སློབ་གསོ་པུའུ་ཡིས་ཡིག་ཆ་བཀྲམ་ནས་དུས་རབས་གསར་པའི་སློབ་གྲྭ་འབྲིང་ཆུང་གི་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པའི་ཐད་བྱེད་ཐབས་ལྔ་བཏོན།
2022.11.15 ཁུངས། ཞིང་ཆེན་མི་དངམས་སྲིད་གཞུང་དྲ་བ། ཀློག་གྲངས། 12

 ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་ནན་མོ་བྱེད་ཆེད། དུས་རབས་གསར་བའི་བསམ་བློ་དང་ཆབ་སྲིད་བྱ་བར་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་གལ་ཆེན་གཞིར་བཟུང་སྟེ། ཉེ་ལམ་སློབ་གསོ་པུའུ་ཡིས《དུས་རབས་གསར་པའི་སློབ་གྲྭ་འབྲིང་ཆུང་གི་བསམ་བློ་དང་ཆབ་སྲིད་སློབ་ཚན་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་བྱེད་རྒྱུའི་སྐོར་གྱི་བསམ་འཆར》 པར་འགྲེམས་བྱས་ཏེ།   ཕྱོགས་ལྔའི་ཐད་ཀྱི་བྱེད་ཐབས་བཏོན་པ་རེད།

《བསམ་འཆར》ལས་བསྟན་དོན།  དུས་རབས་གསར་པའི་སློབ་གྲྭ་འབྲིང་ཆུང་གི་བསམ་བློ་དང་ཆབ་སྲིད་ཀྱི་སློབ་ཚན་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མཛུབ་སྟོན་བྱེད་པ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་གྲྭའི་བསམ་བློ་དང་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་ཀྱི་སློབ་ཚན་དགེ་རྒན་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྲུན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཏང་གིས་སློབ་གྲྭ་འབྲིང་ཆུང་གི་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བྱེད་པ་དང་། ཏང་གི་སློབ་གསོའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ།  སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བཟང་བོ་བྱེད་པ། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་གཞི་གཅིག་ཅན་ཏུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། བསམ་བློ་ཆབ་སྲིད་སློབ་ཚན་གྱི་འགག་རྩའི་བསླབ་ཚན་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།

《བསམ་འཆར》ལས། “འགག་རྩའི་གོ་གནས་འབུར་དུ་ཐོན་པར་བྱེད་པ་དང་།  གཅིག་གྱུར་གྱིས་འཆར་འགོད་ལག་བསྟར་བྱེད་ཤུགས་ཇེ་ཆེར་གཏོང་དགོས་ལ། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། བཅོས་སྒྱུར་གསར་གཏོད་ཟབ་སྤེལ”བཅས་ཀྱི་བྱ་བའི་རྩ་དོན་བཞི་བཏོན་ཏེ། 2025ལོར་སླེབས་སྐབས་སློབ་གྲྭ་འབྲིང་ཆུང་གི་བསམ་བློ་དང་ཆབ་སྲིད་སློབ་ཚན་ཀྱི་འགག་རྩའི་གོ་གནས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། འཛུགས་སྐྲུན་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་བ། སློབ་ཁྲིད་སྐབས་ཀྱི་གསོན་ཤུགས་འདོན་སྤེལ་གང་ལེགས་བྱེད་པ། སྤུས་ལེགས་ཀྱི་སློབ་ཚན་ཐོན་ཁུངས་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ལག་ལེན་སློབ་ཁྲིད་གཏིང་ཟབ་ཏུ་སྤེལ་བ། བསམ་བློ་ཆབ་སྲིད་སློབ་ཚན་ཀྱི་དགེ་རྒན་དཔུང་སྡེའི་ཆེད་ལས་ཅན་དང་ཆེད་ལས་ཅན་གྱི་ཆུ་ཚད་མངོན་གསལ་སྒོས་ཇེ་མཐོར་གཏོང་བ། “བསམ་བློ་དང་ཆབ་སྲིད་ཆེན་མོའི་སློབ་ཚན”མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ། གདེང་འཇོག་རྐྱེན་སྲོལ་གཞི་རྩའི་ཆ་ནས་འཐུས་ཚང་དུ་གཏོང་དགོས་བ་བཅས་བསྟན་ཡོད།

