སེམས་དང་བརྩེ་བས་ཐུན་མོང་གི་ངོས་འཛིན་གཅིག་སྡུད་བྱས་ཏེ་དུས་རབས་གསར་པའི་སྲིད་གྲོས་གྲོས་གཞིའི་གཏམ་བཟང་བསྒྲགས།
2023.01.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ1པའི་ཚེས14ཉིན། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་གཟབ་རྒྱས་ངང་འཚོགས། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་དང་དུ་བླངས་ནས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོ་དང་ལས་རིགས་སོ་སོའི་སྲིད་གྲོས་ཨུ་ཡོན་ཚོ་མཉམ་དུ་འཛོམས་ནས་མཐུན་སྒྲིལ་དང་དམངས་གཙོའི་སྐོར་གླེང་སྟེ། འཕེལ་རྒྱས་ཀྱི་ཇུས་ཆེན་ལ་མཉམ་དུ་གྲོས་བསྡུར་བྱས་པ་རེད། ཚང་མས་དུས་རབས་གསར་པའི་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་གྱི་འགན་འཁྲི་འཁུར་རྒྱུར་དམ་པོར་དམིགས་ནས། བསམ་བློ་བཅིངས་འགྲོལ་དང་། དྲང་སྲུང་གསར་སྐྲུན། རང་འགན་གཙང་སྒྲུབ། བརྩེ་སེམས་དང་ནུས་ཤུགས་ཆེན་པོས་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་གྲོས་གཞིའི་ལས་དོན་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཤུགས་ཆེན་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་ཆེད་ལེགས་སྐྱེས་སྔར་ལས་ཆེན་པོ་འབུལ་དགོས་ཟེར།

སྐབས་གསར་པའི་སྲིད་གྲོས་ཨུ་ཡོན་ལ་བདམས་པའི་ཞིང་ཆེན་ས་འགུལ་ཅུས་ཆ་འཕྲིན་ལྟེ་གནས་ཡིག་ཚགས་དུས་དེབ་ཁང་གི་ཀྲུའུ་རིན་གཞོན་པ་མཱ་རུའུ་ཡུན་གྱིས་བཤད་རྒྱུར། ། “སྲིད་གྲོས་ལས་དོན་སྙན་ཞུའི་ནང་བཏོན་པ་ལྟར། འདས་ཟིན་པའི་ལོ་ལྔའི་རིང་གི་སྲིད་གྲོས་ལས་དོན་གྱིས་དམངས་ཚིས་ལེགས་བཅོས་བྱེད་པར་ཚད་མཐོའི་མཐོང་ཆེན་བྱས་ཏེ། རང་ཞིང་གི་འབྲུ་རིགས་གསོག་འཇོག་དང་དེ་བཞིན་འཕྲལ་སྡོམ་འགན་སྲུང་མ་ལག་འཛུགས་སྐྲུན་འཐུས་ཚང་ཏུ་གཏོང་བ་དང་།  ཤེས་ལྡན་མི་སྣའི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་སོགས་ཀྱི་གནད་དོན་ལ་དམིགས་ནས་བརྟག་ཞིབ་དང་ལྟ་ཞིབ་བྱས་ནས་བཏོན་པའི་གྲོས་གཞིར་ཏང་སྲིད་སྡེ་ཁག་གིས་མཐོང་ཆེན་དང་དང་ལེན་བྱས་ཏེ།  བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་བ་དང་སྔར་ལས་དྲང་གཞག་ངང་མི་དམངས་མང་ཚོགས་ལ་ཕན་པ་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད”ཟེར།

མཱ་རུའུ་ཡུན་གྱིས་བཤད་རྒྱུར། གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་བཟང་བོ་དང་། ལག་བསྟར་བཟང་བོ། དོན་འཁྱོལ་བཟང་བོ་བཅས་བྱས་ཏེ། དོན་དངོས་དང་ཟུང་འབྲེལ་སྒོས་རང་འཁྲིའི་ལས་འགན་གཙང་སྒྲུབ་དང་། ལས་སྒྲུབ་ལས་སྐྲུན་བྱས་ནས། ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གྲོས་བཅས་ཀྱི་འགན་ནུས་སྔར་ལས་ལེགས་པའི་སྒོ་ནས་བསྒྲུབས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་རང་ཞིང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ཚན་ཆུང་བགོས་ནས་གྲོས་བསྡུར་བྱེད་སྐབས། ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ནམ་མཚོ་སྔོན་ཞིང་ཆེན་མ་བུ་བདེ་སྲུང་སྨན་ཁང་གི་ཡོན་ཀྲང་ཀྲའོ་ཁྲིན་མའོ་ཡིས་འདས་ཟིན་པའི་ལོ་གསུམ་གྱི་རིམས་ནད་གནས་ཚུལ་ལ་ཕྱིར་ལྟ་བྱེད་ཞོར་བཤད་རྒྱུར།  དེ་ནི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར་ཚོད་བགམ་བྱས་པ་ཞིག་ཡིན་ལ་སྦྱོང་བརྡར་བྱས་པ་ཞིག་ཀྱང་ཡིན་ཟེར།

