བློ་བརྟན་འགྱུར་མེད་སྒོས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་འགོད་གསར་པར་སྐུལ་འདེད་གཏིང་ཟབ་གཏོང་དགོས།
2022.12.08 ཁུངས། མཚོ་སྔོན་ཉིན་རེ་ཚགས་པར། ཀློག་གྲངས། 11

 མཚོ་སྔོན་ཞིང་ཆེན་གྱི་ས་གནས་སོ་སོས་ཏང་གི་ཚོགས་ཆེན་ཐེངས་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱས།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ནས་བསྟན་དོན། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བཀོད་སྒྲིག་གལ་ཆེན་ལ་གོ་བ་ཟབ་མོ་ལེན་པར་ཤུགས་སྣོན་བྱས་ཏེ།  བློ་བརྟན་འགྱུར་མེད་སྒོས་དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་འགོད་གསར་པར་སྐུལ་འདེད་གཏོང་བའི་ཐད་ཕན་འབྲས་དངོས་ཐོབ་པར་བྱེད་དགོས།  བསྟུད་མར་ཉིན་འགའི་རིང་ལ། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཞིབ་ཀློག་དང་གྲོས་བསྡུར་ཡང་ཡང་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས། ཚང་མས་བསྟན་དོན།  དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ“རྒྱུགས་འབུལ་གྱི་ལམ་དུ་སྐྱོད་པར”རིག་པ་དྭངས་གསལ་དང་བློ་རྩ་བརྟན་པོ་རྒྱུན་འཁྱོངས་བྱེད་པ་དང་། བློ་བརྟན་འགྱུར་མེད་སྒོས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏོང་བ། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་འགོད་གསར་པར་སྐུལ་འདེད་གཏོང་བ། ཏང་གི་རང་ངོས་གསར་བརྗེ་ལ་བརྟེན་ནས་སྤྱི་ཚོགས་གསར་བརྗེར་ཁྲིད་སྟོན་བྱེད་པ་བཅས་བྱས་ནས། ཏང་གི་དར་ཆ་དེ་ཐོག་མཐའ་བར་གསུམ་དུ་མཚོ་སྔོན་མཐོ་སྒང་དུ་ལྷབ་ལྷུབ་གཡོ་བར་བྱེད་དགོས།

ཕྱོགས་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་ཕྱོགས་སོ་སོར་མཐུན་སྦྱོར་བྱེད་པའི་ཏང་གི་འགོ་ཁྲིད་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། ཏང་ཡོངས་ཀྱིས་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་བགྲོད་ལམ་བཅས་ཀྱི་སྟེང་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་པར་འགན་ལེན་ཏན་ཏིག་དང་། ཏང་གི་མཐུན་སྒྲིལ་གཅིག་གྱུར་ལ་འགན་ལེན་ཏན་ཏིག་བྱེད་དགོས།

མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིན་ཏང་ཙུའུ་ཡི་ཁོངས་མིའམ་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ཁྲིམས་འཛིན་ཐིན་སྒྲིག་བཤེར་ལྟ་ཞིབ་ཚན་ཆུང་གི་ཚན་གཙོ་ཝུའེ་ཡུན་ཐའོ་ཡིས་བཤད་རྒྱུར།  “ཆབ་སྲིད་འཛུགས་སྐྲུན་ནི་ཏང་གི་རྩ་བའི་རང་བཞིན་གྱི་འཛུགས་སྐྲུན་ཞིག་ཡིན་པས། ཏང་འཛུགས་སྐྲུན་གྱི་ཁ་ཕྱོགས་དང་ཕན་འབྲས་གཏན་འཁེལ་བྱེད་དགོས། དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་མཐོང་ཆེན་བྱེད་པ་ནི་ཏང་ཡོན་ལས་བྱེད་པའི་ཆེས་གཞི་རྩའི་བླང་བྱ་ཡིན། ”  ཏང་ཡོན་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་བ་ལེན་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཇེ་དྲག་ཏུ་གཏོང་བའི་ཐད་མིག་དཔེ་བཏོན་ནས།     ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་བཅས་ལག་བསྟར་དོན་འཁྱོལ་བྱེད་པར་འགན་ལེན་བྱེད་དགོས་ཟེར།