《བསམ་འཆར》ནང་ཕྱོགས་ལྔའི་ཐད་ཀྱི་བྱེད་ཐབས་བཏོན་ཡོད་པ་སྟེ།

གཅིག་ནས་སློབ་ཁྲིད་དོ་དམ་གསར་སྐྲུན་ཇེ་ཟབ་ཏུ་བཏང་ནས་བསམ་བློ་ཆབ་སྲིད་སློབ་ཚན་ཀྱི་འགག་རྩའི་གོ་གནས་ནུས་ཤུགས་ཡོད་རྒུས་ཇེ་དྲག་ཏུ་གཏོང་དགོས།

རྒྱལ་ཁབ་ཀྱི་སློབ་ཚན་ཇུས་གཞི་གཞིར་བཟུང་སྟེ་གཟའ་འཁོར་རེའི་སློབ་ཁྲིད་དུས་ཚོད་གསལ་པོར་བཟོས་ནས།  བསམ་བློ་ཆབ་སྲིད་ཀྱི་སློབ་ཁྲིད་འདང་ངེས་ཞིག་བྱ་རྒྱུ་དེ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་བསླབ་ཚན་ཀྱི་སྒྲིག་ལམ་ནན་མོ་ཞིག་ཏུ་བརྩི་དགོས། སློབ་དེབ་ཀྱི་ནང་དོན་དང《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་སློབ་མའི་ཀློག་དེབ》ལག་བསྟར་བྱས་ནས། ཆབ་སྲིད་ཀྱི་སྐབས་དོན་ཐོན་ཁུངས་བེད་སྤྱོད་བཟང་བོ་བྱེད་རྒྱུར་དོ་སྣང་བྱེད་དགོས། གནས་ལུགས་ཡག་པོ་བཤད་པ་དེ་ངོ་བོའི་བླང་བྱར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། ནུས་ཤུགས་ཡོད་རྒུས་སློབ་ཁང་དུ་སློབ་ཁྲིད་བྱེད་པའི་ཕན་འབྲས་དངོས་ཇེ་མཐོར་གཏོང་དགོས།

གཉིས་ནས་སློབ་ཚན་གྱི་སློབ་ཁྲིད་ཐོན་ཁུངས་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་སློབ་ཁྲིད་ཀྱི་གཞོགས་འདེགས་ཐོན་ཁུངས་མི་འདང་བའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས།

བསམ་བློ་ཆབ་སྲིད་ཀྱི“སྤུས་ལེགས་སློབ་ཚན”ཁག་གཅིག་བདམས་ཏེ་སྤུས་ལེགས་སློབ་ཁྲིད་ཀྱི་རམ་འདེགས་ཐོན་ཁུངས་དང་། ཁྲིད་དེབ་སོགས་ཐོན་ཁུངས་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་དགོས། བསམ་བློ་ཀུན་སྤྱོད་ཀྱི་ལག་ལེན་སློབ་ཁྲིད་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས་ལག་ལེན་སློབ་ཁྲིད་ཀྱི་རྟེན་གཞི་ཁག་གཅིག་འཛུགས་དགོས། སློབ་གྲྭ་ཆུང་འབྲིང་གི་རིག་ལྡན་སློབ་གསོའི་སྟེགས་བུའི་ནུས་པ་ཇེ་ཆེར་གཏོང་བ་དང་། ཐོན་ཁུངས་སྤུས་དག་མཉམ་སྐྲུན་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས།