ཀྲའོ་ཁྲིན་མའོ་ཡིས་བཤད་རྒྱུར། འདས་ཟིན་པའི་ཟླ་བ་གཉིས་ལྷག་གི་རིང་ལ་མཚོ་སྔོན་ཞིང་ཆེན་མ་བུ་བདེ་སྲུང་སྨན་ཁང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་འགན་སྣ་ཚོགས་ལེགས་སྒྲུབ་བྱས་པ་དང་། ཉིན40ཡི་ནང་སྦྲུམ་མ300ལྷག་ལ་སྨན་བཅོས་བྱས་པ་ཡིན། དེའི་ནང་ཉེན་ཁ་ཆེ་བའི་སྦྲུམ་མ20ལྷག་ཡོད། མིག་སྔར་སྨན་བཅོས་མི་སྣས་རེས་མོས་ཀྱིས་ཕྱིར་བཤོལ་མི་བྱེད་པར་རང་ཉིད་ཀྱི་ལས་གནས་བརྟན་སྲུང་བྱེད་ཀྱིན་ཡོད་ཟེར།

ཞིང་ཆེན་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་སྐབས་ཀྲའོ་ཁྲིན་མའོ་ཡིས་གྲོས་གཞི་གཉིས་བཏོན་པ་རེད། དེའི་ནང་གི་གཅིག་ནི་ཟི་ལིང་ལྟེ་བའི་གྲོང་ཁུལ་གྱི་ཁྲག་གསོག་ས་ཚིགས་ཀྱི་འཆར་འགོད་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་རྒྱུའི་སྐོར་ཡིན་པ་རེད།

ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ནམ་མཚོ་སྔོན་ཞིང་ཆེན་འཚེམ་དྲུབ་ལས་རིགས་མཐུན་ཚོགས་ཀྱི་འགན་འཁུར་བ་སུའུ་ཞའོ་ལིས་ཀྱིས་སྲིད་གྲོས་བྱ་བའི་སྙན་ཞུར་ཉན་རྗེས་བཤད་རྒྱུར། “ང་ནི་མཚོ་སྔོན་གྱི་འཚེམ་དྲུབ་པ་འབུམ་གསུམ་ཁྲོད་ཀྱི་གཅིག་ཡིན་ལ། ད་ཐེངས་ནི་ཞིང་ཆེན་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་ཐེངས་དང་པོ་ཡིན་པས། སེམས་འགུལ་ཆེན་པོ་ཐེབས་བྱུང་ལ་འགན་འཁྲི་ལྕི་ཞིང་གཟི་བརྗིད་ལྡན་པ་ཞིག་ཀྱང་ཡིན་པའི་མྱོང་ཚོར་ཟབ་མོ་བྱུང”ཡོད་ཟེར།

སུའུ་ཞའོ་ལིས་ཀྱིས་བཤད་རྒྱུར། བྱ་སྤྱོད་དངོས་ཀྱི་ཐོག་ནས་མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་དར་སྤེལ་དང་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་པར་ནུས་ཤུགས་འདོན་རྒྱུ་ཡིན་ལ། “ཕྱིན་ཆད་ངས་མུ་མཐུད་དུ་མཚོ་སྔོན་གྱི་འཚེམ་དྲུབ་གཏམ་རྒྱུད་ཡག་པོར་བརྗོད་པ་དང་། སྤུས་རྟགས་ཀྱི་ཡིད་དབང་འཕྲོག་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། མཚོ་སྔོན་གྱི་འཚེམ་དྲུབ་མཚོན་བྱེད་ཡིན་པའི‘མཚོ་སྔོན་རྟགས་ཅན’གྱི་སྤུས་རྟགས་བསྐྲུན་པའི་གོ་སྟབས་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ནས། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཟེར།

ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ནམ་མཚོ་སྔོན་ལུའུ་ཁྲང་བཟོ་ཚོང་ཚད་ཡོད་ཀུང་སིའི་སྤྱིའི་འགན་འཛིན་པ་ལུའུ་ཁྲིན་ཧོས་ཀྱིས་བཤད་རྒྱུར།   “  བསྟུད་མར་ཨུ་ཡོན་གྱི་འགན་ཁུར་བ་ནི་གཟི་བརྗིད་ཅིག་ཡིན་ལ་འགན་འཁྲི་ཞིག་ཀྱང་ཡིན་པས། ངས་ཐོག་མཐའ་བར་གསུམ་དུ་འབད་བརྩོན་བྱས་ནས་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་ལ་བརྟག་དཔྱད་མང་ཙམ་བྱེད་པ་དང་། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་གནས་པའི་དཀའ་ངལ་དང་གནད་དོན་ལ་རྒྱུས་ལོན་མང་ཙམ་བྱས་ཏེ།  མང་ཚོགས་དང་འབྲེལ་བའི་གྲོས་གཞི་མང་པོ་འདོན་པ་དང་། རང་ཉིད་ཀྱི་ནུས་ཤུགས་གང་ཡོད་བཏོན་ནས་རོགས་རམ་བྱེད་དགོས་པའི་མི་ཁག་གཅིག་ལ་རོགས་རམ་བྱེད་རྒྱུ་ཡིན་ཟེར།

