས་ཐབས་བཅས་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་བཏོན་པའི་བསམ་བློ་གསར་པ་དང་ཆོད་གཏམ་གསར་པ། བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་ནན་ཏན་གྱིས་རྟོགས་སུ་བཅུག

ཚང་མས་བསྟན་དོན། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩ་དེ་ཏང་ལ་ཐུག་ཡོད། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་སྟེང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱས་ཏེ། “ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུ་ནམ་ཡང་ལམ་ན་ཡོད་པ་དང་། ཏང་གི་རང་ངོས་གསར་བརྗེ་ནམ་ཡང་ལམ་ན་ཡོད”ཅེས་པའི་བརྡར་གཅོད་གལ་ཆེན་ལ་གོ་བ་ཟབ་མོ་བླངས་ཏེ། རླབས་ཆེན་གྱི་རང་ངོས་གསར་བརྗེ་དང་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེར་ཁྲིད་སྟོན་བྱེད་པའི་བླང་བྱ་གལ་ཆེན་ཁོང་དུ་བརྟན་པོ་ཆུད་པ་བྱས་ནས།“ངེས་པར་དུ་གསུམ”དང“བརྒྱུད་དགོས་ངེས་ཀྱི་ལམ་བུ་ལྔ”ཐོག་མཐའ་བར་གསུམ་དུ་བརྟན་པོ་ངེས་པ་བྱས་ཏེ། སྐྱོད་ལམ་གསར་པའི་སྟེང་གི་ཏང་གི་རང་ངོས་གསར་བརྗེ་དང་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་རླབས་ཆེན་ལག་ལེན་ཁྲོད། སྔར་ལས་རང་རྟོགས་ངང་ཞུགས་ནས“རྒྱུགས་སྤྲོད་ཀྱི”རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་མཚོ་སྔོན་གྱི་རྒྱུགས་ལན་ཡག་པོ་སྤྲོད་དགོས་ཟེར།

རང་ཉིད་གསར་བརྗེ་བྱས་ཏེ་དུས་རབས་གསར་པའི་རླབས་ཆེན་འཕོ་འགྱུར་གྱི་སྒོ་མོ་འབྱེད་པ།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ཡིས་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་རླབས་ཆེན་ལག་ལེན་ལ་ཕྱོགས་བསྡོམས་ནན་མོ་བྱས་པ་དང་། ལྕགས་རྡུང་ན་ངེས་པར་དུ་ཐོ་བ་མཁྲེགས་དགོས་པ་འབུར་དུ་བཏོད་ནས་ནན་གྱིས་བསྟན་ཡོད་ལ། “མི་བརྒྱ་སྟོང་ལ་ཕོག་ཐུག་བཏང་རུང་མི་དུང་ཕྱུར་བཅུ་བཞིའི”འགན་འཁྲི་ཕྲག་ཏུ་འཁུར་ནས་གཅོང་ནད་ལྟ་བུའི་ཟིང་ཆ་བཅོས་སྐྱོང་བྱེད་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྒྱལ་ཁ་ཐོབ་པ་མ་ཟད་ཕྱོགས་ཡོངས་ནས་སྲ་བརྟན་དུ་གཏོང་བ་དང་། ཏང་གི་རང་ངོས་གཙང་བཅོས་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བཅོས། རང་ངོས་མཐོར་གཏོང་བཅས་ཀྱི་ནུས་པ་མངོན་གསལ་སྒོས་ཆེ་རུ་བཏང་ནས། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ལྷུག་ལྷོད་མཉེན་གསུམ་གྱི་གནས་ཚུལ་རྩ་བའི་ཆ་ནས་འགྱུར་ལྡོག་གཏོང་བ། སྤྱོད་གཙང་གཞུང་དྲང་གི་ཏང་ནང་ཁུལ་གྱི་ཆབ་སྲིད་ཁོར་ཡུག་རྒྱུན་ཆད་མེད་པར་ཆགས་པ་དང་འཕེལ་རྒྱས་གཏོང་བ་བཅས་བྱས་ནས། ཏང་གི་ངོ་བོ་མི་འགྱུར་བ་དངརང་མདངས་མི་འགྱུར་བ། བྲོ་བ་མི་འགྱུར་བ་བཅས་ཁག་ཐེག་བྱེད་དགོས།