མཚོ་སྔོན་ཞིང་ཆེན་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་ཐིན་གྱི་ཏང་ཙུའུ་ཧྲུའུ་ཅིའམ་ཐིན་ཀྲང་ཅིན་ཧྲིན་ཧྲིག་གིས་བཤད་རྒྱུར།  “ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་འགག་རྩ་དེ་ཏང་ལ་ཐུག་ཡོད”།    ང་ཚོས་ངེས་པར་དུ་ཁྱོན་ཡོངས་དང་བརྒྱུད་རིམ་ལྡན་པ།   སྤྱི་ཡོངས་བཅས་ཀྱི་སྒོ་ནས་ཏང་གི་འགོ་ཁྲིད་དོན་འཁྱོལ་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ་གཙོ་གནད་དུ་བཟུང་ནས། ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། ལས་འགན་གསལ་བོ་བྱེད་པ། གོ་སྐབས་བརྩོན་ལེན་བཅས་བྱས་ཏེ་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཟེར།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཝང་ཡ་ཧྥུན་གྱིས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལས་རྒྱུན་འཁྱོངས་ལྷོད་མེད་སྒོས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བླ་སྲོག་གཅིག་ཏུ་སྒྲིལ་དགོས་ཞེས་བསྟན་ཡོད།   ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱ་རྒྱུ་དེ། ཏང་ཡོན་ལ་སློབ་གསོ་གཏོང་བའི་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱས་ནས།  ཏང་ཡོན་གྱི་གཅིག་སྡུད་རེས་སྐོར་གསོ་སྦྱོང་གི“བཟོ་འགོད་ཆེན་པོ་གསུམ”རྒྱུན་སྲིང་དང་གཏིང་ཟབ་ཏུ་གཏོང་བ་དང་། ཏང་ཡོན་གྱི་སློབ་གསོའི་གཡུལ་ས་བདུན་དང་ཞིང་ཆེན་རིམ་པའི་ཏང་ཀྲི་པུའུ་ཡི་རྩ་འཛུགས་འཚོ་བ་མཉམ་སྤྱོད་གཡུལ་ས་བཅུ་བཞི་བེད་སྤྱད་དེ།  “རིགས་པའི་གཞུང་ལུགས་ཀྱི་སློབ་གསོ་དང་ཏང་གཤིས་སློབ་གསོ། ལག་ལེན་སྦྱོང་བརྡར་བཅས”ཟུང་དུ་འབྲེལ་བའི་སློབ་གསོ་གསོ་སྦྱོང་བྱེད་སྟངས་བརྒྱུད་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་དགོངས་དོན་དེ་གཞི་རིམ་གྱི་ཏང་རྩ་འཛུགས་སོ་སོ་དང་ཏང་ཡོན་རེ་རེའི་སེམས་སུ་ཟུག་པར་བྱེད་དགོས་ཟེར།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཝང་ཧའེ་ཡུན་གྱིས་བཤད་རྒྱུར།   “དྲིལ་བསྒྲགས་ཁོངས་གཏོགས་ཀྱི་ཏང་ཡོན་ལས་བྱེད་པས་ངེས་པར་དུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་དང་ཞིབ་འཇུག་འགྲེལ་བཤད་རྒྱག་པའི་ལས་དོན་ཏན་ཏིག་ངང་སྤེལ་བ་དང་། མང་ཚོགས་གྱིས་གོ་བ་ལེན་ཐུབ་པ་དང་དོན་འཁྱོལ་ཐུབ་པའི་བྱེད་ཐབས་སྤྱད་དེ་སྤྱི་ཚོགས་ཀྱི་དྲིལ་བསྒྲགས་དང་གསར་འགྱུར་སྒྲོག་སྤེལ་དམ་འཛིན་ལེགས་པོ་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དེ་ཁྱིམ་ཚང་ཀུན་གྱིས་ཤེས་པ་དང་མི་སེམས་སུ་ཟུག་པར་བྱེད་དགོས་ལ། ནུས་ཤུགས་ཡོད་རྒུས་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པ་དང་། འདུ་ཤེས་འཛིན་སྟངས། གསར་འགྱུར་དྲིལ་བསྒྲགས། སྨྱན་བྱད་མཉམ་འདྲེས་ཀྱིས་འཛུགས་སྐྲུན། དཔལ་ཡོན་ལག་ལེན། རིག་གནས་འཛུགས་སྐྲུན་སོགས་ཀྱི་གཙོ་གནད་ལས་དོན་ལ་ཇུས་འགོད་དང་སྐུལ་སྤེལ་བྱས་ནས། འབད་བརྩོན་སྒོས་དྲིལ་བསྒྲགས་བསམ་བློའི་རིག་གནས་ལས་དོན་དེ་སྲ་བརྟན་ཁྲོད་ནས་མཐོར་འདེགས་དང་གསར་སྐྲུན་ཁྲོད་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་གཞུང་ཞབས་པ་ཁའོ་ཡི་ཁའོ་ཀྲང་བཀྲ་ཤིས་ཟླ་བས་བཤད་རྒྱུར། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ངེས་པར་དུ་ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་དང་། དུས་རབས་གསར་པའི་བླང་བྱ་དང་འཚམ་པ། དེང་རབས་ཅན་འཛུགས་སྐྲུན་ལ་འགོ་ཁྲིད་ཀྱི་ནུས་པ་ལྡན་པ་བཅས་ཀྱི་ལས་བྱེད་པའི་དཔུང་སྡེ་ཞིག་ཡོད་དགོས།  ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་དང་། སྤྱོད་ཡོན་གཉིས་ལྡན་དང་། སྤྱོད་ལམ་གཙོ་བོར་འཛིན་པ། ཕྱོགས་བཞི་མཚམས་བརྒྱད་ཀྱི་མཛངས་མི་ཁོ་ན་བསྐོ་གཞག་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས།  མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་མོ་ཕྲག་ཏུ་ལེན་ཐུབ་པའི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱ་རྒྱུ་དེས། ང་ཚོས་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་གྱི་ལས་དོན་བཟང་བོར་སྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ང་ཚོས་དུས་རབས་གསར་པའི་ལས་བྱེད་པ་བཟང་བོའི་ཚད་གཞི་དོན་འཁྱོལ་ནན་མོ་བྱས་ནས། གཞུང་ཞབས་པའི་དོ་དམ་ལས་དོན་སྔར་ལས་བཟང་བོར་སྒྲུབ་པ་དང་། ལས་བྱེད་པའི་དཔྱད་ཞིབ་གདེང་འཇོག་མ་ལག་འཐུས་ཚང་དུ་གཏོང་བ། ཆབ་སྲིད་ཀྱི་འགག་སྒོ་དང་སྤྱོད་གཙང་གི་འགག་སྒོ་ལེགས་པོར་སྲུང་བ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་པར་ཤུགས་སྣོན་བྱེད་པ་བཅས་བྱས་ཏེ་ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་ཏང་ལ་བློ་དཀར་སེམས་དཀར་བྱེད་པའི་ལས་བྱེད་པའི་དཔུང་སྡེ་ཞིག་འཛུགས་སྐྲུན་བྱེད་དགོས་ཟེར།

