འགོག་ཐབས་བྲལ་བའི་གོམ་སྟབས།
2022.11.28 ཁུངས། མི་དམངས་ཉིན་རེའི་ཚགས་པར། ཀློག་གྲངས། 17

ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་བཏོན་ནས་ལོ་འཁོར་བཅུ་ལོན་པར་བྲིས་པ།

ཕུགས་འདུན་བསྐྲུན་པ་ནི་མི་རིགས་ཤིག་གི་འགྱུར་མེད་ཀྱི་འཚོལ་སྙེག་ཡིན་ཞིང་། ཕུགས་འདུན་སྙེག་པ་ནི་རྒྱལ་ཁབ་ཆེན་པོ་ཞིག་གི་རྔམ་ཟིལ་གྱི་གོམ་སྟབས་ཡིན་ལ། ཕུགས་འདུན་འགྲུབ་པ་ནི་ཏང་ཆེན་པོ་ཞིག་གི་རྟག་བརྟན་གྱི་ཐོག་མའི་བསམ་འདུན་ཡིན།

2012ལོའི་ཟླ11ཚེས29ཉིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་གྲོལ་ནས་ཡུན་རིང་མ་འགོར་བར། སྐབས་བཅོ་བརྒྱད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་གྱིས་རྒྱལ་ཁབ་རྟེན་མཛོད་ཁང་གི《བསྐྱར་དར་གྱི་ལམ་བུ》ཞེས་པའི་འགྲེམས་སྟོན་ལ་ལྟ་སྐོར་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྩེ་སེམས་ཟབ་མོས་རྒྱས་བཤད་གནང་བ་སྟེ།  “ད་ལྟ་ཚང་མས་ཀྲུང་གོའི་ཕུགས་འདུན་སྐོར་ལ་གྲོས་བསྡུར་བྱེད་ཀྱིན་ཡོད། ངས་བལྟས་ན་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་རྒྱུ་དེ་ནི་ཉེ་རབས་ཚུན་གྱི་ཀྲུང་ཧྭ་མི་རིགས་ཀྱི་ཆེས་རླབས་ཆེན་གྱི་ཕུགས་འདུན་ཞིག་ཡིན”པར་འདོད།

2017ལོའི་ཟླ10ཚེས31ཉིན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་གྲོལ་ནས་གཟའ་འཁོར་གཅིག་ལས་འགོར་མེད་པའི་སྐབས་སུ། སྐབས་བཅུ་དགུ་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་གྱིས་ཧྲང་ཧའེ་ཀྲུང་གུང་ཚོགས་ཆེན་དང་པོའི་ཚོགས་གནས་དང་ཀྲེ་ཅང་ཅ་ཞིན་ནན་ཧུའུ་མཚེའུ་ཡི་གྲུ་གཟིངས་དམར་པོར་གཟིགས་སྐོར་གནང་སྐབས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་ཚིག་བརྟན་པོས་ངང་ནས།  “ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་དངོས་སྒྲུབ་བྱས་ཚེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་བརྗིད་ཆགས་གྲུ་ཆེན་དེ་རྒྱ་མཚོར་བཤགས་ནས་འོད་སྟོང་འབར་བའི་ཕ་མཐར་རྒྱལ་ཁའི་ངང་བསྐྱོད་ཐུབ་ངེས་རེད”ཅེས་གསུངས་པ་རེད།

2022ལོའི་ཟླ10ཚེས23ཉིན་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་གྲོལ་བའི་ཉིན་གཉིས་པར། སྐབས་ཉི་ཤུ་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་གྱིས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་དང་ཐུག་འཕྲད་གནང་སྐབས།  སྤྱི་ཁྱབ་ཧྲུའུ་ཞི་ཅིན་ཕིང་གིས“ང་ཚོས་དཀའ་སྤྱད་སྡུག་རུས་དང་འགན་འཁྲི་འཁུར་སེམས་བཅངས་ནས། སྔར་ལས་ཆེ་བའི་ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་ལ་བརྟེན་ནས་མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ།  རྒྱུན་ཆད་མེད་པར་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལེའུ་གསར་པ་བརྩམས་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་ནུས་ཤུགས་ཡོད་རྒུས་མངོན་འགྱུར་བྱེད་དགོས་ཞེས་བརྗིད་ཉམས་ཆེན་པོས་ཁྱབ་བསྒྲགས་གནང་བ་རེད།

ལོ་ངོ་སྟོང་གི་ལོ་རྒྱུས་ལ་ཕྱིར་མིག་བལྟས་ཚེ། འོད་སྟོང་འབར་བའི་གྲུབ་འབྲས་བླངས་མྱོང་བའི་མི་རིགས་ཀྱིས་གཞི་ནས་བསྐྱར་དར་གྱི་དོན་སྙིང་རྟོགས་ཐུབ་ཅིང་།

ལོ་བརྒྱའི་ལམ་བུར་ཕྱིར་མིག་བལྟས་ཚེ། སྡུག་བསྔལ་བརྒྱུད་མྱོང་བའི་མི་རིགས་ཀྱིས་གཞི་ནས་བསྐྱར་དར་ལ་རེ་བ་ཆེན་པོ་བཅངས་ཡོད།

ལོ་ངོ་བཅུར་ཕྱིར་མིག་བལྟས་ཚེ།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་འཛམ་གླིང་སྟེང་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོར་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ། རླབས་ཆེན་གྱི་འཐབ་རྩོད་དང་། རླབས་ཆེན་གྱི་བཟོ་འགོད། རླབས་ཆེན་གྱི་བྱ་གཞག རླབས་ཆེན་གྱི་ཕུགས་འདུན་བཅས་ལ་གཅིག་འདོམས་བྱས་བ་དང་། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ།   ཕུགས་འདུན་བསྐྲུན་པ་དང་། ཕུགས་འདུན་སྙེག་པ། ཕུགས་འདུན་འགྲུབ་པ་བཅས་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བར་སྐུལ་འདེད་བཏང་ཞིང་། ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་ཕྱུག་པོར་གྱུར་པ་ནས་སྟོབས་ལྡན་དུ་གྱུར་བའི་བར་གྱི་རླབས་ཆེན་མཆོང་སྐྱོད་བསུས་ཡོད།

ད་ལྟ། ཀྲུང་ཧྭ་མི་རིགས་ཀྱིས་འཛམ་གླིང་ལ་ངོམ་པ་ནི་དབྱར་མཚོ་རྒྱས་པ་ལྟར་གྱི་རྣམ་པ་དང་འགོག་ཐབས་བྲལ་བའི་གོམ་སྟབས་ཀྱིས་རླབས་ཆེན་བསྐྱར་དར་ཕྱོགས་སུ་སྐྱོད་བཞིན་པ་དེ་རེད།

“ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་། མི་རིགས་དར་རྒྱས་ཡོང་བ། མི་དམངས་བདེ་སྐྱིད་ལྡན་པ་བཅས་ཡོང་བར་བྱེད་དགོས”

གནམ་གྲུ་འབབ་སའི་གྲུ་གཟིངས་གསུམ་པར་མིང་བཏགས་ནས་མཚོ་ནང་དུ་བསྐྱོད་པ་དང་། གོ་ལ་ཧྲིལ་པོའི་དོས་སྒམ་གྲུ་གཟིངས་ཆེ་ཤོས་བདེ་བླག་ངང་རྩིས་སྤྲོད་བྱས་པ། རང་རྒྱལ་གྱིས་བཟོས་པའི་སྦྲག་སྐྱེལ་གྲུ་གཟིངས་ཆེ་གྲས་གཉིས་པ་སྐྲུན་འགོ་བརྩམས་ཡོད། 2022ལོར་གྲུ་གཟིངས་བཟོ་བའི་ལས་རིགས་ཐད་གྲུབ་འབྲས་ཆེན་པོ་ཡང་ཡང་ཐོབ་ནས་ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོའི་གྲུ་གཟིངས་བཟོ་བའི་རྒྱལ་ཁབ་ཆེན་པོ་ཨང་དང་པོར་བརྟན་པོའི་ངང་གནས་ཡོད།

ཡུན་རིང་སྔོན་ཐོན་ཡིན་པ་ནས་རྗེས་ལུས་ཐེབས་པའི་དུས་རབས་བར་དང་དེ་ནས་འབད་འབུངས་ཀྱིས་འོད་སྟོང་སླར་ཡང་གཏོད་པའི་བར“གྲུ་གཟིངས་ཆེན་པོའི་ཕུགས་འདུན”ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད།

“ཉེ་རབས་ཀྱི་ཀྲུང་གོ་ནི་ཀླད་རལ་བའི་ཁང་པའི་ནང་དང་། ཞབས་བརྡོལ་བའི་གྲུ་བོའི་སྟེང་། ལྷབ་ལྷུབ་མཆེད་པའི་མེ་ལྕེ་ཡི་ཀློང་ན་ཡོད།

1932ལོའི་ལོ་མཇུག་ཏུ་ཧྲང་ཧའེ་ཡི《ཤར་ཕྱོགས་དུས་དེབ》ཀྱིས“ལོ་གསར་གྱི་ཕུགས་འདུན”ཞེས་པའི་རྩོམ་ཡིག་སྤེལ་ནས། “ཕུགས་འདུན་ཁྲོད་ཀྱི་མ་འོངས་པའི་ཀྲུང་གོ་ནི་ཇི་འདྲ་ཡིན་ནམ”ཞེས་བྲིས་ཡོད།  “དམག་འཁྲུག་དང་དམར་གསོད་མེད་ཚེ།  ཐུན་མོང་གི་བདེ་སྐྱིད་ལྡན་པའི་འཚོ་བ་ཡོད་སྲིད།” “སྤྱི་ཚོགས་ཡོངས་ལ་བཅིངས་འགྲོལ་ཐོབ་དགོས་ལ་བདེ་སྐྱིད་ཀྱང་ཐོབ་དགོས།” རྩོམ་སྒྲིག་པུའུ་ལ“ཕུགས་འདུན”དང་། “འབྱོར་ཕྱུག” “འདྲ་མཉམ” “སྤྱི་སྙོམ་ཆེན་པོ”བཅས་ཀྱི་མཐོ་ཟློས་ཀྱི་ཐ་སྙད་བརྒྱ་ཕྲག་ཙམ་འབྱོར་བ་རེད།

རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་ཕུགས་འདུན་དང་བསྐྱར་དར་གྱི་ཕུགས་འདུན་དེ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཏུ་གཞི་ནས་ཕུགས་འདུན་མངོན་འགྱུར་བྱེད་ཐུབ།

ཀྲུང་གོའི་ཆབ་སྲིད་ཀྱི་གར་སྟེགས་ཐོག་བུད་པའི་དུས་དེ་ནས་བཟུང་ཀྲུང་གོ་གུང་ཁྲན་ཏང་གིས་མར་ཁེ་སིའི་རིང་ལུགས་ཀྱི་བདེན་དོན་གྱི་དཔལ་འབར་མཐོན་པོར་བསྒྲེངས་ཏེ། ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བར་བྱ་རྒྱུ་དེ་ཐོག་མའི་བསམ་འདུན་དང་འགན་འཁྲིར་བརྩིས་པས། མི་རིགས་བསྐྱར་དར་ལ་གཞི་རྐང་ཡོད་པར་གྱུར་བ་དང་།  ཀྲུང་གོ་མི་དམངས་ཀྱི་བསམ་པའི་ཐོག་གཞན་དབང་ནས་རང་འགུལ་དུ་གྱུར་པ་རེད།

ལོ་བརྒྱའི་རིང་ལ་འབད་འཐབ་དང་། ལོ་བརྒྱའི་རིང་ལ་བློས་གཏོང་བ།  ལོ་བརྒྱའི་རིང་ལ་གསར་སྐྲུན་བཅས་བྱས་ཡོད།

ཀྲུང་གོས་གོམ་སྟབས་ཆེན་པོས་དུས་རབས་ཀྱི་རྗེས་སུ་སྙེག་སྐབས། མི་རིགས་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་དེ་ཞོགས་པའི་ཉི་གཞོན་བཞིན་དུ་འོད་མདངས་རབ་ཏུ་འཚེར་འདུག

“ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་། མི་རིགས་དར་རྒྱས་ཡོང་བ།  མི་དམངས་བདེ་སྐྱིད་ལྡན་པ་བཅས་ཡོང་བ་བྱེད་དགོས” ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་་གཏོང་བ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་བྱེད་པར་སྐུལ་འདེད་གཏོང་བ། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ་བཅས་བྱས་ནས།  རང་རྒྱལ་འདི་ཉིད་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་བའི་ཐོག་བསྐྱོད་པར་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད།

ཕུགས་འདུན་དོན་གཉེར་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས། “བདག་གིར་མི་བྱེད་པའི”ལོ་རྒྱུས་ཀྱི་འགན་འཁྲི་ཁུར་ལེན་དང་མི་དམངས་ལ་བཅངས་པའི་བརྩེ་སེམས་ཆེན་པོས་མཐུན་སྒྲིལ་འབད་འཐབ་ཀྱི་བརྗིད་ཆེའི་སྟོབས་ཤུགས་གཅིག་ཏུ་འདུས་ཡོད།

2021ལོའི་ཟླ7ཚེས1ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནམ་བདེ་སྒོ་མོ་ཆེའི་མཁར་སྟེང་ནས“ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་འབད་འཐབ་ལྷོད་མེད་བྱས་པ་བརྒྱུད།  ང་ཚོས་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱུང་ནས་ཀྲུང་ཧྭའི་ས་གཞི་ཆེན་པོའི་ཐོག་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཚར་ཡོད”ཅེས་བརྗིད་ཉམས་ལྡན་པའི་ངང་ཁྱབ་བསྒྲགས་གནང་བ་རེད།

ལོ་ངོ་སྟོང་གི་ཕུགས་འདུན་དེ་ད་ལྟ་མངོན་འགྱུར་བྱུང་ཡོད།  ཞིང་སྡེའི་དབུལ་ཕོངས་མི་གྲངས་དུང་ཕྱུར་གཅིག་ཙམ་དབུལ་ཕོངས་ལས་ཐར་ཏེ། ལོ་ངོ་སྟོང་ཕྲག་རིང་ལ་བར་ཆད་བཟོ་བའི་ཀྲུང་ཧྭ་མི་རིགས་ཀྱི་དབུལ་པོ་དབུལ་ནག་གི་གནད་དོན་ལ་ལོ་རྒྱུས་རང་བཞིན་གྱི་ཐག་གཅོད་བྱུང་ཡོད། ལོ་རྒྱུས་ཀྱི་དེབ་ཐེར་ཐོག་བཀོད་པའི་མི་ཡུལ་གྱི་ངོ་མཚར་ཁྲོད་མི་དམངས་གཙོ་འཛིན་ཀྱི་བརྩེ་སེམས་ཟབ་མོ་གཅིག་ཏུ་བསྡུས་ཡོད།

“ང་གང་དུ་བསྐྱོད་ཀྱང་ནམ་ཡང་ས་སེར་གྱི་བུ་ཡིན”། ལེའང་ཅ་ཧི་ནས་ཕེབས་པའི་བློ་མཐུན་ཞི་ཅིན་ཕིང་གིས་ཡུལ་མི་རྣམས་ཀྱི་དཀའ་སྡུག་གསལ་པོར་ཤེས་ཀྱིན་ཡོད་ལ་ཆེས་དབུལ་བོ་ཡིན་པ་ཡང་གསལ་པོར་རྟོགས་ཀྱིན་ཡོད།

“འབྱོར་འབྲིང་ལམ་བུའི་ཐོག་གྲངས་ཉུང་མི་རིགས་གཅིག་དང་ས་ཁུལ་གཅིག་ཀྱང་རྗེས་སུ་ལུས་མི་རུང་བར་བྱེད་དགོས”ཞེས་པའི་ཆེས་ཟབ་པའི་བརྩེ་སེམས་དེ་ཆེས་ལྕི་བའི་དམ་བཅའ་རུ་གྱུར།

ལོ་བཅུའི་རིང་ལ་ཀྲུང་གོའི་ས་ཁུལ་མང་པོར་བསྐྱོད་དེ་ཞབས་རྗེས་རེ་རེ་ཡིས་དབུལ་ཕོངས་ལས་ཐར་བའི་འཕེལ་རིམ་ལ་ཚད་འཇལ་གནང་ཡོད།

ཧུའུ་ནན་ཧྲི་པ་ཏུང་སྡེ་བའི་རྣམ་པར་འགྱུར་ལྡོག་གསར་བ་བྱུང་བ་དང་། ཡུན་ནན་ཏུའུ་ལུང་རིགས་ཀྱི་མང་ཚོགས་ཚོས“གོམ་སྟབས་གཅིག་གིས་ལོ་ངོ་སྟོང་ལ་བརྒལ”བའི་འགྱུར་ལྡོག་བྱུང་བ།  སི་ཁྲོན་གྱི“གཡང་གཟར་སྡེ་བའི”སྡེ་མི་ཚོས་སྦ་སྐས་ནས་ལྕགས་སྐས་བསུས་བ་དང་རི་མགོ་ནས་སྤོས་པ་སོགས་གངས་ལྗོངས་མཐོ་སྒང་ནས་བྱེ་ཐང་དང་། རི་ཁུལ་ཆེན་པོའི་བར་བཅས་སུ་དུས་དེ་ནས་བཟུང་མི་མང་པོ་ཞིག་གི་ལས་དབང་ལ་འགྱུར་ལྡོག་བྱུང་ཞིང་། མི་མང་པོ་ཞིག་གི་ཕུགས་འདུན་ཡང་མངོན་འགྱུར་བྱུང་ཡོད།

ལོ་བཅུར་དཀའ་སྤྱད་ཀྱིས་སྐྱོད་པ་དང་ལོ་བཅུར་ལག་ལེན་ནན་ཏན་བྱས།  དཔལ་འབྱོར་བརྟན་བརླིང་དང་། འཕེལ་རྒྱས་ལ་སྐུལ་འདེད།  དབུལ་ཕོངས་དང་འཐབ་པ། འབྱོར་འབྲིང་སྐྲུན་པ། རིམས་ནད་ཚོད་འཛིན། གནོད་འཚེ་ཆེན་པོ་སྔོན་འགོག  འགྱུར་ལྡོག་ལ་ཁ་གཏད་འཇལ་བ། ཉེན་ཁ་སེལ་བ་སོགས་ཐོག་མའི་གསར་གཏོད་རང་བཞིན་གྱི་བསམ་བློ་དང་། འགག་རྩའི་རང་བཞིན་གྱི་གདམ་ག འཐབ་ཇུས་རང་བཞིན་གྱི་བྱེད་ཐབས།   སྒྱུར་བཅོས་རང་བཞིན་གྱི་ལག་ལེན། ཐོད་བརྒལ་རང་བཞིན་གྱི་འཕེལ་རིམ། མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་བཅས་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྤྱི་འདོམས་བཀོད་འདོམས་བྱས་པར་བརྟེན། མཐུན་སྒྲིལ་འབད་འཐབ་ལ་གཞི་རྐང་ཡོད་པར་གྱུར་བ་དང་ཕུགས་འདུན་མངོན་འགྱུར་བྱེད་པར་སྣེ་ཁྲིད་མཁན་ཡོད་པར་གྱུར།

ཕུགས་འདུན་དོན་གཉེར་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས། གཟིགས་རྒྱང་རིང་བའི་བསམ་གཞིགས་དང་ཁྱོན་ཡོངས་སྟངས་འཛིན་བྱེད་པའི་འཐབ་ཇུས་ཀྱི་བཀོད་སྒྲིག་བྱས་ཏེ།  ཀྲུང་གོའི་ཁྱད་ཆོས་ཀྱི་འོད་ཟེར་སྟོང་ལྡན་གྱི་ལམ་བུ་བསྐྲུན་ཡོད།

“ཡོང་འབབ་བཙལ་ཞོར་དུ་ཁྱིམ་ཚང་ལ་ལྟ་སྐྱོང་བྱས་ཚེ། འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་བཟང་དུ་འགྲོ་སྲིད”། ཧྲའན་ཞིས་ཝུའུ་ཀུང་རྫོང་གི་བུད་མེད་ལེའང་བིས་ཕེན་གྱིས་ཚེམ་དྲུབ་རྩལ་ནུས་གསོ་སྦྱོང་བྱས་ནས་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་བྱས་ཤིང་། ཁོ་མོ་རྐང་འཛིན་བཟོ་བར་གྱུར་ནས་སེམས་ཤུགས་སྔར་ལས་ཆེ་རུ་ཕྱིན་ཡོད།

“རིག་གནས་ཀྱི་རྩ་བ་ཇེ་བརྟན་དུ་སོང་ནས་གསོན་ཤུགས་ཆེན་པོ་རྒྱས་བྱུང་། ” ཀོང་ཀྲིག་ཡུང་ཆིན་ཧྥང་གི་རྡོ་རྩིག་གི་ལམ་དང་ཕྲེང་ལྟར་འགྲིག་པའི་ཐོག་ཁང་། སྙན་འཇེབས་ཀྱི་གླུ་སྒྲ། སྒྱུ་རྩལ་གྱི་མགྲོན་ཁང་དང་བདག་གཉེར་བར་སྟོང་གཅིག་ཏུ་འཛོམས་ཡོད་པས། ས་དེའི་མི་རྣམས་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད།

སྔར་ལས་འབྱོར་ཕྱུག་ལྡན་པའི་དངོས་པོའི་འཚོ་བ་དང་། སྔར་ལས་ཕུན་སུམ་ཚོགས་པའི་བསམ་པའི་ལོངས་སྤྱོད། སྔར་ལས་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་བཅས་བསྐྲུན་ཡོད། ལོ་བཅུའི་འཕོ་འགྱུར་ནི་དུས་རབས་གསར་པའི་ཀྲུང་གོའི་བརྗིད་ཉམས་ཆེ་བའི་དེང་རབས་ཅན་གྱི་མཛེས་རིས་ཤིག་ཏུ་གྱུར་ཡོད།

ཀྲུང་གོའི་ཕུགས་འདུན་དང་རྒྱལ་ཁབ་སྟོབས་ལྡན་གཏོང་བའི་ཕུགས་འདུན། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ཀྲུང་ཧྭ་མི་རིགས་ཀྱི་བསམ་འདུན་དང་རེ་བ་བཅོལ་ཡོད།

“ང་ཚོའི་ཏང་གིས་མི་གྲངས་དུང་ཕྱུར་བཅུ་བཞི་ཡོད་པའི་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཆེན་པོ་ཞིག་ལ་འགོ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱེད་དགོས་ན། ངེས་པར་དུ་དངོས་ཐོག་བདེན་འཚོལ་དང་། བརྟན་ཐོག་ཡར་འཕེལ། མཐུན་སྦྱོར་སྐུལ་འདེད་བཅས་རྒྱུན་འཁྱོངས་བྱས་ནས། རྒྱང་ལྟའི་རང་བཞིན་གྱི་བསམ་གཞིག་དང་། ཁྱོན་ཡོངས་རང་བཞིན་གྱི་འཆར་འགོད། འཐབ་ཇུས་རང་བཞིན་གྱི་བཀོད་སྒྲིག སྤྱི་ཡོངས་རང་བཞིན་གྱི་སྐུལ་འདེད་བཅས་ལ་ཤུགས་སྣོན་རྒྱག་དགོས”།

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་།

མི་གྲངས་ཀྱི་གཞི་ཁྱོན་ཤིན་ཏུ་ཆེ་བའི་དེང་རབས་ཅན་དང་།  མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བའི་དེང་རབས་ཅན། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་གྱི་དེང་རབས་ཅན། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན། ཞི་བདེའི་འཕེལ་རྒྱས་ཀྱི་ལམ་བུའི་སྟེང་སྐྱོད་པའི་དེང་རབས་ཅན་བཅས་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཡིན་པས། རྒྱལ་ཁབ་སོ་སོའི་དེང་རབས་ཅན་གྱི་ཐུན་མོང་གི་ཁྱད་ཆོས་ལྡན་ལ།  རྒྱལ་ཁབ་རང་གི་གནས་ཚུལ་ལ་གཞིགས་པའི་ཀྲུང་གོའི་ཁྱད་ཆོས་དེ་བས་ཀྱང་ལྡན།

ངོས་འཛིན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སོང་བ་དང་། འཐབ་ཇུས་རྒྱུན་ཆད་མེད་པར་འཐུས་ཚང་དུ་སོང་བ། ལག་ལེན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་སོང་བ་བཅས་ཀྱི་ལོ་བཅུའི་རིང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལམ་བུའི་ཐོག་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཇེ་ཡངས་སུ་སོང་ནས། རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་འོད་སྟོང་ལྡན་པའི་མདུན་ལྗོངས་ཆེན་པོ་མངོན་ཡོད།

ཕུགས་འདུན་དོན་གཉེར་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས། རི་ཀླུང་ཀུན་གྱི་མཛེས་སྡུག་རྣམ་པར་བཀྲ་བའི་རི་མོ་གསར་བ་དང་ཟིལ་རླབས་དགུང་འཕྱུར་གྱི་ལོ་རྒྱུས་མཚོན་པའི་སྙན་ངག་གིས།  ལོ་བཅུ་ཡི་རླབས་ཆེན་འཕོ་འགྱུར་གྱི་དཔང་པོ་བྱས་ཡོད།

བློ་བརྟན་འགྱུར་མེད་སྒོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་། དཔལ་འབྱོར་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི110ཡི་འགག་སྒོ་ཆེན་པོ་ལས་བརྒལ་ཏེ་གོ་ལ་ཧྲིལ་པོའི་དཔལ་འབྱོར་དངོས་ཕུང་ཆེ་གྲས་གཉིས་པ་དང་། བཟོ་ལས་རྒྱལ་ཁབ་ཆེ་གྲས་དང་པོ། དངོས་ཟོག་ཉོ་ཚོང་རྒྱལ་ཁབ་ཆེ་ཤོས། ཕྱི་དངུལ་གསོག་འཇོག་རྒྱལ་ཁབ་ཆེ་གྲས་དང་པོ་བཅས་སུ་བརྟན་པོའི་ངང་གནས་པར་མ་ཟད། གསར་གཏོད་རྣམ་པའི་རྒྱལ་ཁབ་ཀྱི་གྲས་སུ་ཚུད་ཡོད། ལོ་བཅུ་པོ་དེའི་རིང་ཀྲུང་གོའི་དཔལ་འབྱོར་གྱི་གྲུ་གཟིངས་ཆེན་པོ་དེ་སྔར་ལས་ཡངས་བའི་མདུན་ལྗོངས་དུ་བསྐྱོད་ཡོད།

ཧུར་ཐག་གིས་གོ་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་སུ་བཏང་ཡོད།  མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་རྒྱ་ཁྱབ་ཏུ་སྤེལ། “སྒོ་ར་ཆུང་ཆུང་གི་གྲོས་དོན་ཁང”དང་། “རྐུབ་སྟེགས་དམངས་གཙོ”། “སྒྲོག་ཙེ་སྒོར་མོའི་ཚོགས་འདུ”སོགས་གཞི་རིམ་གྱི་དམངས་གཙོའི་ལག་ལེན་ལ་སྐུལ་འདེད་གཏིང་ཟབ་བཏང་བ་སོགས་ཀྱི་ལོ་བཅུ་པོ་དེ་དག་གི་ནང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱས་ནས་བརྟན་པའི་རྨང་གཞི་ལེགས་པོ་བཏིང་ཡོད།

སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་མི་སེམས་གཅིག་སྒྲིལ་དང་དམངས་ཀྱི་སྟོབས་ཤུགས་གཅིག་བསྡུས་བྱས་ཡོད། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་བྱུང་སྟེ། 《ཁྲང་ཅིན་མཚེའུ》དང《འགྱུར་མེད་ཀྱི་བརྩེ་བ》སོགས་བརྩམས་ཆོས་ལ་བསྔགས་བརྗོད་ཐོབ་པ་དང་རིག་གནས་བྱ་གཞག་ཉིན་བཞིན་དར་རྒྱས་འགྲོ་བཞིན་ཡོད། ལོ་བཅུ་པོ་དེའི་རིང་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་རིག་གནས་ཀྱི་རང་རྟོན་མངོན་གསལ་དོད་པོས་ཇེ་དྲག་ཏུ་སོང་ཡོད།

མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཡོད། བྱིས་པའི་དུས་ན་སྐྱོང་མཁན་ཡོད་པ་དང་། སློབ་སྦྱོང་ལ་འཁྲིད་མཁན་ཡོད་པ། ངལ་རྩོལ་ལ་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ། ཉམས་ཞན་སྐྱོར་མཁན་ཡོད་པ་བཅས་བྱས་ནས། དམངས་ཚིས་མཐའ་ཚད་བརྟན་པོ་སྲུང་བ་དང་ཉེན་ཁ་སྣ་ཚོགས་འགོག་ཟོན་དང་མེད་པར་བཟོས་པ་སོགས། ལོ་བཅུ་པོ་དེའི་རིང་ལ་དམངས་ཚིས་རྒྱུགས་གཞི་ལེགས་པོ་ཞིག་སྤྲད་ནས་མི་སེམས་ལ་དྲོད་སྐྱིད་སྦྱིན་ཡོད།

རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན། གནམ་སྔོན་པོ་དང་ཆུ་དྭངས་མོ། ས་གཙང་བ་བཅས་ཀྱི་སྲུང་སྐྱོང་དམག་འཐབ་ཡག་པོ་རྒྱག་པ་དང་། ཆུ་དཔོན་ལམ་ལུགས་དང་མཚེའུ་དཔོན་ལམ་ལུགས། ནགས་ཀྱི་འགོ་གཙོའི་ལམ་ལུགས་དོན་འཁྱོལ་བྱེད་པ། ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་བརྟན་པོའི་ངང་སྐུལ་འདེད་ཧུར་ཐག་གཏོང་བ་སོགས་ལོ་བཅུ་བོ་འདིའི་རིང་མཛེས་སྡུག་ལྡན་པའི་ཀྲུང་གོ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཡོད།

