བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྟེང་གཅིག་གྱུར་ཡོང་བར་བྱ་དགོས།
2022.11.15 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 32

—ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

དར་ཆ་མཐོན་པོར་སྒྲེང་བ་དང་། སྟོབས་ཤུགས་གོང་བུར་འགྲིལ་བ། མཐུན་སྒྲིལ་ཡར་བརྩོན་བཅས་བྱ་དགོས། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ལས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་ལེན་བཅས་བྱེད་པར་ཞིབ་འཇུག་ཟབ་མོ་དང་། རྒྱུད་རིམ་ལྡན་པའི་ཇུས་འགོད། སྤྱི་ཡོངས་བཀོད་སྒྲིག ཕྱོགས་ཡོངས་ནས་སྐུལ་སློང་བཅས་བྱས་པ་དང་།《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་ནན་མོ་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་བྱས་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྟེང་གཅིག་གྱུར་ཏན་ཏིག་བྱས་ཏེ། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སེམས་ལ་ཟུག་པ་དང་ཕྱི་ལ་ཁྱབ་པ། སྐྱོད་ལམ་གསར་པར་ཞུགས་ཏེ་དུས་རབས་གསར་པར་བྱས་རྗེས་འཇོག་པར་སྐུལ་འདེད་གཏོང་རྒྱུ་དེ་རེད།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱ་དགོས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནི་ཏང་དང་རྒྱལ་ཁབ་འཕེལ་རྒྱས་གཏོང་རིམ་དུ་ལམ་ཚད་རྡོ་རིང་གི་དོན་སྙིང་ཧ་ཅང་གལ་ཆེན་དང་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཤུགས་རྐྱེན་ཟབ་མོ་ཡོད། ཆབ་སྲིད་དང་རིགས་པའི་གཞུང་ལུགས། ལག་ལེན་བཅས་ཀྱི་ཐད་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཐོབ་ཡོད་ཅིང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སྔ་འཛིན་ཕྱི་གཏོད་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མདུན་ལམ་དང་ལས་དབང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར། མིའི་རིགས་ཀྱི་དཔལ་ཡོན་སྤེལ་བའི་རྣམ་པ་གསར་པ་བཅས་དང་འབྲེལ་བ་ཡོད་པས། ཆབ་སྲིད་ཀྱི་དོན་སྙིང་དང་འཐབ་ཇུས་ཀྱི་དོན་སྙིང་། ལོ་རྒྱུས་ཀྱི་དོན་སྙིང་། འཛམ་གླིང་གི་དོན་སྙིང་བཅས་ཧ་ཅང་གལ་ཆེན་ལྡན། ངོས་འཛིན་གང་ལེགས་དང་བསམ་བློའི་སྟེང་མཐོང་ཆེན་བྱས་ཚེ་སློབ་སྦྱོང་ཐད་གཞི་ནས་རང་རྟོགས་དང་། ལག་བསྟར་ཐད་གཞི་ནས་བློ་རྩ་བརྟན་པོ། བྱ་སྤྱོད་ཐད་གཞི་ནས་ནུས་པ་ཐོན་སྲིད། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་རྟོགས་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་བཞིན། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་བཏང་སྟེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་བརྟེན་ནས་བསམ་བློ་གཅིག་གྱུར་དང་། ཕྱོགས་ཡོངས་ལ་སྤྱི་འདོམས། བྱ་བར་གཅིག་འདོམས་བཅས་བྱ་དགོས།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གྱི་སྙིང་པོར་གོ་བ་ཟབ་མོ་ལེན་དགོས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་གསར་གཏོད་ཀྱི་རང་བཞིན་དང་མཚོན་རྟགས་ཀྱི་རང་བཞིན་ལྡན་པའི་དགོངས་པ་གལ་ཆེན་དང་ལྟ་བ་གལ་ཆེན། འཐབ་ཇུས་གལ་ཆེན། བྱེད་ཐབས་གལ་ཆེན་བཅས་རབ་དང་རིམ་པ་བཏོན། ང་ཚོས་“གཏན་ཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་དང་། ཚོགས་ཆེན་གྱི་བརྗོད་བྱ་གཙོ་བོ། འདས་པའི་ལོ་ལྔའི་བྱ་བ་དང་དུས་རབས་གསར་པའི་ལོ་བཅུའི་རླབས་ཆེན་འཕོ་འགྱུར། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་དང་ལས་འགན་ལ་གོ་བ་ཟབ་མོ་ལེན་པ། ཏང་དང་རྒྱལ་ཁབ་ཀྱི་ཕྱོགས་སོ་སོའི་ལས་དོན་ཐད་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་གོ་བ་ཟབ་མོ་ལེན་པ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བཀོད་སྒྲིག་གལ་ཆེན་ལ་གོ་བ་ཟབ་མོ་ལེན་པ། མཐུན་སྒྲིལ་འབད་འཐབ་རྒྱུན་འཁྱོངས་བྱེད་པའི་དུས་རབས་ཀྱི་བླང་བྱར་གོ་བ་ཟབ་མོ་ལེན་པ་བཅས་ཀྱི་ཐད་ཤུགས་རྒྱག་པ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གྱི་ཕུན་སུམ་ཚོགས་པའི་ནང་དོན་དང་། དགོངས་དོན་གྱི་ངོ་བོ། ལག་ལེན་གྱི་བླང་བྱ་བཅས་ཆ་ཚང་དང་། འཕྱུགས་པ་མེད་པ། ཕྱོགས་ཡོངས་ནས་གོ་བ་ལེན་པ་དང་ཁོང་དུ་ཆུད་པ་བཅས་བྱས་ཏེ། དགོངས་པའི་ངོ་བོ་དང་ལག་ལེན་གྱི་བླང་བྱར་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ནས། གོ་དོན་མཐིལ་རྟོགས་དང་རྒྱུས་ལོན་ཟབ་མོ་བྱེད་པར་བརྟེན་ནས་བྱ་སྤྱོད་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཕན་འབྲས་དངོས་ཐོན་པར་བྱ་དགོས།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས།ལག་ལེན་བཅས་བྱེད་པའི་ཚ་རླབས་འཕྱུར་ཡོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། དོན་འཁྱོལ་བཅས་བྱེད་པར་དོན་སྙིང་གལ་ཆེན་ལྡན། རིམ་པ་སོ་སོའི་ཏང་ཨུ(ཏང་ཙུའུ་)ཡིས་མྱུར་དུ་བྱ་སྤྱོད་སྤེལ་ནས། ཆབ་སྲིད་ཀྱི་ལངས་ཕྱོགས་ཇེ་མཐོར་གཏོང་བ་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལྟར། རང་ས་ཁུལ་དང་རང་སྡེ་ཁག་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཆེད་དོན་བཀོད་སྒྲིག་བྱེད་པ་དང་བླང་བྱ་ཞིབ་ཕྲ་འདོན་པ། དོན་འཁྱོལ་དམ་འཛིན་ལེགས་པོ་བྱེད་པར་ཤུགས་རྒྱག་པ། ཏན་ཏིག་ནུས་ལྡན་དང་གསོན་ཉམས་ལྡན་ལ་ཚོར་སྣང་སྐྱེ་འོས་པའི་རྣམ་པའི་ཐོག་ནས་ལས་བྱེད་པ་གསོ་སྦྱོང་དང་རེས་སྐོར་སྦྱོང་བརྡར། གཅིག་སྡུད་སྒོས་སྒྲོག་འགྲེལ་བྱེད་པ། གསར་འགྱུར་དྲིལ་བསྒྲགས་སྒྲིག་འཛུགས་ཞིབ་ཚགས་བྱེད་པ། ཞིབ་འཇུག་འཆད་འགྲེལ་ཟབ་མོ་བཅས་བྱས་ནས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མར་རིགས་པའི་གཞུང་ལུགས་ཐད་རིག་པ་དྭངས་གསལ་དང་། བསམ་བློའི་ཐད་བློ་རྩ་བརྟན་པ། ཆབ་སྲིད་ཐད་བློ་དཀར་སེམས་དཀར་བཅས་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་བསམ་བློའི་གོ་རྟོགས་དང་དམངས་ལ་བཅངས་པའི་བརྩེ་སེམས་སྦྱོང་ཐུབ་པ་དང་། རང་ལ་ཡིད་ཆེས་དང་འགན་འཁྲི་འཁུར་སེམས་སྦྱོང་ཐུབ་པ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་སྟོབས་ཤུགས་འཕེལ་བར་བྱེད་དགོས།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་བཏོན་པའི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་ལེགས་པོ་བྱ་དགོས་ལ། བཀོད་སྒྲིག་རེ་རེ་བཞིན་དོན་འཁྱོལ་ནན་མོ་བྱེད་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཤེས་སྤྱོད་ཟུང་འབྲེལ་དང་དངོས་སྒྲུབ་དངོས་གཉེར་རྒྱུན་འཁྱོངས་བྱས་ཏེ། རང་ཉིད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་བཏོན་པའི་འཐབ་ཇུས་ཀྱི་བཀོད་སྒྲིག་དེ་རང་ས་ཁུལ་དང་རང་སྡེ་ཁག་གི་ལས་འགན་དུ་སྒྱུར་བ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་འཛུགས་སྐྲུན་གྱི“གནས་བཞི”བསྐྲུན་པ། དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བར་སྐུལ་འདེད་བྱེད་པ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་སོགས་ཀྱི་ཐད་གསར་གཏོད་ཀྱི་རང་བཞིན་ལྡན་པའི་སྒོ་ནས་བྱ་བ་སྤེལ་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་མཚོ་སྔོན་དུ་རྩ་བ་ཚུགས་པ་དང་འབྲས་བུ་སྨིན་པར་ཁག་ཐེག་བྱ་དགོས།

བསམ་བློའི་དར་ཆ་བསྒྲེངས་ནས་མདུན་སྐྱོད་བྱེད་པ་དང་། སྐྱོད་ལམ་གསར་པར་ཞུགས་ནས་མདུན་སྐྱོད་ལ་སྐུལ་འདེད་གཏོང་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ནས།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། ཏན་ཏན་ཏིག་ཏིག་གིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་ཆུད་པར་བྱེད་པ་དང་། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་།“རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་པ་བཅས་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་བརྗིད་ཆེའི་འཆར་གཞི་དངོས་ཡོད་དུ་འགྱུར་བར་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཚོ་སྔོན་གྱི་ལེགས་སྐྱེས་འབུལ་དགོས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།