ཞིང་ཆེན་སྤྱི་བདེ་ཐིན་གྱི་རིམ་པ་དང་པོའི་ཉེན་རྟོག་པ་ལིག་ཡའོ་ལུང་གིས་བཤད་རྒྱུར།  ཞིང་ཆེན་སྤྱི་བདེ་ཐིན་གྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། རྒྱུན་འཛིན་མཁན་ཡོད་པ་ཞེས་པའི་རྩ་བའི་ཇུས་ཆེན་འདི་དམ་འཛིན་ལེགས་པོ་དང་། ཕུལ་བྱུང་ན་གཞོན་ལས་བྱེད་པ་གསོ་སྐྱོང་དང་འདེམས་སྒྲུག་བྱེད་པ་རྒྱུན་རྣམ་ཅན་དུ་འགྱུར་བའི་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ཡོད།   དུས་རབས་གསར་པའི་ན་གཞོན་ཞིག་ཡིན་པའི་ངོས་ནས།  དུས་ནམ་ཡང་བློ་བརྟན་འགྱུར་མེད་སྒོས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བ།   ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། མི་དམངས་ལ་དགའ་ཞེན། སྤྱི་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོང་དང་མི་དམངས་ཀྱི་བདེ་འཇགས་ལ་འགན་ལེན་བཅས་བྱས་ནས། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་རང་ཉིད་ཀྱི་ལང་ཚོ་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཟེར།