རྒྱུན་ཆད་མེད་པར་སློབ་སྦྱོང་ནན་མོ་བྱེད་པའི་བརྒྱུད་རིམ་ཁྲོད། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ཞིབ་བསྡུར་ཆེན་མོའི་བྱེད་སྒོ་སྤེལ་ནས། འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་སློབ་སྦྱོང་དང་། མི་སྣ་ཡོངས་ལ་ཁྱབ་པ། ཇི་མ་ཇི་བཞིན་སློབ་པ། དོན་དངོས་དང་ཟུང་འབྲེལ་གྱིས་སློབ་སྦྱོང་བཅས་བྱས་ཏེ་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་ཚ་རླབས་མགྱོགས་མྱུར་ངང་འཕྱུར། ཞིང་ཆེན་ཁྲིམས་འཛིན་ཐིན་གྱིས་ཆེད་དོན་སློབ་སྦྱོང་དང་། བརྗེ་རེས་ཞིབ་བསྡུར་གྲོས་མོལ། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ། ཆེད་དོན་ཏང་གི་སློབ་ཁྲིད་སོགས་རྣམ་པ་སྣ་ཚོགས་སྒྲིག་འཛུགས་བྱས་ཏེ་ཏན་ཏིག་ངང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ཡག་པོ་དང་། གོ་བ་ཡག་པོ་ལེན་པ། ལག་བསྟར་ཡག་པོ་བཅས་བྱས། ཞིང་ཆེན་སྤྱི་བདེ་ཐིན་གྱིས་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ལ་ཉེན་རྟོག་ཡོངས་ཀྱི་བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྟེང་གཅིག་གྱུར་ཡོང་བར་བྱེད་པ་དང་། ཏང་གི་ཉེན་རྟོག་དོ་དམ་ནན་མོ་དང་བྱང་ཚད་མཐོ་བའི་དཔུང་ཁག་འཛུགས་སྐྲུན་གྱི་དམིགས་འབེན་བླང་བྱར་དམིགས་ཏེ་སློབ་སྦྱོང་ངོ་མ་དང་། གོ་བ་ཡང་དག་ལེན་པ། ཡིད་ཆེས་དང་བེད་སྤྱོད་ངོ་མ་བཅས་བྱས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དེ་ཉེན་ཁ་འགོག་པ་དང་། བདེ་འཇགས་འགན་སྲུང། བརྟན་བརླིང་སྲུང་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་གསོན་ཉམས་དོད་པའི་ལག་ལེན་དུ་འགྱུར་བར་བྱེད་དགོས་པའི་བླང་བྱ་བཏོན།

ཚང་མས་གཅིག་རྗེས་གཉིས་མཐུད་དུ་བསྟན་དོན། དུས་རབས་གསར་པའི་ལོ་བཅུའི་རླབས་ཆེན་འཕོ་འགྱུར་ལ་ཕྱིར་མིག་ལྟ་བ་དང་། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དེ་ང་ཚོའི་ཏང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཁྱད་ཆོས་མངོན་གསལ་ཞིག་ཏུ་གྱུར་ནས། ལོ་རྒྱུས་རང་བཞིན་དང་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ཕྱོགས་ཡོངས་དང་གཏིང་ཟབ་པའི་ཤུགས་རྐྱེན་ཐེབས་ཡོད། དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་ཟབ་མོ་བཏང་བ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བར་སྣེ་ཁྲིད་བྱ་རྒྱུའི་རྩ་བ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་ཕྱོགས་སྟོན་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་ངང་ཁྲིད་སྟོན་བྱས་པར་ཐུག་ཡོད་ཟེར།

ཚང་མས “གཏན་ཁེལ་གཉིས”ནི་དུས་རབས་གསར་པར་ཏང་ལ་ཐོབ་པའི་ཆབ་སྲིད་ཀྱི་གྲུབ་འབྲས་གལ་ཆེན་ཡིན་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་ལྡན་པའི་གྲུབ་འབྲས་ཐོབ་ཅིང་ལོ་རྒྱུས་རང་བཞིན་ལྡན་པའི་འཕོ་འགྱུར་བྱུང་བར་སྐུལ་འདེད་གཏོང་བའི་ཐག་གཅོད་ཀྱི་རང་བཞིན་ལྡན་པའི་རྒྱུ་རྐྱེན་ཡིན་པའི་ངོས་འཛིན་གཅིག་མཐུན་བྱུང་ཡོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ངེས་པར་དུ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་ནས། “གཏན་འཁེལ་གཉིས”རྒྱུན་འཁྱོངས་བྱ་རྒྱུ་དེ་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་། ཏང་འཛུགས་སྐྲུན་ལ་སྐུལ་སྤེལ་བཅས་བྱེད་པའི་མགོ་རྩོམ་ས་དང་ཤུགས་རྒྱག་ས་བྱས་ཏེ། “སྲུང་སྐྱོང་གཉིས”རང་འགུལ་ངང་ལག་ལེན་བསྟར་ནས་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ནས། སྔར་ལས་རང་རྟོགས་ངང་སློབ་སྦྱོང་དང་ཤེས་རྟོགས། ཁོང་དུ་ཆུད་པ་བཅས་བྱས་ཏེ།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་ལེན་ཏན་ཏིག་བྱས་ཏེ། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། བློ་གཅིག་སེམས་གཅིག་དང་དཀའ་སྤྱད་སྡུག་རུས་ཀྱིས་ལས་དོན་སྒྲུབ་པ། དཔའ་ངར་ཆེན་པོས་མདུན་སྐྱོད་བཅས་བྱེད་དགོས།

རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏོང་དགོས།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལས་བསྟན་དོན། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་ནམ་ཡང་ལམ་ན་ཡོད། ཏང་གི་རང་ངོས་གསར་བརྗེ་ནམ་ཡང་ལམ་ན་ཡོད་པས། ལྷོད་གཡེང་དང་ངལ་དུབ། དམག་འཁྲུག་ལ་མི་དགའ་བའི་བསམ་ཚུལ་གཏན་ནས་ཡོད་མི་རུང་བར། ངེས་པར་དུ་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་ལྷོད་མེད་དང་། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་པར་སྐུལ་འདེད་ནན་མོ་བྱས་ཏེ། ཏང་གི་རང་ངོས་གསར་བརྗེས་སྤྱི་ཚོགས་གསར་བརྗེ་ལ་སྣེ་ཁྲིད་བྱེད་དགོས།

བསྟུད་མར་ཉིན་འགའི་རིང་ལ། ཞིང་ཆེན་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པས་ཁྱིམ་སྡོད་གཞུང་དོན་སྒྲུབ་པའི་དུས་ཚོད་བེད་སྤྱོད་གང་ལེགས་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་སོགས་ལ་སློབ་སྦྱོང་ནན་མོ་བྱས་ཏེ། ཚང་མས་ལས་གནས་ཀྱི་འགན་འཁྲི་ལ་གཞི་ཚུགས་པ་དང་། སློབ་སྦྱོང་བྱས་པ་ལས་ཐོབ་པའི་མྱོང་ཚོར་དང་ཟུང་འབྲེལ་བྱས་ཏེ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་སྐོར་གྱི་ཏང་ཀྲུང་དབྱང་གི་འཐབ་ཇུས་དང་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། “བཟོད་སྒོམ་གཏན་ནས་མི་བྱེད་པའི”རྣམ་འགྱུར་ཐོག་ནས་རུལ་སུངས་ལ་རྒོལ་བ་དང་ངན་པ་ལ་ཆད་གཅོད་བྱས་ཏེ། ཕྱོགས་ཡོངས་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་མཁྲེགས་གཏོར་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་དང་རྒྱུན་སྲིང་དམག་འཐབ་རྒྱག་དགོས། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་དཔྱོད་འགན་ནུས་དང་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ལས་འགན་ཡི་གེ་དང་བཀོལ་སྤྱོད་ལག་དེབ་གཏན་འབེབས་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཏན་ཏན་ཏིག་ཏིག་གིས་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱས་ཡོད། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཆེད་དོན་གྲོས་ཚོགས་འཚོགས་ཏེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་ཁོངས་གཏོགས་ཀྱིས་ཇི་མ་ཇི་བཞིན་སློབ་སྦྱོང་དང་། གོ་དོན་མཐིལ་རྟོགས་བྱེད་པ། དོན་དངོས་དང་ཟུང་འབྲེལ་བྱེད་པ། དངོས་འཛིན་དངོས་སྒྲུབ་བཅས་བྱས་ཏེ་རྒྱུན་སྲིང་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱུན་མཐུད་སྒོས“སྤྱོད་ངན་བཞི”བཅོས་སྒྲིག་ནན་མོ་བྱེད་པ་དང་། དོ་དམ་ནན་མོ་དང་གཅེས་སྐྱོང་ཟུང་འབྲེལ། སྐུལ་ལྕག་དང་ཚོད་འཛིན་གལ་ཆེན་མཉམ་དུ་འཛིན་པ་བཅས་བྱས་ནས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པའི་དཔུང་ཁག་དེ་སྔར་ལས་འགྱུར་མེད་སྟོབས་ལྡན་ཞིག་ཏུ་འགྱུར་བར་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