གསུམ་ནས་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བསྣན་ནས་དགེ་རྒན་གྱི་ལས་འགན་གཅིག་ལྕོགས་ཀྱི་སྡུར་ཚད་མཐོ་དྲགས་པ་དང་ཆེད་ལས་ཀྱི་ནུས་པ་ཆེན་པོ་མེད་པའི་གནད་དོན་མཐའ་དག་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས། སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་སྒྲིག་ཁོངས་གཅིག་གྱུར་འཆར་འགོད་ཀྱིས་བེད་སྤྱོད་བྱས་ནས།  བསམ་བློ་ཆབ་སྲིད་སློབ་ཚན་ཀྱི་ཆེད་ལས་དགེ་རྒན་བཀོད་སྒྲིག་བྱེད་པར་འགན་སྲུང་ནུས་ལྡན་བྱེད་དགོས་པར་མ་ཟད། ད་དུང་ལས་འགན་གཅིག་ལྕོགས་ཀྱི་དགེ་རྒན་འདེམས་སྤྱོད་བྱེད་པའི་བྱ་བ་ཚད་ལྡན་དུ་གཏོང་དགོས། བསམ་བློ་ཆབ་སྲིད་ཀྱི་དགེ་རྒན་རེས་སྐོར་གསོ་སྦྱོང་ལམ་ལུགས་དང་སློབ་གྲྭ་ཕྱི་ནས་ལག་ལེན་སློབ་གསོའི་ལམ་ལུགས་བཙུགས་ནས། དགེ་རྒན་གྱིས་བམས་བློ་ཆབ་སྲིད་ཀྱི་སློབ་གསོའི་ཆེད་ལས་ཟབ་སྦྱོང་དང་། སློབ་ཁྲིད་ཀྱི་གཙོ་གནད་དང་དཀའ་གནད་ཞིབ་འཇུག་བྱ་བར་སྐུལ་མ་བཏང་ནས་རྒྱབ་སྐྱོར་བྱེད་པ། རིགས་ཁག་གི་ཕུལ་བྱུང་དཔྱད་འདེམས་བྱ་བའི་ཁྲོད་བསམ་བློ་ཆབ་སྲིད་སློབ་ཚན་ཀྱི་དགེ་རྒན་ལ་གཟིགས་སྐྱོང་འོས་འཚམ་བྱས་ནས་སྔོན་ཐོན་དཔེ་བཟང་འདེམས་འཛུགས་ལེགས་པོ་བྱེད་དགོས།

བཞི་ནས་སློབ་གསོའི་ཞིབ་འཇུག་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། སློབ་གསོའི་ཞིབ་འཇུག་ཐད་ཀྱི་མི་འདང་བའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས།

ཆེད་བསྐོས་བསམ་བློའི་ཆབ་སྲིད་སློབ་ཚན་ཀྱི་སློབ་གསོ་ཞིབ་འཇུག་བྱེད་མཁན་བཀོད་སྒྲིག་གང་ལེགས་བྱས་ཏེ། བསམ་བློ་ཆབ་སྲིད་སློབ་ཚན་ཀྱི་སློབ་གསོ་ཞིབ་འཇུག་པ་གསོ་སྦྱོང་བྱ་རྒྱུ་དེ་དགེ་རྒན་གྱི“རྒྱལ་ཁབ་གསོ་སྦྱོང་འཆར་གཞིའི”ནང་འཇུག་དགོས། ཆེད་ལས་མཛུབ་སྟོན་དང་ཁྲིད་སྟོན་བྱེད་ཤུགས་ཇེ་ཆེར་བཏང་ནས། བསམ་བློ་དང་ཆབ་སྲིད་སློབ་ཚན་དགེ་རྒན་གྱི་སློབ་གསོ་ཞིབ་འཇུག་གི་ཐུན་མོང་ཚོགས་པ་བཙུགས་ཏེ། དྲ་རྒྱའི་སློབ་གསོའི་ཞིབ་འཇུག་དང་། རྒྱང་ཁྲིད་སློབ་གསོའི་ཞིབ་འཇུག ས་ཁོངས་ལས་བརྒལ་བའི་སློབ་གསོའི་ཞིབ་འཇུག་བཅས་ཡོངས་ཁྱབ་ཏུ་སྤེལ་བ་དང་། ཆ་རྐྱེན་ཡོད་པའི་སློབ་གསོའི་ཞིབ་འཇུག་སྒྲིག་གཞི་དང་། སློབ་གྲྭ་འབྲིང་ཆུང་དང་ཏང་གི་སློབ་གྲྭ། མཐོ་རིམ་སློབ་གྲྭ་སོགས་དང་མཉམ་ལས་བྱས་ཏེ་བསམ་བློ་ཆབ་སྲིད་སློབ་གསོའི་སློབ་ཁྲིད་ཞིབ་འཇུག་བྱ་བ་སྤེལ་རྒྱུར་སྐུལ་མ་གཏོང་དགོས།