ཉེ་བའི་ལོ་ཤས་རིང་། ནུབ་རྒྱུད་གཏེར་ལས་སྡེ་ཚོགས་ཚད་ཡོད་ཀུང་སིས་རིམ་རྩིས་བྱས་ན་ལག་རྩལ་དམིགས་ཚད་ཁག་དྲུག་བརྒྱ་ལྷག་ལ་ལོ་རྒྱུས་ཀྱི་ཐོད་བརྒལ་བྱུང་ནས།  སྤུས་ཚད་མཐོ་བའི་ཏང་འཛུགས་སྐྲུན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པར་གྲུབ་འབྲས་ཆེན་པོ་ཐོབ།   ཀུང་སིའི་ཏང་ཨུའི་ཨུ་ཡོན་ནམ་རྒྱུན་ལས་འགོ་གཙོ་གཞོན་པ་ཝང་ཧའེ་ཧྥིན་གྱིས་བཤད་རྒྱུར། ང་ཚོས་ཏང་གི་འགོ་ཁྲིད་དེ་ཀུང་སིའི་བཅོས་སྐྱོང་གཅིག་གྱུར་དམ་ཚགས་བྱེད་པ་དང་། ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་འཇོན་མི་དང་ཚོང་ར་ཅན་གྱི་མི་འདེམས་སྤྱོད་བྱེད་པ་གཅིག་གྱུར་དམ་ཚགས་བྱེད་པ། ཏང་རྩ་འཛུགས་བཀོད་སྒྲིག་དང་ཁེ་ལས་རྩ་འཛུགས་ཀྱི་སྒྲོམ་གཞི་འཁོར་སྐྱོད་གཅིག་གྱུར་དམ་ཚགས་བྱེད་པ། བསམ་བློ་དང་ཆབ་སྲིད་ཀྱི་ལས་དོན་དང་ཁེ་ལས་ཀྱི་རིག་གནས་དར་སྤེལ་གཅིག་གྱུར་དམ་ཚགས་བྱེད་པ། ཏང་འཛུགས་སྐྲུན་གྱི་འགན་འཁྲི་དང་གཉེར་སྐྱོང་གི་འགན་འཁྲི་གཅིག་གྱུར་དམ་ཚགས་བྱེད་པ། ཏང་ནང་ཁུལ་གྱི་ལྟ་སྐུལ་དང་ནང་ཁུལ་ཚོད་འཛིན་གྱི་རྐྱེན་སྲོལ་གཅིག་གྱུར་དམ་ཚགས་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། རིམ་པ་སོ་སོའི་ཏང་རྩ་འཛུགས་དེ་ཁེ་ལས་ཀྱི་འགག་སྒྲོལ་དཀའ་སེལ་ལ་སྣེ་ཁྲིད་བྱེད་པའི་འཐབ་འཛིང་བཙན་རྫོང་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་ཟེར།

ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ས་ཁུལ་ནན་ཁྲོན་ཤར་ལམ་ཞིན་བང་སྡེ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་དབྱང་ཅིན་ཧྭ་ཡིས་བཤད་རྒྱུར།  རྨང་གཞི་མ་བརྟན་ན་རྩ་བ་བརྟན་མི་སྲིད།  ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལྟར། གཞི་རིམ་ཏང་རྩ་འཛུགས་དེ་ཏང་གི་འགོ་ཁྲིད་མངོན་འགྱུར་ལེགས་པོ་བྱེད་པའི་འཐབ་འཛིང་བཙན་རྫོང་བརྟན་པོ་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས།  ཏང་འཛུགས་སྐྲུན་གྱིས་སྣེ་ཁྲིད་བྱེད་པ་དང་། མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་པ། སྔར་ལས་དངོས་སྒྲུབ་ཀྱི་སྤྱོད་ཚུལ་ཐོག་ནས་དམངས་ལ་ཞབས་འདེགས་ཞུ་བའི་ཁྲོད་ཞུགས་པ། ཞིབ་ཚགས་ཅན་གྱི་བཅོས་སྐྱོང་དང་མི་རིགས་མཐུན་སྒྲིལ་སོགས་ལས་འགན་གཙོ་བོ་དམ་འཛིན་བྱས་ནས།  གཞི་རིམ་ཏང་རྩ་འཛུགས་སྟོབས་ལྡན་དུ་གཏོང་དགོས་ཟེར།

ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་རྩ་འཛུགས་མི་དོན་ཁྲུའུ་ཡི་ལས་བྱེད་པ་ཡན་ཡུན་ཞང་གིས་བཤད་རྒྱུར། ཏང་ཡོངས་ཀྱིས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུ་དེ་ནམ་ཡང་ལམ་དུ་ཡོད་པ་དང་། ཏང་གི་རང་ངོས་གསར་བརྗེ་ནམ་ཡང་ལམ་དུ་ཡོད་པ་སེམས་ལ་བརྟན་པོར་བཅངས་སྟེ།  སྒྱིད་ལུག་ལྷོད་གཡེང་གི་བསམ་བློ་དོར་ནས་ངེས་པར་དུ་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་འགོད་གསར་པར་སྐུལ་འདེད་གཏིང་ཟབ་བཏང་ནས། ཏང་གི་རང་ངོས་གསར་བརྗེ་ཡིས་སྤྱི་ཚོགས་ཀྱི་གསར་བརྗེར་ཁྲིད་སྟོན་བྱེད་དགོས།  ལོ་བཅུའི་རིང་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱུན་སྲིང་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་བཏང་སྟེ། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ལངས་ཕྱོགས་སྲ་བརྟན་དུ་བཏང་བས། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཕན་འབྲས་དེ་ལོ་རྒྱུས་ཀྱི་མཐོ་ཚད་གསར་པར་སླེབས་ཡོད།   རྩ་འཛུགས་ལས་དོན་གྱི་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་གི་ཆབ་སྲིད་འཛུགས་སྐྲུན་དེ་ཏང་གི་རྩ་བའི་རང་བཞིན་འཛུགས་སྐྲུན་བྱེད་པར་བརྩི་བ་དང་། ཏང་གི་རང་ངོས་གསར་བརྗེ་ཡིས་སྤྱི་ཚོགས་ཀྱི་གསར་བརྗེར་ཁྲིད་སྟོན་བྱེད་པ་རྒྱུན་འཁྱོངས་བྱས་ཚེ། གཞི་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བརྗིད་ཆགས་གྲུ་ཆེན་རྒྱ་མཚོར་གཤགས་པ་དང་བརྟན་པོའི་ངང་ཡུན་རིང་དུ་སྐྱོད་པར་རྫོགས་མཐའ་མེད་པའི་སྒུལ་ཤུགས་མཁོ་འདོན་བྱེད་ཐུབ་ཟེར།

ཟི་ལིང་གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པའམ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཉེ་གོ་ལིས་ཀྱིས་བཤད་རྒྱུར། “ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལས་ཆབ་སྲིད་ཀྱི་ལྟ་སྐུལ་བྱེ་བྲག་ཅན་དང་། གནད་འཁེལ་ཅན། རྒྱུན་རྣམ་ཅན་བཅས་སུ་འགྱུར་བར་སྐུལ་འདེད་བཏང་ནས། འགོ་ཁྲིད་གཙོ་བོ་དང་འགོ་ཁྲིད་ཚན་ཁག་གི་ལྟ་སྐུལ་ཕན་འབྲས་ཇེ་མཐོར་གཏོང་དགོས་ཞེས་བསྟན་ཡོད།  སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས། སྤྱོད་སྲོང་སྒྲིག་ནན་གྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པར་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ་དང་། ཆབ་སྲིད་ཀྱི་ལྟ་སྐུལ་བྱེ་བྲག་ཅན་དང་། གནད་འཁེལ་ཅན།  རྒྱུན་རྣམ་ཅན་བཅས་སུ་འགྱུར་བར་རྒྱུན་མཐུད་སྒོས་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་འགོ་ཁྲིད་གཙོ་བོ་དང་འགོ་ཁྲིད་ཚན་ཁག་གི་ལྟ་སྐུལ་ལ་ཤུགས་སྣོན་བྱེད་པ།  ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ། ལྟ་སྐུལ་འགན་ལེན་ལག་བསྟར་དང་འཐུས་ཚང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་སྔར་ལས་འདོན་སྤེལ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་ལྟ་སྐུལ་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།

མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའམ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གདུགས་དཀར་སྐྱབས་ཀྱིས་བཤད་རྒྱུར།   རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་ནི་ཆེས་གཏིང་ཟབ་པའི་རང་ངོས་ཀྱི་གསར་བརྗེ་ཤིག་ཡིན་པས། ངེས་པར་དུ་རྒྱུགས་འབུལ་གྱི་ལམ་དུ་སྐྱོད་པའི་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ནམ་ཡང་མདུན་སྐྱོད་བྱེད་དགོས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལ་སློབ་སྦྱོང་བྱས་རྗེས།  “རུལ་སུངས་མི་བྱེད་པ་གསུམ”ལ་སྐུལ་འདེད་གཏོང་རྒྱུ་དེ་སྤྱོད་སྲོང་སྒྲིག་ནན་གྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་སོ་སོར་དོན་འཁྱོལ་བྱས་ཏེ།  བཟོད་སྒོམ་གཏན་ནས་མི་བྱེད་པའི་རྣམ་འགྱུར་ཐོག་ནས་རུལ་སུངས་ཆུང་བར་ཆད་པ་གཅོད་པ་དང་། གཞི་རིམ་གྱི་སྲིད་ཇུས་ལག་བསྟར་བྱེད་མཁན་དང་། དམངས་ཕན་མ་དངུལ་བགོ་བཤའ་བྱེད་མཁན། རྣམ་གྲངས་མ་དངུལ་གྱི་དོ་དམ་བྱེད་མཁན་བཅས་ལ་དམ་པོར་དམིགས་ཏེ་ཁྱབ་ཁོངས་སོ་སོའི་རུལ་སུངས་དང་ཚུལ་མིན་སྤྱོད་ཚུལ་ཞིབ་བཤེར་ཐག་གཅོད་ནན་མོ་བྱས་ནས། མང་ཚོགས་ལ་དྲང་གཞག་དྲང་བདེན་ཉེ་འགྲམ་དུ་ཡོད་པ་ཚོར་དུ་འཇུག་དགོས་ཟེར།

མདོ་ལ་རྫོང་གཡང་ལུང་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་ཀའོ་ཡན་ཧྲན་གྱིས་བཤད་རྒྱུར། གཞི་རིམ་གྱི་ཏང་རྩ་འཛུགས་ཤིག་ཡིན་པའི་ཆ་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་བཟང་བོ་བྱས་ནས།  སྤྱོད་ཚུལ་འཛུགས་སྐྲུན་ལ་མུ་མཐུད་དུ་ཤུགས་སྣོན་བྱེད་པ་དང་།  ཕན་ཚུན་སྐུལ་འདེད་དང་ཕན་ཚུན་ཚོད་འཛིན་གྱི་སྡེ་བའི་རིམ་པའི་ཆབ་སྲིད་ལྟ་སྐུལ་གྱི་ནུས་པ་འདོན་སྤེལ་བྱེད་པ། གོང་རིམ་གྱིས་འོག་རིམ་ལ་འགན་འཁུར་བ་དང་། རྩ་འཛུགས་ཀྱིས་མི་སྒེར་ལ་འགན་འཁུར་བ། ལས་བྱེད་པས་བྱ་བར་འགན་འཁུར་བ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་རིམ་བཞིན་བསྐྲུན་དགོས་ཟེར།

ཡིག་སྒྱུར་བ།སྒྲོལ་མ་སྐྱིད།