ཏང་འཛུགས་སྐྲུན་གྱི་རླབས་ཆེན་སྙིང་སྟོབས་འབྱུང་རྩར་འཛིན་པའི་ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་པའི་གདུང་རབས་དར་སྤེལ་གཏོང་དགོས། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་པ་དང་། ཁེངས་སྐྱུང་གཟབ་ནན་དང་དཀའ་སྤྱད་འབད་བརྩོན། འཐབ་རྩོད་བྱེད་ཕོད་པ། འཐབ་རྩོད་བྱེད་མཁས་པ། ལོ་རྒྱུས་ཀྱི་གདེང་ཚོད་ཇེ་བརྟན་དུ་གཏོང་བ། ལོ་རྒྱུས་ཀྱི་རང་འགུལ་ཆེ་རུ་གཏོང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

ལོ་ངོ་བཅུའི་རིང་གི་འཕོ་འགྱུར་དང་རླབས་ཆེན་གྱི་མཛད་རྗེས། ཀྲུང་གོའི་མི་དམངས་ཀྱིས་སྔར་ལས་ལྷག་པའི་ལོ་རྒྱུས་ཀྱི་རང་རྟོགས་དང་རང་འགུལ་གྱི་སྙིང་སྟོབས་མངོན་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་དེ་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་སླེབས་པ། ཚན་རིག་སྤྱི་ཚོགས་རིང་ལུགས་དུས་རབས21པའི་ཀྲུང་གོར་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད། མཐར་གཏུགས་ནས་བརྗོད་ན། ཏང་འདི་ཉིད་གསར་བརྗེའི་རང་བཞིན་གྱི་སྦྱོང་བརྡར་ཁྲོད་སྔར་ལས་བརྟན་ལ་ནུས་པ་ལྡན་པ་དང་། “གཏན་འཁེལ་གཉིས”མི་སེམས་ལ་ཟུག་ཡོད་པས་རེད།

སྤྱིར་བཏང་མིན་པའི་ལོ་ངོ་བཅུའི་རིང་། “གཏན་འཁེལ་གཉིས”དེ་དཔའ་སྤོབས་ཆེན་པོས་དུས་རབས་གསར་པའི་རླབས་ཆེན་གྱི་སྐྱོད་ལམ་སྟེང་བྲིས་ཡོད་པ་དང་། ཀྲུང་གོ་བ་དུང་ཕྱུར་བཅུ་བཞི་ལྷག་ཙམ་གྱི་སེམས་ནང་དུ་བཀོད་ཡོད།

སྤྱིར་བཏང་མིན་པའི་ལོ་བཅུར་ང་ཚོར་མྱོང་ཚོར་ཟབ་མོ་བྱུང་། ཏང་གིས་བློ་མཐུན་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གོ་གནས་སུ་གཏན་འཁེལ་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་གནས་བབ་གཏན་འཁེལ་བྱ་རྒྱུ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་གཏོང་བ་དང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་ཐག་གཅོད་རང་བཞིན་གྱི་རྒྱུ་རྐྱེན་ཞིག་དང་། དཀའ་ངལ་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་བ་དང་ངེས་གཏན་མེད་པའི་རང་བཞིན་མཐའ་དག་ལ་ཁ་གཏད་འཇལ་བའི་གཏན་འཁེལ་རང་བཞིན་ཆེ་ཤོས་དང་། གཏིང་ཤུགས་ཆེ་ཤོས། འགན་ལེན་ཆེ་ཤོས་བཅས་རེད།

མཉམ་དུ་འབད་པས་སྒྲུབ། ལོ་ངོ་བཅུའི་རིང་ལ་ཕུགས་འདུན་དོན་གཉེར་བྱས་པ་ལས། མཐུན་སྒྲིལ་བྱས་ན་ད་གཟོད་རྒྱལ་ཁ་ལེན་ཐུབ་པ་དང་། འབད་འཐབ་བྱས་ན་ད་གཟོད་རྒྱལ་ཁ་ལེན་ཐུབ་པ་ར་སྤྲོད་གང་ལེགས་བྱས་ཡོད། “ཤོར་ཟིན་པའི་ལོ་ངོ་ཉིས་བརྒྱ”ཕྱིར་འཚོལ་བྱེད་པར། དུས་རབས་གསར་པའི་ཀྲུང་གོ་དེ“དེང་རབས་ཅན་གྱི་རྗེས་ལུས་རྒྱལ་ཁབ”ནས“འཛམ་གླིང་དེང་རབས་ཅན་གྱི་འཕར་གནས”སུ་གྱུར་བ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་དེ་ལྡོག་ཐབས་བྲལ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་སླེབས་ནས་སྔར་བྱུང་མྱོང་མེད་པའི་འོད་སྟོང་འཕྲོ་བའི་མདུན་ལམ་ཞིག་མངོན་ཡོད།

“ཀྲུང་གོའི་ཕུགས་འདུན་ནི་མཐར་གཏུགས་ནས་བཤད་ན་མི་དམངས་ཀྱི་ཕུགས་འདུན་ཡིན་པས་ངེས་པར་དུ་མི་དམངས་ལ་དམ་པོར་བརྟེན་ནས་མངོན་འགྱུར་བྱེད་དགོས་པ་དང་། ངེས་པར་དུ་མི་དམངས་ལ་རྒྱུན་ཆད་མེད་པར་བདེ་སྐྱིད་བསྐྲུན་དགོས།”

2022ལོའི་ཟླ2པའི་ཚེས4ཉིན་གྱི་དགོང་མོར། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དུས་ལྟར་འཚོག དགོང་མོའི་ཆུ་ཚོད་བཅུའི་སྟེང་། ཚོགས་ར་ཡོངས་ཀྱི་མི་རྣམས་ཡར་ལངས་ནས་འཛམ་གླིང་ཡོངས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད་པའི་ཨོ་ལིན་ཕིས་ཁི་ལུས་རྩལ་འགྲན་ཚོགས་ཀྱི་དར་ཆ་དལ་གྱིས་སྒྲེང་ནས་རམ་དཀྲོལ་མེད་པའི་ལྷད་མེད་བྱིས་པའི་གདངས་དབྱངས་ཀྱིས་མི་སེམས་འགུལ་བར་བྱེད།

ཀེ་རི་སེའི་སྐད་ཀྱི་ཨོ་ལིན་ཕིས་ཁི་ལུས་རྩལ་འགྲན་ཚོགས་ཀྱི་གཞས་གཏོང་མཁན་གྱི་བྱིས་པ་དེ་དག་བྲག་རོང་དང་རི་བོ། རྒྱ་མཚོ་བཅས་ཀྱི་ཁྲོད་ནས་ཡོང་། ཁོ་ཚོའི་ཕ་ཡུལ་ནི་ཧི་པེ་ཧྥུའུ་ཕིན་རྫོང་ལ། དེ་སྔའི་ཐའེ་ཧང་རི་བོའི་ཕུགས་ཀྱི་རྒྱལ་ཁབ་དབུལ་སྐྱོར་བྱ་བའི་གཙོ་གནད་རྫོང་རེད། སྐབས་དེ་དུས། རང་ཉིད་ཀྱི་ཕུགས་འདུན་ཆུང་ཆུང་དེ་འགྲུབ་ནས་ལུས་རྩལ་གྱིས་མིའི་རིགས་ལ་ལེགས་སྐྱེས་ཕུན་སུམ་ཚོགས་པོ་ཕུལ་ཡོད་པ་རོལ་མྱོང་བྱེད་བཞིན་ཡོད།

ཨོ་རྩལ་འགྲན་ཚོགས་ཀྱི་ཕུགས་འདུན་དང་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་ཕུགས་འདུན། 1908ལོར་རྨོངས་མུན་རྟོག་སད་ཀྱི“ཨོ་རྩལ་འགྲན་ཚོགས་སྐོར་གྱི་དྲི་བ་གསུམ”ནས། 2022ལོར་པེ་ཅིང་འདི་ཉིད་གོ་ལ་ཧྲིལ་པོའི“ཨོ་རྩལ་འགྲན་ཚོགས་གཉིས་ཀྱི་གྲོང་ཁྱེར”དང་པོར་གྱུར་ཏེ། ཀྲུང་གོ་བ་མི་རབས་ནས་མི་རབས་བར་ཕུགས་འདུན་གྱི་ཕྱོགས་སུ་གཅིག་རྗེས་གཉིས་མཐུད་ངང་བསྐྱོད་དེ། རྒྱལ་ཁབ་ཀྱི་ཕུགས་འདུན་དང་མི་རིགས་ཀྱི་ཕུགས་འདུན་མི་རེའི་ལག་བསྟར་བྱེད་པའི་ཁྲོད་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པ། འབྲས་བུ་ཐོན་པ་བཅས་བྱེད་ཀྱིན་ཡོད།

“ཀྲུང་གོའི་ཕུགས་འདུན་ནི་མཐར་གཏུགས་ནས་བཤད་ན་མི་དམངས་ཀྱི་ཕུགས་འདུན་ཡིན་པས། ངེས་པར་དུ་མི་དམངས་ལ་དམ་པོར་བརྟེན་ནས་མངོན་འགྱུར་བྱེད་དགོས་པ་དང་། ངེས་པར་དུ་མི་དམངས་ལ་རྒྱུན་ཆད་མེད་པར་བདེ་སྐྱིད་བསྐྲུན་དགོས།” “འབྱོར་འབྲིང་གི་ཕུགས་འདུན་དང་། རྒྱལ་ཁབ་སྟོབས་ཆེར་གཏོང་བའི་ཕུགས་འདུན། ཀྲུང་གོའི་ཕུགས་འདུན་བཅས་མཐར་གཏུགས་ནས་བཤད་ན་མང་ཚོགས་ཀྱི‘བདེ་སྐྱིད་ཀྱི་ཕུགས་འདུན’ཡིན། ཀྲུང་གོ་གུང་ཁྲན་ཏང་གི་འབད་འཐབ་མཐའ་དག་ནི་མི་དམངས་ཀྱི་ཆེད་དུ་བདེ་སྐྱིད་དོན་གཉེར་བྱེད་པ་ཞིག་རེད།”

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྩེ་བ་ཟབ་མོའི་གསུང་བཤད་ནང་ཀྲུང་གོའི་ཕུགས་འདུན་གྱི་ལྟེ་བའི་རིན་ཐང་རྒྱས་བཤད་གནང་བ་དང་། ཀྲུང་གོའི་ཕུགས་འདུན་གྱི་སྒུལ་ཤུགས་འབྱུང་ཁུངས་གསལ་སྟོན་གནང་ཡོད་ལ། མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་གི་སྲིད་སྐྱོང་རང་རྟོགས་མངོན་ཡོད།

—ཀྲུང་གོའི་ཕུགས་འདུན་ནི་ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་ཕུགས་འདུན་ཡིན། མི་རེ་རེའི་མདུན་ལམ་དང་ལས་དབང་དེ་རྒྱལ་ཁབ་དང་མི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་དམ་པོར་འབྲེལ་ཡོད། རྒྱལ་ཁབ་དང་མི་རིགས་ཡག་པོ་བྱུང་ན་ཚང་མ་གཞི་ནས་ཡག་པོ་ཡོང་ཐུབ། ཤེས་ལྡན་མི་སྣར་གྱུར་ནས་རྒྱལ་ཁབ་ཀྱི་དྲིན་ལན་འཇལ་བ་དང་ཀྲུང་ཧྭ་དར་རྒྱས་གཏོང་རྒྱུ་ནི་གཅིག་རྒྱུད་གཅིག་འཛིན་གྱི་དད་སེམས་ཉམས་པ་མེད་པ་དང་། ཀྲུང་གོའི་མི་དམངས་ཀྱི་ལོ་རྒྱུས་ཀྱི་བྲག་ཅ་ལྟ་བུ་ཞིག་རེད།

ལོ་ངོ་བཅུར་ཕྱིར་བལྟ་བྱས་ཏེ། ཆུ་འབྲས་ཐོན་ཚད་འཚོལ་ཞིབ་བྱས། ང་ཚོས་འབྲུ་མཛོད་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་ཕོར་བ་སྔར་ལས་བརྟན་པོ་བཟུང་ཡོད། “ཉིན་དགུ་ཟླ་བའི་རྨི་ལམ”འདེད་སྙེག་བྱས་ཏེ། ང་ཚོས“ལྷ་གྲུ”འཕུར་སྐྱོད་དང་། “ཟླ་བའི་ལྷ་མོ”ཟླ་བའི་སྟེང་དུ་བབས་པ་སོགས“ཁེ་ལས་དར་རྒྱས་གཏོང་བའི་ཕུགས་འདུན”འཚོལ་ཞིབ་བྱས་པས། ང་ཚོ་འཛམ་གླིང་སྟེང་བཟོ་སྐྲུན་བྱེད་མཁན་རྒྱལ་ཁབ་ཆེ་ཤོས་ཀྱི་གནས་བབ་ཏུ་བརྟན་པོར་གནས་པ་དང་། འཛམ་གླིང་སྟེང་ཆེས་འཐུས་སྒོ་ཚང་བའི་བཟོ་ལས་མ་ལག་བསྐྲུན་ཡོད།

རྒྱལ་ཁབ་ཀྱི་རེ་སྙེག་དང་མི་རིགས་ཀྱི་རེ་འདུན། མི་དམངས་ཀྱི་རེ་སྒུག་བཅས་གཞི་གཅིག་ཏུ་འདྲེས་པར་བྱས་ནས། ཀྲུང་ཧྭ་མི་རིགས་དང་ཀྲུང་གོ་མི་དམངས་ཀྱི་ཕྱོགས་ཡོངས་ཀྱི་ཁེ་ཕན་མཚོན་པ་དང་། “ཀྲུང་གོའི་ཕུགས་འདུན”ཞེས་པས་ཀུན་སེམས་གཅིག་ཏུ་སྒྲིལ་ནས་ཀྲུང་ཧྭའི་བུ་བུ་མོ་ཡོངས་ཀྱི་སྣེ་ཁྲིད་དེ་བསམ་བློ་ཕྱོགས་གཅིག་ཏུ་གཏོང་བ་དང་ནུས་ཤུགས་ཕྱོགས་གཅིག་ཏུ་འདོན་བཞིན་ཡོད།