ལྔ་ནས་བསམ་བློ་དང་ཆབ་སྲིད་སློབ་ཚན་ཀྱི་མ་ལག་བཙུགས་ནས། ཤུགས་ཆེན་པོས་བསམ་བློ་ཆབ་སྲིད་བྱ་བའི་མཉམ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས།  ཞིང་ཆེན་རིམ་པའི་སློབ་གསོ་སྲིད་འཛིན་སྡེ་ཁག་གིས་སློབ་གྲྭ་འབྲིང་ཆུང་གི་རིག་ཚན་གྱི་ཀུན་སྤྱོད་སློབ་གསོའི་ཕྱོགས་སྟོན་ཞིབ་འཇུག་གཏན་འཁེལ་བྱས་ཏེ། རིག་ཚན་ཁག་གི་ཀུན་སྤྱོད་སློབ་གསོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པའི་བླང་བྱ་བཏོན་པ་དང་། ས་གནས་སོ་སོའི་སློབ་གྲྭ་ཁག་གིས“སློབ་གྲྭ་གཅིག་ལ་ཇུས་གཞི་གཅིག”གི་ཀུན་སྤྱོད་སློབ་གསོའི་བྱ་བའི་ལག་བསྟར་ཇུས་གཞི་ཞིབ་འཇུག་བྱས་ནས་བཟོས་ཏེ། བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྣ་ཚོགས་གཏིང་ཟབ་ཏུ་སྤེལ་བ་དང་། ཁྱིམ་ཚང་དང་། སློབ་གྲྭ། སྤྱི་ཚོགས་བཅས་ཀྱིས་མི་སྣ་གསོ་སྐྱོང་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། སློབ་མའི་སེམས་ཁམས་བདེ་ཐང་གི་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ།  སློབ་སྲོལ་ལེགས་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ཧུར་ཐག་སྒོས་ཁྱད་ཆོས་ལྡན་པའི་འཛིན་གྲྭར་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རིག་གནས་གསར་འཛུགས་བྱས་ཏེ། དྭངས་གསལ་དཔལ་ཡོན་ལྡན་པའི་སློབ་གྲྭའི་དྲ་བའི་རིག་གནས་འཛུགས་སྐྱོང་བྱེད་དགོས།

《བསམ་འཆར》ལས།  ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བྱས་ཏེ།  སློབ་གྲྭ་འབྲིང་ཆུང་གི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་སྤུས་ཚད་ཇེ་མཐོར་གཏོང་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། སློབ་གྲྭ་འབྲིང་ཆུང་གི་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྲུན་བྱེད་པའི་གནས་ཚུལ་དེ་རིམ་པ་སོ་སོའི་ཏང་ཨུའི་འགོ་ཁྲིད་ཚན་ཁག་གི་དཔྱད་ཞིབ་དང་ཆབ་སྲིད་སྐོར་གཟིགས་སྐོར་ཞིབ་ཁྲོད་འཇོག་པའི་གཏན་འབེབས་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པར་མ་ཟད།  ལྟ་སྐུལ་མཛུབ་སྟོན་དང་དཔྱད་ཞིབ་གདེང་འཇོག་ལ་ཤུགས་སྣོན་བྱས་ནས་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་འཛུགས་སྐྲུན་གནས་ཚུལ་དེ་ས་ཁོངས་སློབ་གསོའི་སྤུས་ཚད་དང་། སློབ་གྲྭའི་སློབ་གཉེར་སྤུས་ཚད། སློབ་མའི་འཕེལ་རྒྱས་སྤུས་ཚད་བཅས་ལ་གདེང་འཇོག་བྱེད་པའི་ནང་དོན་གལ་ཆེན་དུ་བརྩིས་ནས། དུས་བཅད་ལྟར་སློབ་གྲྭ་འབྲིང་ཆུང་གི་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྲུན་བྱེད་པའི་གནས་ཚུལ་དང་སློབ་ཁྲིད་སྤུས་ཚད་ལ་ལྟ་སྐུལ་མཛུབ་སྟོན་དང་དཔྱད་འཇོག་བྱེད་པ་དང་།  བྱ་བའི་རྣམ་པ་བཟང་པོ་བསྐྲུན་དགོས། དྲང་ཕྱོགས་ཀྱི་དྲིལ་བསྒྲགས་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས། སྤྱི་ཚོགས་ཡོངས་ཀྱིས་ཕྱོགས་སོ་སོར་སེམས་ཁུར་དང་རྒྱབ་སྐྱོར་བྱས་ཏེ་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་བཟང་བོར་སྒྲུབ་པ་དང་། དགེ་རྒན་གྱིས་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཡག་པོ་ཁྲིད་དགོས་པ། སློབ་མས་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཡག་པོར་སྦྱོང་དགོས་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

ཡིག་སྒྱུར་བ།སྒྲོལ་མ་སྐྱིད།