ཚང་མས་ངོས་འཛིན་གཅིག་མཐུན་བྱས་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་བསྟན་པའི“ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུ་ནམ་ཡང་ལམ་ན་ཡོད། ཏང་གི་རང་ངོས་གསར་བརྗེ་ནམ་ཡང་ལམ་ན་ཡོད”ཅེས་པ་འདིས་ཏང་གིས་རྙོག་འཛིང་དྲག་པོའི་ཉམས་སད་ཐེག་པར་བྱེད་པའི་ངོས་འཛིན་གསལ་པོ་དང་། ཏང་གི་རང་ངོས་གསར་བརྗེ་ཡིས་སྤྱི་ཚོགས་གསར་བརྗེ་ལ་སྣེ་ཁྲིད་བྱེད་པའི་ཚད་མཐོའི་རང་རྟོགས་གང་ལེགས་ཀྱིས་མཚོན་ཡོད། ང་ཚོས་དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་སྤྱིའི་བླང་བྱར་གོ་བ་ཟབ་མོ་ལེན་པ་དང་། ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་ནས། རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བླ་སྲོག་བསྐྲུན་ཏེ། ལམ་ལུགས་ལ་བརྟེན་ནས་ཏང་བཅོས་སྐྱོང་བྱེད་པ་དང་སྒྲིག་སྲོལ་ལ་བརྟེན་ནས་ཏང་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱས་ནས། ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་རྒྱུན་མི་ཆད་པར་ཆེ་རུ་གཏོང་བ་དང་། གཟབ་ནན་གྱི་དགོངས་གཞིར་བརྟེན་ནས་སྲོལ་བཟང་དང་སྒྲིག་ཁྲིམས་གཟབ་ནན་དུ་གཏོང་བ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་མཁྲེགས་གཏོར་དམག་འཐབ་དང་རྒྱུན་སྲིང་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པར་བྱེད་པ། ཏང་གི་རང་ངོས་གཙང་བཅོས་དང་རང་ངོས་འཐུས་ཚང་། རང་ངོས་གསར་བརྗེ། རང་ངོས་མཐོར་གཏོང་བཅས་ལ་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་ལ་བྱང་ཚད་མཐོ་བའི་ལས་བྱེད་པ་ཞིག་ཏུ་ཧུར་ཐག་གིས་འགྱུར་བར་བྱས་ནས། ཏང་གི་མཚོ་སྔོན་གྱི་སྲིད་འཛིན་རྨང་གཞི་སྔར་ལས་ཏན་ཏིག་དང་སྔར་ལས་ཇེ་བརྟན་དུ་གཏོང་དགོས།

བློ་བརྟན་འགྱུར་མེད་ཀྱིས་རྒྱུགས་སྤྲོད་པའི་ལམ་བུ་གསར་པར་ཡག་པོར་བསྐྱོད་དགོས།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་བསྟན་དོན། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བར་ངེས་པར་དུ་བརྒྱུད་དགོས་པའི་ལམ་བུ་ཞིག་ཡིན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་བྱེད་པའི་ལྡོག་མེད་ཀྱི་ལམ་བུ་ཞིག་ཡིན་པ་དང་། མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་ནི་ཀྲུང་གོ་མི་དམངས་ཀྱིས་ལོ་རྒྱུས་ཀྱི་རླབས་ཆེན་བྱ་གཞག་བསྐྲུན་པའི་ལྡོག་མེད་ཀྱི་ལམ་བུ་ཞིག་ཡིན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱ་རྒྱུ་ནི་དུས་རབས་གསར་པའི་རང་རྒྱལ་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བའི་ལྡོག་མེད་ལམ་བུ་ཞིག་ཡིན་ལ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུ་ནི་ཏང་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་རྒྱུགས་སྤྲོད་པའི་ལམ་བུ་གསར་པའི་སྟེང་ཡག་པོ་སྐྱོད་རྒྱུར་ངེས་པར་དུ་བརྒྱུད་དགོས་པའི་ལམ་བུ་ཞིག་རེད།

ཟི་ལིང་གྲོང་ཁྱེར་ཧོང་ཡོན་རྫོང་གི་ཏང་ཡོན་ལས་བྱེད་པས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བྱེད་སྐབས་ཚང་མས་བསྟན་དོན། རླབས་ཆེན་གྱི་རང་ངོས་གསར་བརྗེ་ཡིས་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེ་ལ་ཁྲིད་སྟོན་བྱེད་པའི་བླང་བྱ་གལ་ཆེན་ཁོང་དུ་ཡང་དག་པར་ཆུད་པ་བྱས་ནས། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུ་དེ་ནམ་ཡང་ལམ་དུ་ཡོད་པ་དང་། ཏང་གི་རང་ངོས་གསར་བརྗེ་ནམ་ཡང་ལམ་ན་ཡོད་པའི་གོ་བ་ཟབ་མོ་ལེན་པ་དང་སྐུལ་འདེད་བཏང་སྟེ། སྤྱོད་ཚུལ་དང་ནུས་པ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ཕྱོགས་གཉིས་ཀར་མཉམ་དུ་སྐུལ་འདེད་གཏོང་བ་དང་ཤུགས་སྣོན་རྒྱག་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཆད་གཅོད་ཀྱི་རྣམ་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བཅས་བྱས་ནས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་དགོས།

“ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་བསྟན་དོན།‘གཞི་རིམ་ལ་དམ་འཛིན་ཤུགས་ཆེན་བྱེད་པའི་སྟོན་ཕྱོགས་གསལ་པོ་རྒྱུན་འཁྱོངས་བྱས་ཏེ། ཏང་འཛུགས་སྐྲུན་ལ་དམ་འཛིན་བྱས་ཏེ་གྲོང་གསེབ་དར་སྤེལ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་སྡེ་ཁུལ་གྱི་ཏང་འཛུགས་སྐྲུན་བྱ་བར་ཤུགས་སྣོན་རྒྱག་པ། ཏང་འཛུགས་སྐྲུན་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པ’”སོགས་མཚོ་ཤར་གྲོང་ཁྱེར་ཕིན་ཨན་ཆུའུ་ཕིན་ཨན་སྲང་ལམ་གྱི་ཏང་ཡོན་ལས་བྱེད་པས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ཁྲོད། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་ཐད་ངོས་འཛིན་སྔར་ལས་ཟབ་མོ་བྱུང་ཡོད། ཁོ་ཚོས་ཐོག་མཐའ་བར་གསུམ་དུ་རིག་པ་དྭངས་གསལ་གྱི་ངོས་འཛིན་རྒྱུན་འཁྱོངས་བྱས་ཏེ“བསམ་བློའི་གོ་རྟོགས་ནུས་པ”ཇེ་བརྟན་དུ་གཏོང་བ་དང་། ཉེན་བརྡ་དུས་རྒྱུན་དུ་གཏོང་བ། དུས་དང་རྣམ་པ་ཀུན་ཏུ་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་བའི་གོམ་སྟབས་ཇེ་བརྟན་དུ་གཏོང་བ། ལས་སླ་མོར་ཐོབ་པ་ཞིག་མིན་པའི་གྲུབ་འབྲས་དང་བདེ་སྐྱིད་ཀྱི་འབྲས་བུ་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་བཅས་བྱེད་དགོས་ཟེར།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏུའུ་ལན་རྫོང་གི་ཏང་ཡོན་ལས་བྱེད་པས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་སློབ་སྦྱོང་བྱེད་སྐབས། རང་རྟོགས་ངང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ནས། སེམས་ལ་བརྟན་པོར་ངེས་པ་དང་བྱ་སྤྱོད་ནན་མོར་འཛིན་པ། རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུན་མི་ཆད་པར་བྱེད་པ། ཞབས་ཞུའི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་བ། ལས་ཕྱོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བའི་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལས་དོན་དོན་འཁྱོལ་ནུས་ལྡན་ཡོང་བར་སྐུལ་འདེད་གཏོང་དགོས་ཟེར།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་གི་ཏང་ཡོན་ལས་བྱེད་པས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བྱེད་པའི་མྱོང་ཚོར་ལྷུག་པོར་གླེང་བ་བརྒྱུད།“ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པའི”དོན་སྙིང་གལ་ཆེན་ལ་གོ་བ་ཟབ་མོ་བླངས་པ་དང་སྔར་ལས་ཤེས་རྟོགས་ཆེན་པོ་བྱུང་ཡོད། ཚང་མས་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་བགྲོད་ལམ་བཅས་སུ་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་ཡོང་བ་བྱ་དགོས་ཟེར། གཙོ་གནད་བྱ་བར་དམིགས་པ་དང་། རང་འགུལ་ངང་བྱ་སྤྱོད་སྤེལ་བ། འགན་འཁྲི་འཁུར་ནུས་དང་ཆུ་ཚད་མཐོ་རུ་གཏོང་བ། མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་པ།“འབྱུང་རྩ་ནས་འགན་འཁུར་བ”བཅས་བྱས་ཏེ་གྲོང་གསེབ་དར་སྤེལ་གཏོང་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་སྐྱེ་ཁམས་ཀྱི་འགན་སྲུང་ནུས་ལྡན་མཁོ་འདོན་བྱེད་དགོས་ཟེར།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།