དེ་ནི་གསོན་ཤུགས་ཕྱོགས་བཞིར་ཁྱབ་པའི་གསར་གཏོད་ཀྱི་ཀྲུང་གོ་ཡིན་པས་ཐོབ་ཚོར་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད། མཐོ་གསར་ལག་རྩལ་ཁེ་ལས་ཀྱི་སྤུས་ཚད་མཐོར་གཏོང་གི་འཕར་ཚད་དང་རྩལ་ནུས་ཆེ་བའི་ཤེས་ལྡན་མི་སྣའི་དཔུང་ཁག་རྒྱ་བསྐྱེད་མགྱོགས་པོ་བྱུང་ནས། 2021ལོར། རྒྱལ་ཡོངས་ཀྱི་སྡོད་དམངས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ2012ལོ་ལས78.1%དངོས་སུ་འཕར་བ་དང་། ངལ་རྩོལ་པའི་མི་ཚེའི་ཁྲོད་ངོ་མཚར་ཆེ་བའི་གར་སྟེགས་སྔར་ལས་རྒྱ་ཆེར་ཕྱིན་ཡོད།

དེ་ནི་ལྗང་མདོག་སྡོད་རྒྱུར་འཚམ་པའི་མཛེས་སྡུག་གི་ཀྲུང་གོ་ཞིག་ཡིན་པས་བདེ་སྐྱིད་ཚོར་སེམས་སྔར་ལས་རྒྱུན་མཐུད་བྱེད་ཐུབ། དུས་རབས་གསར་པའི་ལོ་བཅུའི་ནང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དང་། ཁུལ་ཆུང་རྙིང་པ་གསར་བསྒྱུར་བྱེད་པ། ཐོན་ལས་ཐཱན་ཉུང་ཕྱོགས་བསྒྱུར། མེས་རྒྱལ་གྱི་ས་གཞི་ཆེན་པོའི་སྟེང་ནམ་མཁའ་སྔར་ལས་སྔོ་བ་དང་རི་བོ་སྔར་ལས་ལྗང་བ། ཆུ་བོ་སྔར་ལས་དྭངས་བ། སྡོད་དམངས་མི་རེའི་ཆ་སྙོམས་ཀྱི་སྔོན་དཔག་ཚེ་ཚད་དེ2012ལོའི་ལོ73.5ནས2021ལོའི་ལོ78.2བར་མཐོ་རུ་ཕྱིན་ནས། ཚེ་རིང་བའི་ཕ་ཡུལ་དང་ཚེ་རིང་བའི་རྒན་རྒོན་སྔར་ལས་ཇེ་མང་དུ་ཕྱིན་ཡོད།

འདི་ནི་མི་སེམས་ལ་དྲོད་སྐྱིད་སྦྱིན་པའི་འཆམ་མཐུན་གྱི་ཀྲུང་གོ་ཞིག་ཡིན་པས་བདེ་འཇགས་ཀྱི་ཚོར་སྣང་སྔར་ལས་འགན་སྲུང་བྱེད་ཐུབ། རང་རྒྱལ་གྱིས་འཛམ་གླིང་སྟེང་གཞི་ཁྱོན་ཆེས་ཆེ་བའི་སྤྱི་ཚོགས་འགན་སྲུང་མ་ལག་དང་སྨན་བཅོས་འཕྲོད་བསྟེན་མ་ལག་བསྐྲུན་ཟིན་ཞིང་། མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དེ2012ལོའི87.55%ནས་2021ལོའི98.62%བར་འཕར་བ་དང་། མི་དམངས་མང་ཚོགས་ཀྱིས་དྲང་གཞག་དྲང་བདེན་ནི་ཉེ་འགྲམ་དུ་ཡོད་པའི་མྱོང་ཚོར་དངོས་བྱུང་ཡོད།

—ཀྲུང་གོའི་ཕུགས་འདུན་ནི་མི་དམངས་ཀྱི་ཕུགས་འདུན་ཡིན། རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་མི་རིགས་བསྐྱར་དར་ཡོང་བར་བྱ་རྒྱུ་དེ་མཐའ་མར་ཁྱིམ་ཚང་ཁྲི་སྟོང་མང་པོ་བདེ་སྐྱིད་ཕུན་སུམ་ཚོགས་པོ་ཡོང་བའི་སྟེང་མཚོན་ཐུབ་པར་བྱ་དགོས། ཁྱིམ་ཚང་ཁྲི་སྟོང་མང་པོ་ཡག་པོ་བྱུང་ན་རྒྱལ་ཁབ་གཞི་ནས་ཡག་པོ་ཡོང་ཐུབ་པ་དང་མི་རིགས་གཞི་ནས་ཡག་པོ་ཡོང་ཐུབ། མང་ཚོགས་ལ་བདེ་སྐྱིད་སྐྲུན་པ་དང་མི་ཚང་མར་གཟི་བརྗིད་ལྡན་པ་བྱ་རྒྱུ་དེ་ནི་ལོ་བརྒྱ་ལས་བརྒལ་བའི་ཐོག་མའི་བསམ་བློའི་རྒྱུན་འཛིན་དང་ཕུགས་འདུན་སྒྲུབ་པའི་འཛད་མེད་ཀྱི་སྒུལ་ཤུགས་ཤིག་རེད།

མདོ་དབུས་མཐོ་སྒང་གི“གངས་ལྗོངས་ལམ”དེས“སློབ་སྦྱོང་གི་ཕུགས་འདུན”བསྐྲུན་ཡོད། 2013ལོའི་ཟླ10པར། རྒྱལ་ཡོངས་ཀྱི་གཞུང་ལམ་ཤར་གཏོང་མི་ཐུབ་པའི་རྫོང་གཅིག་པུ་སྟེ་བོད་ལྗོངས་མེ་ཏོག་རྫོང་གི་ཞིས་ཐུང་གཞུང་ལམ་རེད། རླངས་འཁོར་ཇེ་མང་དུ་ཕྱིན་ནས་མི་རྣམས་ཇེ་ཕྱུག་ཏུ་གྱུར་པ་དང་། དགེ་རྒན་གྱི་དཔུང་སྡེ་ཇེ་བརྟན་དུ་ཕྱིན་པ། སྨྱན་མང་གཟུགས་ཀྱི་ཡོ་བྱད་སློབ་ཁང་དུ་ཐོན་པ། མོན་པ་རིགས་ཀྱི་བྱིས་པ་སློབ་གྲྭར་ཞུགས་ཚད་100%ཐོག་མར་མངོན་འགྱུར་བྱུང་། “ཕུགས་འདུན་སྲུང་མཁན”དགེ་རྒན་སྐལ་བཟང་བདེ་སྐྱིད་ཀྱི་འཛུམ་མདངས་ལས་སྔར་ལས་བདེ་སྐྱིད་ཚོར་ཐུབ་ལ། “མེ་ཏོག་རྫོང་གི་སློབ་གསོ་ལ་འགྱུར་ལྡོག་ཆེན་པོ་བྱུང་བས། མེ་ཏོག་རྫོང་གི་མི་དམངས་ཀྱིས་སེམས་གཏིང་ནས་བདེ་སྐྱིད་དང་སྤོབས་པ་སྐྱེ་བཞིན་ཞིག་འདུག”

ཧོང་ཕུའུ་གཙང་པོའི་འགྲམ་དུ“ལང་ཚོའི་ཕུགས་འདུན”གྱིས“རྒན་པོའི་འཚོ་བར”སྔར་ལས་དྲོད་སྐྱིད་སྦྱིན།ཧྲང་ཧའེ་དབྱང་ཕུའུ་ཆུའུ་སྤྱི་ཚོགས་ཕན་བདེ་ཁང་དུ་ལོ26ལ་སླེབས་པའི་སི་ཁྲོན་གྱི་ན་གཞོན་ཝང་ཁྲིན་གྱིས་ནུས་པ་ཉམས་པའི་རྒན་རྒོན་ལ་འཚོ་བའི་ཞབས་ཞུ་འདོན་སྤྲོད་བྱས་ནས། ལོ་ན་མཐོ་བའི་རྒན་རྒོན་ལ་རོལ་རྩེད་དང་གྲོགས་པོ་སྒྲིག་པ། དྲ་ཐོག་ཏུ་གཡེང་རྩེད་བྱེད་སྟངས་བཅས་ཁྲིད་ཀྱིན་ཡོད། ཆ་སྙོམས་ལོ་ཚད་ལོ90ལས་བརྒལ་བའི“སྐྲ་དཀར་རིགས”རྣམས་གསར་གཏོད་ཀྱི་བརྙན་ལམ་སྟེང་ནས་དྲ་རྒྱའི་ཐོག་སྐད་གྲགས་ཆོད་དེ“རྒས་དུས་འཚོ་རྟེན་ཡོད་པ་དང་རྒས་དུས་སྤྲོ་སྣང་ཡོད་པའི”མྱོང་ཚོར་བྱུང་། ཝང་ཁྲིན་ཡང“སྦྱངས་འབྲས་ཐོན་པ་དང་ངལ་ནུས་ལ་གྲུབ་འབྲས་ཐོབ་པའི”ཤེས་ལྡན་པ་གཙོ་བོ་ཡིན་པའི་ངོས་ནས་ཧྲང་ཧའེ་རུ་གཞི་ཆགས་ཡོད།

ཁེ་ལས་ཀྱི་ལས་ཡུལ་དང་པོ་རུ“བཟོ་སྐྲུན་ཆེན་མོར”གྲུབ་འབྲས་ཐོབ་ཡོད། ཁྱིམ་ཚང་དབུལ་པོའི་ཁྱིམ་དུ་སྐྱེས་པའི་ཀའོ་ཧྥིན་ལིན་རྒྱང་སྐྱོད་རྟགས་ཅན་གྱི་མེ་ཤུགས་འཕུར་མདའི་ཚ་ལ་རྒྱག་པའི་ནང་ཞུགས་ཏེ། སྒུལ་བྱེད་འཕྲུལ་འཁོར་གྱི་སྒྲིག་ཆས་ཀྱི་ཚད་ལྡན་ཚད29%ནས་92%བར་མཐོ་རུ་བཏང་བ་དང་། རྒྱལ་སྤྱིའི་འཇིག་རྟེན་འཕུར་སྐྱོད་ལས་རིགས་ཀྱིས་ཀྱང་ཁོང་ལ་མཛུབ་ཁྲིད་བྱ་རྒྱུའི་གདན་ཞུ་བྱས། མྱུར་བགྲོད་ལྕགས་ལམ་གྱི་བཟོ་པ་རབས་དང་པོ་ལི་ཝན་ཅུན་གྱིས“མདའ་འཐེན་རྣམ་པའི་གཡས་ཀྱི་ཚ་ལ་རྒྱག་པའི་ཐབས་ཤེས”སོགས་ཕྱོགས་བསྒྱུར་སྒྲོམ་གྱི་ཚ་ལ་རྒྱག་པའི་བཀོལ་སྤྱོད་བྱེད་ཐབས30ལྷག་ཙམ་གསར་གཏོད་བྱས་ནས། “བསྐྱར་དར་རྟགས་ཅན”གྱི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བའི་གནད་དོན་བསལ་བས“བཟོ་པའི་ཡོན་ཧྲི”ཞེས་པའི་མཚན་སྙན་གནང་།

“ང་ཚོ་ཚང་མས་འབད་བརྩོན་ཆེན་པོ་བྱེད་ཀྱིན་ཡོད། ང་ཚོ་ཚང་མས་ཕུགས་འདུན་དོན་གཉེར་བྱེད་ཀྱིན་ཡོད།” “སྤྱིར་བཏང་གིས་རླབས་ཆེན་བསྐྲུན་པ་དང་། དཔའ་བོ་ནི་མི་དམངས་ཁྲོད་ནས་ཡོང་བ་ཞིག་ཡིན་པས་མི་ཚང་མ་ཧ་ཅང་ངར་བ་རེད།”

ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱ་རྒྱུ་དེ“གཅིག་ཀྱང་ལུས་མི་རུང་བ”ནས་མཉམ་དུ་ཕྱུག་འགྱུར་ཡོང་རྒྱུའི“གནས་བབ་གལ་ཆེན་ཐོག་འཇོག་པའི”བར། ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་གཏོང་བའི“མི་དམངས་ལ་རེ་འབོད་ཡོད་པ་དང་བཅོས་སྒྱུར་ལ་ཨ་ལན་ཡོད་པ”ནས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བར“མི་དམངས་མང་ཚོགས་ཀྱིས་ཁྲིམས་འཛིན་གྱོད་གཞི་རེ་རེའི་ཁྲོད་དྲང་གཞག་དྲང་བདེན་ཚོར་རྒྱུར་འབད་བརྩོན་བྱེད་པའི”བར་སོགས་ཀྱི་ཕུགས་འདུན་དོན་དངོས་སུ་སྐྱོད་མྱོང་། ཀྲུང་གོའི་མི་དམངས་ལ་ད་ལྟ་བཞིན་འབྱོར་ཕྱུག་དང་འཁྲུག་ཆ་དོད་པའི་རྣམ་པ་གཏན་ནས་ཡོད་མ་མྱོང་།

ལོ་ངོ་སོ་གཉིས་རིང་གླིང་ཕྲན་སྲུང་བའི་རྒྱལ་སྲུང་དམག་མི་ཝང་ཅུས་ཚའེ་དང་། སྐུ་ལུས་དོར་ནས་འཐབ་གྲོགས་སྲུང་སྐྱོང་བྱེད་མཁན་ཏུའུ་ཧྥུའུ་ཀུའེ། ཚེ་གང་བོར་ཐོག་མའི་བསམ་འདུན་མི་འགྱུར་བའི་ཀྲང་ཧྥུ་ཆིན། མེ་ལས་སྐྱོབ་ཆེད་རང་སྲོག་བློས་གཏོང་མཁན་སི་ཁྲོན་མུའུ་ལི་ཡི་དཔའ་བོ31དང་། ད་དུང་མྱུར་སྐྱེལ་བྱེད་མཁན་དང་། ཁོར་ཡུག་སྲུང་སྐྱོབ་བཟོ་པ། གླ་གཏོང་རླངས་འཁོར་གྱི་ཁ་ལོ་བ་སོགས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་གསར་གྱི་ཤིས་ཚིག་ནང་བསྔགས་བརྗོད་ཡང་ཡང་གནང་བའི་འབད་འཐབ་པ་དཀྱུས་མ་དང་ཕུགས་འདུན་དོན་གཉེར་བྱེད་མཁན་ཡང་ཡོད། ཁོང་ཚོས་ལྡོག་ཏུ་མེད་པའི་རྒྱབ་གཟུགས་དང་ལག་ཏུ་བརྒྱུད་སྤྲོད་བྱས་ནས་དུས་རབས་གསར་པའི་ཀྲུང་གོའི་འབད་འབུངས་ཡར་བརྩོན་དང་མི་སེམས་འགུལ་བའི་རྣམ་པ་ཞིག་ཏུ་གྱུར་ཡོད།

མི་ཚང་མས་འབད་བརྩོན་བྱས་ནས་ཤེས་ལྡན་མི་སྣར་འགྱུར་བ་དང་། མི་ཚང་མ་ཤེས་ལྡན་མི་སྣར་འགྱུར་ཐུབ་པ། མི་ཚང་མས་རང་ཉིད་ཀྱི་ཤེས་ཡོན་ངོམས་པ། ལོ་བཅུའི་རིང་ཕུགས་འདུན་དོན་གཉེར་བྱས་པ་ལས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་སྔར་ལས་འཐུས་སྒོ་ཚང་བའི་ལམ་ལུགས་ཀྱི་འགན་ལེན་དང་། སྔར་ལས་བརྟན་པའི་དངོས་པོའི་རྨང་གཞི་དགོས་ལ། སྔར་ལས་རང་འགུལ་གྱི་བསམ་པའི་སྟོབས་ཤུགས་ཀྱང་དགོས་པ་ར་སྤྲོད་གང་ལེགས་བྱས་ཡོད། མི་ཚེའི་ཕུགས་བསམ་དེ་རྒྱལ་ཁབ་དང་མི་རིགས་ཀྱི་རླབས་ཆེན་ཕུགས་འདུན་ནང་མཉམ་འདྲེས་ཐུབ་པ་བྱས་ནས། ཀྲུང་གོ་མི་དམངས་ཀྱི་མདུན་སྐྱོད་སྒུལ་ཤུགས་སྔར་ལས་ཆེ་རུ་གྱུར་པ་དང་། འབད་འཐབ་སྙིང་སྟོབས་སྔར་ལས་འཕེལ་བ། རྒྱལ་ཁ་ཐོབ་ངེས་ཀྱི་དད་སེམས་སྔར་ལས་ཇེ་བརྟན་དུ་འགྲོ་བ་བཅས་བྱེད་དགོས།

“ང་ཚོས་མངོན་འགྱུར་བྱེད་དགོས་པའི་ཀྲུང་གོའི་ཕུགས་འདུན་གྱིས་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་སྐྲུན་པ་མ་ཟད། རྒྱལ་ཁབ་སོ་སོའི་མི་དམངས་ལའང་བདེ་སྐྱིད་བསྐྲུན་རྒྱུ་ཡིན།”

ལྷོ་ཞི་བདེ་རྒྱ་མཚོ་ཆེན་མོ་ནི་ཕ་ཕུ་ཡ་ཞིན་ཅི་ནེ་ཡ་དང་ཤར་ས་བབ་མཐོ་བའི་ཞིང་ཆེན་གྱི་ཁ་ལུའོ་ཧྥེ་ཀུའུ་མུའུ་ཐང་ཆེན་དུ་མཐོ་ཚད་སྨི3ཡོད་པའི་ཤ་མོ་རླུང་གིས་གཡོ་བཞིན་ཡོད། “ཀྲུང་གོའི་ཤ་མོ་ནི་བདེ་སྐྱིད་ལྡན་པའི་རྩྭ་ཤ་མོ་ཞིག་རེད། དེ་བཟས་ན་ནོར་ལོ་གཅིག་ལ་གསོ་ཁ་ནས་འབུད་ཐུབ་པ་དང་ཡོང་འབབ་ལྡབ་འགྱུར་གྱིས་འཕར་ཡོང”ཞེས་འབྲོག་པ་ཧ་ཅི་ཡིས་དེ་ལྟར་བཤད།

ཤ་མོ་རྐང་གཅིག་གིས་རི་བོ་བརྒལ་བའི་མཛའ་བརྩེ་བདེན་དཔང་བྱས། ལོ་ངོ20ཡི་རིང་རྒྱུན་མཐུད་ངང་ཁྱབ་གདལ་བཏང་བ་དང་། ཤ་མོ་སྐྱེ་རྩྭའི་ལག་རྩལ་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ100ལྷག་ཙམ་དུ་དོན་འཁྱོལ་ཐུབ་ནས་ས་གནས་དེ་གར་ལས་ཞུགས་ཀྱི་གོ་སྐབས་འབུམ་གཅིག་ལྷག་ཙམ་བསྐྲུན་ཡོད།

“ང་ཚོས་མངོན་འགྱུར་བྱེད་དགོས་པའི་ཀྲུང་གོའི་ཕུགས་འདུན་གྱིས་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་སྐྲུན་པ་མ་ཟད། རྒྱལ་ཁབ་སོ་སོའི་མི་དམངས་ལའང་བདེ་སྐྱིད་བསྐྲུན་རྒྱུ་ཡིན།”

“ཀྲུང་གོའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུའི་སྟེང་། འཛམ་གླིང་ཡག་པོ་བྱུང་ཚེ་ཀྲུང་གོ་གཞི་ནས་ཡག་པོ་བྱུང་ཐུབ་པ་དང་། ཀྲུང་གོ་ཡག་པོ་བྱུང་ཚེ་འཛམ་གླིང་གཞི་ནས་དེ་བས་ཡག་པོ་བྱུང་ཐུབ་པ་ང་ཚོ་མྱོང་ཚོར་ཟབ་མོ་བྱུང་།”

རྒྱལ་སྤྱིའི་ཡུལ་དུས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཛམ་གླིང་གི་རྒྱལ་ཁབ་སོ་སོས་ཀྲུང་གོའི་ཕུགས་འདུན་ལ་རྒྱུས་ལོན་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་ཐེངས་མང་པོར་ཁྱབ་བསྒྲགས་གནང་།

མིའི་རིགས་ཡར་ཐོན་ཡོང་བ་དང་འཛམ་གླིང་སྤྱི་སྙོམས་ཆེན་པོ་ཡོང་ཐབས་བྱེད་དགོས། སྤྱིར་བཏང་མིན་པའི་ལོ་བཅུའི་ནང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་གཉིས་སྤྱི་འདོམས་བྱས་ཏེ། ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་པ་དང་མིའི་རིགས་ཀྱི་དཔལ་ཡོན་ཡར་ཐོན་གྱི་ཕྱོགས་སུ་བརྟན་པོར་ལངས་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ཕུགས་འདུན་དང་འཛམ་གླིང་གི་ཕུགས་འདུན་དབུགས་ལམ་གཅིག་གྱུར་དང་མཉམ་གཡོ་མཉམ་འགུལ་བྱས་ཡོད།

--ཀྲུང་གོའི་ཕུགས་འདུན་ནི་མཉམ་ལས་གཉིས་ཕན་གྱི་ཕུགས་འདུན་ཡིན། ལོ་བཅུ་བོ་དེའི་རིང་ང་ཚོས་སྔར་ལས་སྒོ་འབྱེད་ཀྱི་རྣམ་པའི་ཐོག་ནས་འཛམ་གླིང་དང་མཉམ་དུ་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་འབྱུང་བར་སྟོབས་ཤུགས་གལ་ཆེན་ཕུལ་ཡོད།

གྲོལ་མ་ཐག་པའི་སྐབས་ལྔ་པའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་ཚོགས་འདུའི་སྟེང་། འཛམ་གླིང་གི་སྟོབས་ལྡན་ཁེ་ལས500དང་ལས་རིགས་ཀྱི་སྣེ་ཁྲིད་ཁེ་ལས284ཧྲང་ཧའེ་རུ་འཛོམས་ནས། ཆེས་དར་རྒྱས་མིན་པའི་རྒྱལ་ཁབ་ཀྱི་ཁེ་ལས་ལ་རིན་མི་དགོས་པའི་ཁྲོམ་བཀྱག་གྲངས་འབོར་དེ་སྐབས་སྔོན་མ་ལས་ལྡབ1ཙམ་འཕར་བ་དང་། ལོ་གཅིག་གི་འཆར་གཞི་ལྟར་ཚོང་འགྲིག་པའི་དངུལ་གྲངས་ཨ་སྒོར་ཐེར་ཆེན་བདུན་དང་ཐེར་འབུམ་གསུམ་དུང་ཕྱུར་ལྔ་དང་བྱེ་བ་གཉིས་ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། འཛམ་གླིང་གི་དཔལ་འབྱོར་སླར་གསོ་དཀའ་བའི་དུས་སྐབས་སུ་གྲུབ་འབྲས་དེ་འདྲ་བླངས་པ་ནི་ལས་སླ་མོ་ཞིག་མིན་ལ་གནད་ལ་འཁེལ་བ་ཞིག་ཡིན་པ་དེའི་ཐོག་ནས། ཀྲུང་གོས“གླིང་ལྔའི་སྐུ་མགྲོན་བསུས་ནས་གནམ་འོག་གི་ཁེ་ཕན་གཉེར་བའི”འོས་འགན་དང་ཁེ་ཕན་གྱི་ལྟ་བ་གང་ལེགས་སྒོས་མངོན་ཡོད།

ལོ་བཅུ་བོ་འདིའི་རིང་ལ།  ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་ཚོགས་འདུ་དང་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུ་ཉོ་འཚོང་བརྗེ་རེས་ཚོགས་འདུ། ཀྲུང་གོའི་ནང་འདྲེན་ཕྱིར་འཚོང་ཚོང་རྫས་བརྗེ་རེས་ཚོགས་འདུ། ཀྲུང་གོའི་རྒྱལ་སྤྱིའི་འཛད་སྤྱོད་ཚོང་རྫས་འགྲེམ་སྟོན་ཚོགས་འདུ་བཅས་བསྟུད་མར་གཟབ་རྒྱས་ངང་ཚོགས།  ཕྱི་རྒྱལ་གྱི་མ་དངུལ་ཆོག་འཐུས་ཀྱི་བཀག་རྒྱའི་གསལ་ཐོ་མུ་མཐུད་དུ་ཉུང་དུ་བཏང་བ་དང་། རང་མོས་ཚོང་དོན་ཚོད་ལྟ་ཁུལ་དང་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་། ཀྲུང་གོའི་སྒོ་འབྱེད་ཀྱི་སྒོ་མོ་ཆེས་ཆེར་ཕྱེས་པ་དང་རྒྱལ་ཁབ་སོ་སོར་ཁྲོམ་ར་དང་གོ་སྐབས་མཉམ་སྤྱོད་བྱས་པ་དང་། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་གཉིས་ཕན་མཉམ་རྒྱལ་དང་ཐུན་མོང་དོན་གཉེར་བྱས་ནས། ཀྲུང་གོའི་འཕེལ་རྒྱས་གསར་པར་བརྟེན་ནས་འཛམ་གླིང་ལ་གོ་སྐབས་གསར་པ་རྒྱུན་ཆད་མེད་པར་འདོན་སྤྲོད་བྱས།  2013ལོ་ནས2021ལོའི་བར་ཀྲུང་གོས་འཛམ་གླིང་གི་དཔལ་འབྱོར་འཕར་བར་ཆ་སྙོམས་ཀྱིས་ལེགས་སྐྱེས་ཕུལ་ཚད38.6%ཟིན་ནས་རྒྱལ་ཁབ་བདུན་གྱི་ཚོགས་པའི་རྒྱལ་ཁབ་ཀྱིས་ལེགས་སྐྱེས་ཕུལ་ཚད་བསྡོམས་འབོར་ལས་བརྒལ་ཏེ་གོ་ལ་ཧྲིལ་པོའི་དཔལ་འབྱོར་གར་སྟེགས་སྟེང་གལ་ཆེའི་སྒུལ་ཤུགས་གཙོ་བོར་གྱུར་ཡོད།

--ཀྲུང་གོའི་ཕུགས་འདུན་ནི་ཞི་བདེ་འཕེལ་རྒྱས་ཀྱི་ཕུགས་འདུན་ཡིན། ལོ་བཅུ་བོ་འདིའི་ནང་ང་ཚོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་བཏང་སྟེ་འཛམ་གླིང་དར་རྒྱས་གོང་འཕེལ་ཡོང་བར་ཡིད་ཆེས་བརྟན་པོ་བསྣན་ཡོད།

“སྔོན་ཆད་རྒྱུན་དུ་བརྙན་འཕྲིན་ལས་ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་ལ་ལྟ་བཞིན་ཡོད། རྗེས་ཕྱོགས་ང་ཚོར་མྱུར་བགྲོད་ལྕགས་ལམ་ཡོད་པས་འགྲོ་སྐྱོད་སྔར་ལས་སྟབས་བདེ་རུ་འགྲོ་རྒྱུ་རེད།” 2022ལོའི་ཟླ11ཚེས16ཉིན་ཧིན་རྡུ་ཉི་ཞི་ཡའི་ཡ་བན་མྱུར་བགྲོད་ལྕགས་ལམ་ཚོད་ལྟའི་འཁོར་སྐྱོད་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བ་དང་བསྟུན་ནས་ཧིན་རྡུ་ཉི་ཞི་ཡའི་ན་གཞོན་ཕུའུ་ཐེ་ལ་ཡིས་དེ་སྐད་ཟེར་བཞིན་སེམས་ཀྱི་དགའ་སྤྲོ་གནོན་ཐབས་བྲལ།  ལམ་ཐིག་ཧྲིལ་པོར་ཀྲུང་གོའི་ཚད་གཞི་སྤྱད་དེ་ཞིབ་དཔྱད་ཚད་ལེན་བྱས་ན་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ385ཟིན་པ་དང་། ཨེ་ཤེ་ཡ་ཤར་ལྷོའི་མྱུར་བགྲོད་ལྕགས་ལམ་ཐོག་མ་དེ་སྤུས་ཚད་མཐོན་པོས་མཉམ་དུ“རྒྱུད་གཅིག་ལམ་གཅིག”གི་མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་གསར་པ་བསྐྲུན་ཡོད།

“ཀྲུང་གོའི་ཕུགས་འདུན་དང་ལམ་རྒྱུད་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་ཕུགས་འདུན་ཟུང་འབྲེལ་བྱེད་དགོས” “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་གྲོས་མགོ་བཏོན་ནས་ལོ9ལྷག་གི་རིང་། རྒྱལ་ཁབ140ལྷག་དང་རྒྱལ་སྤྱིའི་རྩ་འཛུགས30ལྷག་ཧུར་ཐག་གིས་དེའི་ཁྲོད་དུ་ཞུགས་ཡོད་པས་ཐུན་མོང་ཐོག་རྒྱལ་ཁབ་དང་མང་ཚོགས་ལ་ཕན་པ་ཆེན་པོ་ཐོབ་ཡོད། མར་ཏི་ཝེར་མཚོ་སྒྲོལ་ཟམ་ཆེན་དང་ཨུ་རུ་སུ་དཀར་པོར་འཇིབ་ཆུང་རླངས་འཁོར་བཟོ་སྐྲུན་ལས་རིགས་ཡོད་པ་དང་།  ཧ་སག་སི་ཐན་ལ་མཚོ་ཐོག་བགྲོད་ལམ་ཡོད་ཅིང་ཀྲུང་གོ་དང་ཡོ་རོབ་བར་གྱི་དུས་གཏན་མེ་འཁོར་དེ་ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེན་མོའི་བར་གྱི་བར་ཐག་རིང་ཤོས་ཀྱི་མཉམ་ལས་འབྲེལ་ཐག་ཅིག་ཏུ་གྱུར་ཡོད།  འཛམ་གླིང་དངུལ་ཁང་གི་ཞིབ་འཇུག་སྙན་ཞུའི་དཔྱད་འཇོག་བྱས་ནས“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་པས་འབྲེལ་ཡོད་རྒྱལ་ཁབ་ཀྱི་མི་ས་ཡ་བདུན་དང་འབུམ་དྲུག་ཧ་ཅང་དབུལ་པོའི་གནས་ལས་ཐར་བ་དང་། མི་བྱེ་བ་གསུམ་དང་ས་ཡ་གཉིས་ལྷག་དབུལ་བོ་འབྲིང་ཙམ་ལས་ཐར་བ།  གོ་ལ་ཧྲིལ་པོའི་ཡོང་འབབ0.7%ནས་2.9%བར་མང་དུ་འགྲོ་ཐུབ་པར་བསྟན།

དོན་ཆེན་འབྲི་བ་ནས་བཟོ་པའི་པིར་རིས་འབྲི་བའི་བར་སྤུས་ཚད་མཐོ་བའི་སྒོ་ནས"རྒྱུད་གཅིག་ལམ་གཅིག"མཉམ་སྐྲུན་བྱེད་པའི་བརྗིད་ཆགས་མཛེས་སྡུག་ལྡན་པའི་རི་མོ་དེ་ནི།   དུས་རབས་གསར་པའི་ཀྲུང་གོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་རེད། མཐུན་སྒྲིལ་གྱིས་ཁ་བྲལ་གྱི་ཚབ་བྱེད་པ་དང་མཉམ་ལས་ཀྱིས་འགྲན་རྒོལ་གྱི་ཚབ་བྱེད་པ། བཟོད་སྒོམ་གྱིས་གཞན་པ་ཕྱིར་འབུད་ཀྱི་ཚབ་བྱེད་པ་བཅས་བྱེད་དགོས། ལག་གདང་སྦྲེལ་ནས་རྒྱལ་སྤྱིའི་དབུལ་པོ་ཉུང་གཏོང་གི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ཁྲོད་ཞུགས་རྒྱུར་སྐུལ་འདེད་གཏོང་བ་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་མགོ་དང་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་མགོ་འདོན་པའི་བར་དང་། མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་བ་དང་དཔལ་ཡོན་ཕན་ཚུན་དཔྱད་གཞིའི་མེ་ལོང་དུ་བཟུང་ནས་དཔལ་ཡོན་གྱི་གདོང་གཏུག་ལས་བརྒལ་རྒྱུ་དར་སྤེལ་གཏོང་བ་ནས"ཐཱན་གཉིས"ཀྱི་དམིགས་འབེན་ཁྱབ་བསྒྲགས་དང<<པ་ལེའི་གྲོས་ཆོད>>དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བར་དུ། དུས་རབས་གསར་པའི་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཞི་བདེའི་ངང་འཕེལ་རྒྱས་གཏོང་བའི་བགྲོད་ལམ་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ནས་ཡུན་རིང་ཞི་བདེ་དང་ཡོངས་ཁྱབ་བདེ་འཇགས། ཐུན་མོང་དར་རྒྱས་དང་སྒོ་འབྱེད་ཁོང་ཡངས།  དྭངས་གཙང་མཛེས་སྡུག་ལྡན་པ་བཅས་ཀྱི་འཛམ་གླིང་ཧུར་ཐག་གིས་འཛུགས་སྐྲུན་བྱས་པས། རྒྱལ་སྤྱིའི་སྟེང་གི་ཤུགས་རྐྱེན་ཐེབས་ནུས་དང་འབོད་སྐུལ་བྱེད་ནུས། བཞེངས་སྐྲུན་བྱེད་ནུས་བཅས་མངོན་གསལ་གྱིས་ཆེ་རུ་ཕྱིན་ཡོད།

-་ཀྲུང་གོའི་ཕུགས་འདུན་ནི་འཛམ་གླིང་ལ་བདེ་སྐྱིད་སྐྲུན་པའི་ཕུགས་འདུན་ཡིན། ལོ་བཅུ་བོ་འདིའི་རིང་ལ་ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་དང་རྒྱ་སྐྱེད་ལེགས་འགྲུབ་བྱུང་སྟེ་མིའི་རིགས་དེང་རབས་ཅན་དུ་འགྱུར་བར་གདམ་ག་གསར་པ་འདོན་སྤྲོད་བྱས་ཡོད།

2022ལོའི་ཟླ11ཚེས14ཉིན།  ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་པའེ་ཏེང་ལ་མཇལ་འཕྲད་གནང་སྐབས“ཨ་རིར་ཨ་རིའི་ལུགས་ཀྱི་དམངས་གཙོ་ཡོད་པ་དང་ཀྲུང་གོར་ཀྲུང་གོའི་ལུགས་ཀྱི་དམངས་གཙོ་ཡོད་པས་ཚང་མ་རང་སོ་སོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པོ་ཡོད། ཀྲུང་གོའི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོས་ཀྲུང་གོ་རྒྱལ་ཁབ་ཀྱི་གནས་ཚུལ་དང་ལོ་རྒྱུས་རིག་གནས་ལ་གཞིགས་ནས་མི་དམངས་ཀྱི་བསམ་འདུན་མཚོན་པར་བྱས་པས་ང་ཚོར་ཡང་སྤོབས་པས་ཁེངས་ཡོད”ཅེས་གསལ་བོར་གསུངས།

"ལམ་ཆེན་པོ་ཞིག་རོ་མར་ཤར་གཏོང་ཐུབ་ཡོད། རྒྱལ་ཁབ་དང་མི་རིགས་ཚང་མར་རང་ཉིད་ཀྱི་ཕུགས་འདུན་ཡོད་པ་དང་ལོ་རྒྱུས་རིག་གནས་དང་འཕེལ་རྒྱས་ཀྱི་དུས་རིམ་མི་འདྲ་བ་དང་ཕུགས་འདུན་གྱི་ནང་དོན་མི་འདྲ་ལ། མངོན་འགྱུར་གྱི་ཐབས་ལམ་དང་བྱེད་སྟངས་ཀྱང་རྦད་དེ་གཅིག་འདྲ་མིན། འཛམ་གླིང་སྟེང་དེང་རབས་ཅན་དུ་འགྱུར་བའི་མ་དཔེ་ཞིག་གཏན་ཁེལ་བྱས་མེད་ལ་ཕྱོགས་བཞི་མཚམས་བརྒྱད་ལ་འཕྲོད་པའི་དེང་རབས་ཅན་གྱི་ཚད་གཞིའང་མེད། མ་རྩ་ལྟེ་བར་འཛིན་རྒྱུ་དོར་ནས་མཐའ་གཉིས་སུ་མི་གྱེས་པ་བྱེད་དགོས་པ་དང་དངོས་པོའི་རིང་ལུགས་གཏོས་ཆེ་རུ་འགྲོ་བ་དང་བསམ་པའི་འཇིག་རྟེན་སྟོང་པར་འགྱུར་བར་བཀག་འགོག་བྱེད་དགོས། ཆོས་ཉིད་དོར་ནས་བཙན་དབང་སྒེར་འཛིན་མི་བྱེད་པ་དང་ཀླད་ཀོར་དང་འགྲན་རྩོད་ལས་བརྒལ་ཏེ་ཞི་བདེའི་ངང་འཕེལ་རྒྱས་གཏོང་བའི་བགྲོད་ལམ་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་དེང་རབས་ཅན་གཏོར་བ་ནི་ནུབ་ཕྱོགས་ཅན་དུ་འགྱུར་བའི་རྨོངས་བསམ་ཡིན་པ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེང་རབས་ཅན་དུ་འགྱུར་བའི་ཕྱོགས་སུ་སྐྱོད་པའི་ཐབས་ལམ་རྒྱ་སྐྱེད་བཏང་བས། འཛམ་གླིང་སྟེང་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་འདོད་པར་མ་ཟད་རང་ཉིད་ཀྱི་རང་ཚུགས་རང་བཞིན་ཡང་རྒྱུན་འཁྱོངས་བྱེད་འདོད་པའི་རྒྱལ་ཁབ་དང་མི་རིགས་དེ་དག་ལ་གདམ་གསེས་གསར་བ་འདོན་སྤྲོད་བྱས་ཡོད། གླེང་མོལ་དང་གྲོས་མོལ་བྱས་ནས་མཉམ་སྐྲུན་མཉམ་སྤྱོད་དང་མཉམ་ལས་མཉམ་རྒྱལ། ཕན་ཚུན་བརྗེ་རེས་བཅས་བྱེད་དགོས། ལོ་བཅུའི་རིང་གི་ཕུགས་འདུན་རེ་རེའི་སྟེང་ནས་གནམ་འོག་གི་བགྲོད་ལམ་ཆེན་པོར་བསྐྱོད་དེ་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་དེས་འཛམ་གླིང་ལ་གོ་སྐབས་བསྐྲུན་པ་ལས་འཇིགས་སྣང་སྐུལ་བ་མིན་པ་དང་། ཞི་བདེ་ཡིན་པ་ལས་གཡོ་འགུལ་མིན་པ། ཡར་ཐོན་ཡིན་པ་ལས་ཕྱིར་ནུར་མིན་པ་བཅས་ར་སྤྲོད་གང་ལེགས་བྱས་ཡོད། ཀྲུང་གོ་མི་དམངས་ཀྱིས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་འབྱུང་བར་འབད་བརྩོན་བྱེད་དགོས་པར་མ་ཟད། ད་དུང་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་སྔར་ལས་མཛེས་སྡུག་ལྡན་པའི་འཛམ་གླིང་འཛུགས་སྐྲུན་བྱེད་དགོས། "་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་རྒྱུ་དེ་ལས་ལྷོད་ལྷོད་དང་རྔ་རྡུང་རོལ་དཀྲོལ་གྱིས་མངོན་འགྱུར་བྱེད་ཐུབ་པ་ཞིག་གཏན་ནས་མིན།"

ཕུགས་བསམ་གྱི་འགྲུལ་བཞུད་ནི་ནམ་ཡང་ལམ་བདེ་མོ་ཞིག་མིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས"ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་རྒྱུ་དེ་ལས་ལྷོད་ལྷོད་དང་རྔ་རྡུང་རོལ་དཀྲོལ་གྱིས་མངོན་འགྱུར་བྱེད་ཐུབ་པ་ཞིག་གཏན་ནས་མིན། ཏང་ཡོངས་ཀྱིས་ངེས་པར་དུ་འགན་འཁྲི་སྔར་ལས་ལྕི་བ་དང་དཀའ་ཚེགས་སྔར་ལས་ཆེ་བའི་འབད་བརྩོན་བྱེད་རྒྱུའི་གྲ་སྒྲིག་བྱེད་དགོས"ཞེས་ཡང་དང་བསྐྱར་དུ་ནན་གྱིས་གསུངས།

དུས་རབས་གསར་པའི་ལོ་བཅུའི་ནང་གྲམ་ཐང་འགྲིམ་པ་ལྟ་བུའི་ཉེན་ཁ་དང་རི་འཛེག་ལྟ་བུའི་དཀའ་ངལ་དང་ཉེན་ཁར་འཕྲད་ཡོད་ལ། འགག་སྒོ་སྒྲོལ་བ་ལྟ་བུའི་དཀའ་ཁག་ལའང་འཕྲད་ཡོད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག  ང་ཚོས་རླབས་ཆེན་གྱི་འཐབ་རྩོད་གསར་པའི་ལོ་རྒྱུས་ཀྱི་ཁྱད་ཆོས་ཁོང་དུ་ཆུད་པར་བྱེད་པ་དང་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་དང་བེད་སྤྱོད་ཡག་པོ་བྱས་ཏེ།  འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་བཏང་ནས་ཡུན་རིང་ཐག་གཅོད་མ་ཐུབ་པའི་དཀའ་གནད་མང་པོ་ཞིག་སེལ་བ་དང་། ཕུགས་རིང་དང་འབྲེལ་བ་ཡོད་པའི་དོན་ཆེན་དང་བྱ་བ་གལ་ཆེན་མང་པོ་ཞིག་བསྒྲུབས་ཏེ་གཅིག་རྗེས་གཉིས་མཐུད་ངང་ཐོན་པའི་ཉེན་ཁ་དང་འགྲན་སློང་ཆེན་པོ་ཐེག་ཐུབ་པར་བྱས་ནས་མི་ཡུལ་གྱི་ཁྱད་མཚར་མང་པོ་བསྐྲུན།  ཕུགས་འདུན་རླབས་ཆེན་མངོན་འགྱུར་བྱེད་པར་ངེས་པར་དུ་རླབས་ཆེན་གྱི་འཐབ་རྩོད་བྱེད་དགོས། 2019ལོར་ཞང་ཀང་མེས་རྒྱལ་གྱི་པང་དུ་ལོག་ཚུན་དུ་ཛ་དྲག་ཆེ་བའི་རྣམ་པར་འཕྲད། རླུང་བུ་ལྡང་ཞིང་རྦ་རླབས་དྲག་ཏུ་འཕྱུར་བའི་སྐབས་འདིར་ཏང་ཀྲུང་དབྱང་གིས་དུས་དཔག་བབ་བསྟུན་དང་འཕྲལ་ཐག་ཆོད་པོས་ཇུས་ཐག་བཅད་དེ་ཁྲིམས་སྐྱོང་ལ་བརྟེན་ནས་རྩ་ལག་མཉམ་བཅོས་ལ་སྐུལ་འདེད་བཏང་བ་དང་། "རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས"ཀྱི་ལམ་ལུགས་མ་ལག་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ཞིང་། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལྟར་དམིགས་བསལ་སྲིད་འཛིན་ཁུལ་ལ་ཕྱོགས་ཡོངས་ནས་དོ་དམ་དང་བཅོས་སྐྱོང་བྱེད་དབང་ལག་བསྟར་ནུས་ལྡན་བྱས་པ་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཁབ་བདེ་འཇགས་ཡོང་བར་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་གཏན་འབེབས་དང་ལག་བསྟར་བྱས་ནས། "རྒྱལ་གཅེས་པས་ཞང་ཀང་སྐྱོང་བའི"རྩ་དོན་དོན་འཁྱོལ་བཅས་བྱས་ཏེ་ཞང་ཀང་གི་གནས་བབ་ཟང་ཟིང་ནས་བཅོས་སྐྱོང་བྱས་པའི་ཁ་ཕྱོགས་ཀྱི་འགྱུར་མཚམས་གལ་ཆེན་མངོན་འགྱུར་བྱས།

2020ལོའི་ལོ་སྟོད་དུ་པྲོག་གསར་གློ་ཚད་རིམས་ནད་གློ་བུར་དུ་ཐོན་པ་དང་བསྟུན་ནས།  ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་ལ་སྤྱི་འདོམས་དང་ཐབས་ཇུས་འདིང་བ་དང་། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཡོངས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་རིམས་ནད་འགོག་རྒོལ་བྱེད་པའི་མི་དམངས་དམག་འཐབ་དང་སྤྱི་ཡོངས་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་བྱས་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་སྲུང་སྐྱོབ་གང་ཐུབ་བྱས་པ་དང་། དཔལ་འབྱོར་འཕེལ་རྒྱས་དང་རིམས་ནད་སྔོན་འགོག་ཚོད་འཛིན་ལ་སྤྱི་འདོམས་བྱས་པར་འཛམ་གླིང་སྟེང་གྲུབ་འབྲས་ཡག་ཤོས་བླངས་ཡོད།

“ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་འབྱུང་བར་ངེས་པར་དུ་འཐབ་རྩོད་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱེད་དགོས།” རང་རྒྱལ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སྐབས་སུ་གནས་ཡོད་པ་དང་། བཅོས་བསྒྱུར་དང་འཕེལ་རྒྱས་ནི་མཁྲེགས་གཏོར་དཀའ་སེལ་གྱི་དུས་རིམ་གལ་ཆེན་དུ་གནས་ཡོད་པས། ངེས་པར་དུ་དཀའ་ངལ་དང་ཉེན་ཁ་ཇི་ཙམ་ཆེ་ན་དེ་ཙམ་གྱིས་མདུན་ཕྱོགས་སུ་བསྐྱོད་དེ་དཔའ་ངར་ཆེར་བསྐྱེད་ཀྱིས་འཐབ་འཛིང་དང་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་དགོས།

ལོ་བཅུ་ལ་ཕྱིར་མིག་བལྟས་ན།   ཏང་ཀྲུང་དབྱང་གི་སྟོབས་ལྡན་འགོ་ཁྲིད་འོག ང་ཚོས་སྤོབས་པ་ཆེན་པོས་རླུང་འཁོར་གསར་འབྱེད་དང་ཕྱིར་ལོག་པའི་རླབས་ལ་མི་སྐྲག་པར་ཉེན་ཁ་ཡོད་པའི་སྐབས་སུ་གོ་སྐབས་གསར་པ་བསྐྲུན་པ། འཕོ་འགྱུར་འབྱུང་སྐབས་རྣམ་པ་གསར་པ་སྤྱོད་པ། འཐབ་རྩོད་བྱེད་སྐབས་རྒྱལ་ཁབ་ཀྱི་ལ་རྒྱ་དང་སྲོག་ཤིང་གི་ཁེ་ཕན་སྲུང་སྐྱོང་བཅས་བྱས་ནས་འཐབ་རྩོད་རླབས་ཆེན་ལ་རྒྱུན་ཆད་མེད་པར་རྒྱལ་ཁ་གསར་པ་ཐོབ་པར་བྱས།

--རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བྱེད་པར་ངེས་པར་དུ་རླབས་ཆེན་གྱི་བཟོ་འགོད་བསྐྲུན་དགོས།

མདོ་ལ་རི་བོའི་ལྷོ་འདབས་ཀྱི་མཚོ་སྔོན་མུ་རི་གཏེར་ཁུལ་དེ་ལོ་མང་པོར་སྔོགས་འདོན་བྱས་པས་མི་རྣམས་སྐྱི་གཡའ་བའི་གནས་སུ་གྱར་ཡོད། རང་བྱུང་སྐྱེ་ཁམས་སླར་གསོ་བྱེད་པར་ཐོག་མར་ཆབ་སྲིད་དང་བསམ་བློ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་བཅས་ལ་ཞིབ་བཤེར་བྱེད་དགོས། ཕྱོགས་བསྡུས་བཅོས་སྐྱོང་དང་གཞུང་དྲང་སྤྱོད་གཙང་གི་འབོད་སྐུལ་བཏོན་པས་ད་ལྟ་གནས་དེར་སྔོ་ལྗང་རྩྭ་ཡིས་ཡོངས་སུ་ཁེངས་ཡོད།

“ལྕགས་བརྡུང་ན་ངེས་པར་དུ་ཐོ་བ་མཁྲེགས་དགོས།” ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་རྒྱུ་ནི་རྒྱལ་ཁབ་དང་མི་རིགས་དར་རྒྱས་གོང་འཕེལ་འགྲོ་བའི་རྩ་བ་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་བདེ་སྐྱིད་ཁམས་བཟང་ཡོང་བའི་རྩ་བ་རེད། བློ་རྩེ་གཅིག་སྒྲིམ་གྱིས་ཏང་འཛུགས་སྐྲུན་དམ་འཛིན་བྱས་ན། ང་ཚོའི་ཏང་སྔར་ལས་འཐུས་ཚང་དང་སྔར་ལས་དྭངས་གཙང་། སྔར་ལས་སྟོབས་ལྡན་དུ་འགྱུར་བ། སྔར་ལས་འཐབ་འཛིང་ནུས་ཤུགས་ལྡན་པ་བཅས་ཡོང་ངེས་རེད།

ལོ་ངོ་བཅུ་ལ་ཕྱི་མིག་བལྟས་ན། ཀྲུང་དབྱང་གི་གཏན་འཁེལ་དོན་ཚན་བརྒྱད་གཏན་འབེབས་དང་དོན་འཁྱོལ་བྱས་པ་ནས་མགོ་བརྩམས་ཏེ། བརྗོད་གཞི་གཏོར་བ་དང་གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས“སྤྱོད་ཚུལ་བཞི”ཡོ་བསྲང་དང་“སྟག་སྦྲང་རྡུང་བ”དང“ཝ་རྔོན”སོགས་ཐབས་མང་མཉམ་སྤྱོད་བྱས་ཏེ། ང་ཚོས་ཏང་གི་རང་ངོས་གསར་བརྗེ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ་དང་། རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ལ་རྒྱལ་ཁ་ཐོབ་པ་མ་ཟད་ཁྱོན་ཡོངས་ནས་སྲ་བརྟན་དུ་བཏང་བས། ཏང་ཡོངས་མཐུན་སྒྲིལ་བྱས་ཏེ“ངར་ལྕགས་མཁྲེགས་པོ་གཅིག”ལྟ་བུར་གྱུར་ཡོད།

“ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བར་རང་ངོས་གསར་བརྗེ་བྱེད་པའི་ཐད་ཟང་ཟིང་དང་དར་རྒུད་ལོ་རྒྱུས་ཀྱི་དུས་འཁོར་ལས་སྒྲོལ་ཐབས་བྱེད་པའི་ལན་གཉིས་པ་དེ་རྙེད་པ་རེད། ཏང་གི་འགོ་ཁྲིད་དེ་སྔར་ལས་འགྱུར་མེད་སྟོབས་ལྡན་དང་ཏང་ནང་ཁུལ་གྱི་ཆབ་སྲིད་ཁོར་ཡུག་གསར་རྐྱང་དུ་གྱུར་ནས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་རྩ་བའི་ཆབ་སྲིད་ཀྱི་འགན་ལེན་མཁོ་འདོན་བྱས་ཡོད” ཅེས་ཀྲུང་གོ་མི་དམངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཝང་ཞང་མེན་གྱིས་བཤད།

--རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བྱེད་པར་ངེས་པར་དུ་རླབས་ཆེན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་དགོས།

“ང་ཞིང་པ་བྱེད་པ་དང་། ཞིང་པ་རྣམས་ང་ལྟ་བུར་འགྱུར་དུ་འཇུག་རྒྱུ”དེ་ནི“ཐའེ་ཧང་ས་ཁུལ་གྱི་ཡུས་ཀུང་གསར་པའི”ལིས་པའོ་ཀོ་ཡི་ཉམས་པ་མེད་པའི་དད་སེམས་ཤིག་ཡིན་པ་དང་། “མི་མང་པོ་ཞིག་ཞིང་སྡེ་ནས་ཕྱིར་བསྐྱོད་རྗེས་སླར་ཡང་ཡུལ་ལ་ལོག་འདོད་མེད་པ་རེད། ཡིན་ཡང་མི་གང་རུང་ཞིག་ཕྱིར་ལོག་ཡོང་དགོས་པ་རེད། ང་ནི་ཕྱིར་ལོག་མཁན་དེ་ཡིན།” འདི་ནི“རྒྱལ་ཡོངས་དབུལ་སྐྱོར་མཁྲེགས་གཏོར་གྱི་དཔེ་བཟང་”ཧོང་བུན་ཞིག་གི་དབུལ་སྐྱོར་འདོད་བློ་རེད། སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་ཤིན་ཏུ་དབུལ་བའི་མཁར་རྫོང་གཏོར་བ་དང་། ཏང་ཡོན་ལས་བྱེད་པ་ས་ཡ་གཅིག་ལྷག་གིས་དཀའ་ངལ་ཁྱད་བསལ་དང་ནངས་སྔ་ལངས་དགོང་འཕྱི་ཉལ་གྱིས་བྱ་བ་བསྒྲུབས།

“དབུལ་ཕོངས་ནི་སྤྱི་ཚོགས་རིང་ལུགས་མིན་ལ། དབུལ་ཕོངས་ཀྱི་ཆ་སྙོམས་རིང་ལུགས་ཡང་སྤྱི་ཚོགས་རིང་ལུགས་མིན། ཕྱུག་པོ་ཡིན་ཡང་དོ་མི་སྙོམས་པ་དང་མཐའ་གཉིས་སུ་གྱེས་པ་དེའང་སྤྱི་ཚོགས་རིང་ལུགས་མིན། མཉམ་དུ་ཕྱུག་པོར་འགྱུར་རྒྱུ་དེ་ནི་ད་གཟོད་སྤྱི་ཚོགས་རིང་ལུགས་ཡིན།” ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་ནི་ཀྲུང་གོ་མི་དམངས་ཀྱིས་ཐུན་མོང་ཐོག་འབད་འཐབ་བྱས་ནས་བཏོད་པ་དང་། ཀྲུང་ཧྭའི་ས་གཞི་ཆེན་མོར་རྩ་བ་ཚུགས་པ་དེས་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་དང་བརྟན་འཇགས་ཀྱི་ཡང་དག་པའི་ལམ་བུ་ཞིག་བཏོད་པ་རེད།

ལོ་ངོ་བཅུར་ཕྱིར་མིགབལྟས་ཚེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་རྒྱུན་འཁྱོངས་བྱས་པ་དེས་དུས་རབས་གསར་བའི་སྙིང་སྟོབས་ཀྱི་སྒལ་ཚིགས་དྲང་བོར་བསྲིངས་པ་དང་། ང་ཚོས་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གཞི་ཁྱོན་ཆེས་ཆེ་བའི་དབུལ་སྐྱོར་མཁྲེགས་གཏོར་དམག་འཐབ་ལ་རྒྱལ་ཁ་བླངས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རྒྱལ་ཁའི་ངང་སྐུལ་འདེད་དང་རྒྱ་སྐྱེད་དུ་བཏང་ནས་མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བའི་ལམ་དུ་སྐྱོད་བཞིན་ཡོད།

ལོག་བཤད་ལ་ཡིད་མི་ཆེས་པ་དང་། གདོན་འདྲེ་ལ་མི་སྐྲག་ཅིང་། མགོ་གནོན་ལ་མི་སྐྲག ལོ་ངོ་བཅུའི་རིང་ལ་ཕུགས་འདུན་བརྩོན་ལེན་བྱས་པ་ལས། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་རིགས་ཁག་གི་མི་དམངས་ཀྱི་བློ་སྤོབས་དང་། དཔའ་སྤོབས། རྟིང་ཤུགས་སོགས་ཇེ་དྲག་ཏུ་སོང་བ་དང་། དཀའ་ངལ་ཤེས་བཞིན་དུ་མདུན་སྐྱོད་དང་། དཀའ་ངལ་གདོང་གིས་བསུས་ན། ང་ཚོ་མདུན་སྐྱོད་ཀྱི་བགྲོད་ལམ་སྟེང་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན་པ་དང་། ཞུམ་མེད་ཀྱི་འཐབ་རྩོད་ལ་བརྟེན་ནས་བྱ་གཞག་འཕེལ་རྒྱས་ཀྱི་མདུན་ལམ་གསར་པ་གཏོད་ཐུབ་པ་ར་སྤྲོད་གང་ལེགས་བྱས་ཡོད།

“ང་ཚོ་སྐྱོད་ལམ་གསར་པའི་ཐོག་སྐྱོད་པ་དང་འབད་འཐབ་ཀྱི་དམིགས་འབེན་གསར་པའི་ཕྱོགས་སུ་མདུན་སྐྱོད་བྱེད་དགོས།”

ལོ་རྒྱུས་ཀྱི་གླེང་མོལ་ལས་བརྒལ་བ་དེ་ནི་མ་འོངས་པར་ཕྱོགས་པའི་གསལ་བསྒྲགས་ཞིག་ཀྱང་རེད།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་གྲོལ་ནས་གཟའ་འཁོར་གཅིག་ཀྱང་མ་འགོར་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་གསར་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་གྱི་སྣེ་ཁྲིད་དེ་ཧྲའན་ཞི་ཡན་ཨན་དུ་ཕེབས་པ་རེད།

ཡན་ཨན་ནི་ཀྲུང་གོའི་གསར་བརྗེའི་གནས་མཆོག་དང་ཀྲུང་གོ་གསར་པའི་འབྱུང་གནས་རེད། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་པ་དང་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་སྐྱོད་པའི་འགག་རྩའི་དུས་སྐབས་སུ་སླེབས་པ་དང་ཕུགས་འདུན་བརྩོན་ལེན་གྱི་འགྲུལ་བཞུད་གསར་བ་ཞིག་ཀྱང་དུས་དེ་ནས་མགོ་བརྩམས།

“བློ་མཐུན་རྣམ་པ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་དེང་སྐབས་དང་རྗེས་ཕྱོགས་དུས་སྐབས་ཤིག་རིང་གི་ཏང་དང་རྒྱལ་ཁབ་ཀྱི་བྱེད་ཕྱོགས་དང་སྲིད་ཇུས་གལ་ཆེན་གཏན་འབེབས་བྱས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་བརྗིད་ཆེའི་འཆར་འགོད་བྱས་ཡོད།”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་ཚིག་རེ་རེ་སྙན་ཞིང་འཇེབས།“ང་ཚོ་སྐྱོད་ལམ་གསར་བའི་སྟེང་སྐྱོད་པ་དང་། འབད་འཐབ་ཀྱི་དམིགས་འབེན་གསར་པའི་ཕྱོགས་སུ་བསྐྱོད་རྒྱུ་ཡིན།”

--སྐྱོད་ལམ་གསར་པའི་སྟེང་། ང་ཚོས་ཐོག་མཐའ་བར་གསུམ་དུ་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་དུ་སྐྱོད་པའི་བསམ་པའི་འཁྱེར་ཕྱོགས་རྒྱུན་འཁྱོངས་བྱེད་དགོས།

ཧྲིན་ཀྲིན་མཚོ་ཁུག་ཏུ་མཚོ་རླུང་དང་བསྡེབས་ནས་མཚོ་རླབས་བསྐྱོན་པ་དང་། ཁྲོམ་རའི་གྲུབ་ཆ་གཙོ་བོར་གྱུར་བའི་ཁེ་ལས་ས་ཡ་གསུམ་དང་འབུམ་བརྒྱད་གནས་དེ་རུ་ཆགས་ཡོད་ཅིང་། ཁེ་ལས་སུམ་བརྒྱ་ཙམ་འཛམ་གླིང་གི་ཁེ་ལས་སྟོབས་ལྡན500ཡི་གྲས་ཡིན་པས། ཁེ་ལས་པ“ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས”སུ་གྱུར་པ་དང་། ཚན་རིག་པ་ནི“ཡིད་སྨོན་བྱེད་ས”ཞིག་ཏུ་གྱུར་ཡོད།

སའེ་ཧན་པཱ་ཡི་གསོམ་སྡོང་དལ་མོར་གཡོ་བཞིན་པ་དང་། མིས་བཟོས་ནགས་ཚལ་མུས་གཅིག་གི་བར་ཐག་གིས་གྲལ་བསྟར་བསྒྲིགས་ཡོད་ལ། སའི་གོ་ལའི་ཐིག་དམར་ལ་བསྐོར་བ12བརྒྱབ་ཆོག་ཅིང་། བྱེ་ཐང་ཆེན་མོ་ལྗང་མདོག་གི་ཡུལ་གྲུ་ཞིག་ཏུ་བསྒྱུར་བར་བརྟན་སྲུང་བྱེད་པར་འགྱོད་སེམས་ཅི་ཡང་མེད་པའི་འཕྲུལ་ཆས་ནགས་རའི་འཛུགས་སྐྲུན་མཁན་རྣམས“མི་འགྱེལ་ན་ཡར་ལངས་ཆོག་པ་དང་། ཤིང་སྡོང་འགྱེལ་ན་སྐྱོར་བཞག་ཆོག དད་སེམས་མི་འགྱུར་བ་དང་ཕུགས་འདུན་ལ་ཉམས་པ་མེད་པའི་སྒོ་ནས་སའེ་ཧན་པཱ་ཡི་རི་ངོས་རེ་རེ་ལྗང་མདོག་ཏུ་བསྒྱུར་ཐུབ་པར”ཡིད་ཆེས་བརྟན་པོ་ཡོད།

རླབས་ཆེན་གྱི་སྙིང་སྟོབས་ལ་བརྟེན་ནས་རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བྱེད་དགོས། སྐྱོད་ལམ་གསར་བའི་སྟེང་སྐྱོད་སྐབས། དཀའ་སྤྱད་འབད་བརྩོན་དང་འགན་འཁུར་བའི་སྒོ་ནས་ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་དྲག་པོས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་ཚེ། གཞི་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལེའུ་གསར་པ་རྒྱུན་ཆད་མེད་པར་འབྲི་ཐུབ།

--སྐྱོད་ལམ་གསར་བའི་སྟེང་། ང་ཚོས་ཐོག་མཐའ་བར་གསུམ་དུ་ཡོད་ཚད་མི་དམངས་ཀྱི་ཆེད་དང་ཡོད་ཚད་མི་དམངས་ལ་བརྟེན་དགོས་པ་རྒྱུན་འཁྱོངས་བྱེད་དགོས།

ཏཱ་པེ་ཧྲན་གྱི་དཀྱིལ་སྙིང་ཁུལ་དུ་ཨན་ཧོས་ཧོ་ཧྲན་རྫོང་ཏན་ཅཱ་མེའོ་སྡེ་བ་ཡོད་པ་དང་། ལོ་རབས90པའི་རྗེས་སུ་སྐྱེས་པའི་ཞིང་བ་བུ་མོ་ཁྲིན་ལེད་ཧྥིན་གྱིས་ལག་འཁྱེར་ཁ་པར་བཀོལ་ནས་ཞིང་ལས་ཐོན་རྫས་ཐད་གཏོང་བྱས་པ་དང་། ལོ་སྔོན་མར་དྲ་སྟེང་ནས་སྒོར་མོ་བྱེ་བ་གཅིག་གི་ཐོན་རྫས་ཕྱིར་འཚོང་བྱས་ཤིང་། ཁྱིམ་ཚང་སྟོང་གསུམ་ལྷག་གི་ཡུལ་མི་རྣམས་མཉམ་དུ་ཕྱུག་པོར་འགྱུར་བར་སྣེ་ཁྲིད་བྱས།

ཧི་ལན་རི་བོའི་ཤར་འདབས་སུ། ཉིང་ཞ་ཡུང་ཉིང་རྫོང་མིན་ཉིང་གྲོང་རྡལ་ཡོད་པ་དང་། མུའུ་ཁྲི་ཡི་རྒུན་འབྲུམ་ར་བ་མུ་མཐའ་མེད་པ་དང་། འཕང་འབྲས་དང་ཤ་མོ་སྐྱེས་པ་ཤིན་ཏུ་བཟང་ཞིང་། མི་རེའི་ཆ་སྙོམས་ཡོང་སྒོ་དང་ཐོག་གནས་སྤར་ཡོང་དུས་སུ་སྒོར་མོ་ལྔ་བརྒྱ་ཡང་མེད་པ་ནས་ཉིས་སྟོང་ཉེར་གཅིག་ལོར་སྒོར་མོ་ཁྲི་གཅིག་དང་སྟོང་དྲུག་ལྷག་ལ་སླེབས་པ་དང་།“བྱེ་ཐང་སྐམ་པོ”དེ“གསེར་གྱི་གཤོང་བ”ཞིག་ཏུ་གྱུར།

མི་དམངས་ནི་ཏང་སྟོབས་ལྡན་དང་རྒྱལ་ཁབ་དར་རྒྱས་གཏོང་བའི་གཞི་རྩ་ཡིན། ད་ལྟའི་བར་དུ། ང་ཚོས་མི་དམངས་དང་དམ་པོར་འབྲེལ་ནས་ལོ་རྒྱུས་ཀྱི་དེབ་ཐེར་ནང་འཁོད་པའི་རྒྱུགས་ཐེངས་མང་པོར་སྤྲད་ཡོད། མ་འོངས་པར་ཁ་ཕྱོགས་ནས་ང་ཚོས་སྔར་བཞིན་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་འབྲེལ་བཅས་བྱས་ཏེ་སེམས་པ་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་མཉམ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས།

--སྐྱོད་ལམ་གསར་བའི་སྟེང་། ང་ཚོས་ཐོག་མཐའ་བར་གསུམ་དུ་ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་དགོས།

ཟླ10ཚེས25ཉིན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ཚོགས་རྗེས་བསྡུས་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཐེངས་དང་པོའི་ཐོག《ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཀྲུང་དབྱང་གི་གཏན་འཁེལ་དོན་ཚན་བརྒྱད་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་ལག་བསྟར་ཞིབ་སྲོལ》ལ་གྲོས་ཞིབ་བྱས་ནས་ཀྲུང་དབྱང་གི་གཏན་འཁེལ་དོན་ཚན་བརྒྱད་ཀྱི་དགོངས་དོན་འབད་བརྩོན་ཆེན་པོས་དོན་འཁྱོལ་བྱེད་རྒྱུའི་ཐད་བཀོད་སྒྲིག་གསར་པ་བྱས།

སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩ་ནི་ཏང་ལ་ཐུག་ཡོད། འགྱུར་ལྡོག་མང་པོ་བརྒྱུད་ཀྱང་ཐོག་མའི་བསམ་བློར་འགྱུར་ལྡོག་མ་བཏང་བར་འོད་སྟོང་སྐྲུན་པ་དེ་སྔར་བཞིན་རང་ཉིད་གསར་བརྗེ་བྱེད་ཕོད་པར་རགས་ལས་པ་རེད། འདི་ལྟ་བུའི་ཏང་གི་བྱ་བཞག་ད་གཟོད་རྟག་ཏུ་བརྟན་པ་དང་། འགྱུར་མེད་ཡོང་ཐུབ་ལ། ཐོག་མཐའ་བར་གསུམ་དུ་ཀྲུང་གོ་མི་དམངས་ཀྱི་རྒྱབ་བརྟེན་དང་འགྱུར་མེད་སྟོབས་ལྡན་གྱི་སྲོག་ཤིང་དུ་འགྱུར་ཐུབ།

“རྒྱུགས་སྤྲོད་ལ་ཞུགས་པའི་ཀླད་པ་གསལ་བོ་དང་གཟབ་ནན་ནམ་ཡང་སྲུང་འཛིན་བྱས་ནས་ཕྱོགས་ཡོངས་ནས་མུ་མཐུད་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་བཏང་ཚེ། ང་ཚོའི་ཏང་འདི་ཉིད་རང་ངོས་གསར་བརྗེ་ཁྲོད་དབྱར་མཚོ་རྒྱས་པ་བཞིན་གསོན་ཤུགས་རྒྱས་ཐུབ་ངེས་རེད”ཅེས་ཝུའུ་ཧན་སློབ་ཆེན་གྱི་སློབ་གཙོ་གཞོན་པ་ཀྲིག་ཡའེ་ཀྲུང་གིས་དེ་ལྟར་བཤད།

--སྐྱོད་ལམ་གསར་བའི་སྟེང་། ང་ཚོས་མིའི་རིགས་ཀྱི་ཐུན་མོང་གི་རིན་ཐང་ཐོག་མཐའ་བར་གསུམ་དུ་དར་སྤེལ་གཏོང་དགོས།

ཧིན་རྡུ་ཉི་ཞི་ཡའི་པ་ལིས་གླིང་ཕྲན་གྱི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ཐེངས་བཅུ་བདུན་པའི་སྟེང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས“ཀྲུང་གོ་བློ་བརྟན་འགྱུར་མེད་ཀྱིས་ཞི་བདེ་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་རྒྱུ་དང་། བློ་བརྟན་འགྱུར་མེད་ངང་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་སྒོ་འབྱེད་རྒྱ་སྐྱེད་རྒྱུ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཕྱོགས་སུ་བསྐྱོད་རྒྱུ་ཡིན”ཞེས་ནན་གྱིས་གསུངས།

འདི་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་ཚོགས་རྗེས། ཀྲུང་གོའི་ཆེས་མཐོའི་འགོ་ཁྲིད་པ་ཐོག་མར་ཕྱོགས་མང་མཐོ་རིམ་གྲོས་ཚོགས་ལ་ཞུགས་པ་ཞིག་རེད། ཀྲུང་གོས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་སྐད་གསང་མཐོན་པོར་བསྒྲགས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བློ་འགེལ་ཆོག་པ་དང་། གཅེས་སུ་འོས་པ། བརྩི་བཀུར་བྱེད་འོས་པའི་ཀྲུང་གོ་ཞིག་ཡང་བསྐྱར་བདེན་དཔང་བྱས་ཡོད།

ཀྲུང་གོའི་འཕེལ་རྒྱས་དེ་འཛམ་གླིང་དང་ཁ་འབྲལ་ཐབས་མེད་ལ། འཛམ་གླིང་འཕེལ་རྒྱས་འགྲོ་བར་ཀྲུང་གོ་ཤིན་ཏུ་མཁོ། མུ་མཐུད་དུ་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པའི་ཀྲུང་གོས་འཛམ་གླིང་ལ་གོ་སྐབས་སྔར་ལས་མང་པོ་མཁོ་འདོན་ཐུབ་ངེས་ཡིན་པ་དང་། རྒྱལ་སྤྱིའི་མཉམ་ལས་ལ་སྒུལ་ཤུགས་སྔར་ལས་ཆེན་པོ་བསྣན་ནས་མིའི་རིགས་ཡར་ཐོན་ཡོང་ཆེད་ལེགས་སྐྱེས་སྔར་ལས་ཆེན་པོ་བསྣོན་རྒྱུ་ཡིན་ཟེར།

ཡིད་ཆེས་བརྟན་པོ་དང་། བློ་གཅིག་སེམས་གཅིག དཀའ་སྤྱད་འབད་བརྩོན། དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས། ལོ་ངོ་བཅུའི་རིང་ལ་ཕུགས་འདུན་བརྩོན་ལེན་བྱས་ནས་མ་འོངས་པར་ཁྱབ་སྒྲོག་བྱེད་དགོས་པ་ནི། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ལ་ཚེ་སྲོག་གི་སྟོབས་ཤུགས་དང་གསར་གཏོད་ཀྱི་སྟོབས་ཤུགས་ཚད་མེད་ལྡན་པ་དང་། ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ལ་བསམ་བློ་གཅིག་བསྡུས་དང་བློ་ཁ་ཕྱོགས་ཤུགས་ཧ་ཅང་ཆེན་པོ་ལྡན་པས། ང་ཚོས་ཀྲུང་གོའི་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་ལས་དབང་དེ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས།

ལོ་ངོ་བརྒྱའི་རིང་གི་དཀའ་སྤྱད་དེ་མཐུན་སྒྲིལ་འབད་འཐབ་ལ་བརྟེན་ནས་བསྐྱར་དར་གྱི་ཕྱོགས་སུ་བསྐྱོད་དགོས།

ལོ་ངོ་བཅུའི་རིང་གི་ལག་བསྟར་དེ་མཐུན་སྒྲིལ་འབད་འཐབ་ལ་བརྟེན་ནས་ཕུགས་འདུན་ལ་འོད་སྟོང་འཕྲོ་བར་བྱེད་དགོས།

“ད་ལྟ་ནས་བཟུང་། ཀྲུང་གོ་གུང་ཁྲན་ཏང་གི་ལྟེ་བའི་ལས་འགན་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་བསྐྲུན་རྒྱུ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས།”

འཆར་འགོད་བཟོས་ཟིན་པ་དང་དུང་བརྡ་བསྒྲགས་ཟིན། གཟི་བརྗིད་དང་ཕུགས་འདུན་གྱིས་ཕྱུག་པའི་རྒྱང་སྐྱོད་ལམ་དུ་ཞུགས་པས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་།“རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ལེགས་པར་སྒྲུབ་པ་བཅས་བྱས་ཏེ། བསམ་བློ་ཕྱོགས་གཅིག་ཏུ་གཏོང་བ་དང་། ནུས་ཤུགས་ཕྱོགས་གཅིག་ཏུ་འདོན་པ། རང་རྟོན་རང་སྤེལ། བདེན་སྲུང་གསར་སྐྲུན། དཔའ་ངར་ཆེན་པོས་ཆེན་པོས་མདུན་སྐྱོད་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་ང་ཚོ་མི་རབས་འདིའི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ནས་ང་ཚོ་མི་རབས་འདིར་དབང་བའི་བྱས་རྗེས་དང་གཟི་བརྗིད་གསར་གཏོད་བྱེད་དགོས།

མཐུན་སྒྲིལ་འབད་འཐབ་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་བྱེད་དགོས།

འདི་ནི་ལྡོག་ཐབས་མེད་པའི་འཕེལ་རིམ་ཞིག་དང་། འགོག་ཐབས་བྲལ་བའི་གོམ་སྟབས་ཤིག་རེད།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད། ཤ་བོ་རིན་འཚོ། གཡང་འབུམ་རྒྱལ། ཚེ་རིང་སྒྲོལ་མ།