སྲིད་གྲོས་ཨུ་ཡོན་ཡུག་ལུའུ་ཆིན་གྱིས་བཤད་རྒྱུར།    ང་ནི་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་ན་གཞོན་མཉམ་འབྲེལ་ལྷན་ཚོགས་ཀྱི་འོས་སྦྱོར་འོག་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ལ་བདམས་པ་ཡིན་པས། ཁྱབ་ཁོངས་གསར་པའི་ནང་ངས་སློབ་སྦྱོང་མང་ཙམ་བྱས་ནས་རང་འགན་གཙང་སྒྲུབ་བྱེད་རྒྱུ་ཡིན་ཟེར།

ཡིག་ལུའུ་ཆིན་གྱིས་བཤད་རྒྱུར། སྤྱི་ཚོགས་རྩ་འཛུགས་སྐྱེ་ཁམས་སྲུང་སྐྱོབ་ཁྲོད་ཞུགས་པའི་ལས་དོན་ལ་སྲིད་གཞུང་གིས་དོ་ཁུར་དང་རྒྱབ་སྐྱོར་ཆེན་པོ་བྱས་ཤིང་། གུང་གཞོན་ཚོགས་པ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་བསྟུད་མར་ལོ་གཉིས་ལ་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་སྐྱེ་ཁམས་སྲུང་སྐྱོབ་ལས་དོན་ཁྲོད་ཞུགས་པར་མངག་པ་དང་།  ནུབ་རྒྱུད་འཆར་གཞིའི་དང་བླངས་པས་སྤྱི་ཚོགས་རྩ་འཛུགས་ཀྱི་སྤྱི་ཕན་བྱ་གཞག་ལ་རྒྱབ་སྐྱོར་བྱེད་པའི་སྔོན་འགྲོ་བཏོད་ཡོད།   གུང་གཞོན་ཚོགས་པ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་མཐུན་ཚོགས་ལ“མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་སྲུང་སྐྱོབ་ཀྱི་རིམ་ལྔའི་དང་བླངས་ཞབས་ཞུའི་ཐད་གཏོགས་རུ་ཁག”གི་མཚན་སྙན་གནང་བ་རེད།  མ་འོངས་པར་ཁོ་མོས་ཧུར་ཐག་གིས་སྐྱེ་ཁམས་དཔལ་ཡོན་གྱི་སློབ་གསོའི་མ་ལག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ།  མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་གཏམ་རྒྱུད་བཟང་བོ་བརྒྱུད་བསྒྲགས་བྱས་ཏེ། མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་ཐད་བླངས་བའི་གྲུབ་འབྲས་གསར་པ་འགྲེམས་སྟོན་བྱ་རྒྱུ་ཡིན་ཟེར།

ཚེས14ཉིན་གྱི་ཕྱི་དྲོར་ཚན་ཆུང་བགོས་ནས་གྲོས་བསྡུར་བྱེད་སྐབས། ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ནམ་མཚོ་སྔོན་ལིས་ཀྲོ་ཁྲིམས་རྩོད་པའི་ལས་གཉེར་ཁང་གི་ཀྲུའུ་རིན་ལིག་ཝུན་ཡུས་ཀྱིས་བཤད་རྒྱུར།  “སྐབས་འདིའི་འགན་ཡུན་ནང་ངས་འགན་འཁྲི་སྒྲུབ་ནུས་དང་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་ནས། བརྟག་ཞིབ་ཧུར་ཐག་དང་། བསམ་བློ་གཏིང་ཟབ་གཏོང་བ། སྤུས་ཚད་མཐོ་བའི་གྲོས་གཞི་མང་པོ་འདོན་པ་བཅས་བྱས་ཏེ། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲིད་གྲོས་ཨུ་ཡོན་གྱི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཟེར།

ཁོས་བཤད་རྒྱུར། ཉེ་བའི་ལོ་ཤས་རིང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁྲིམས་ར་དང་། མཚོ་སྔོན་པོའི་སྐྱེ་ཁམས་ཁྲིམས་ར།  མདོ་ལ་རི་བོའི་སྐྱེ་ཁམས་ཁྲིམས་ར་བཅས་གཅིག་རྗེས་གཉིས་མཐུད་ངང་བཙུགས་ནས། ཁྲིམས་འཛིན་ལམ་ལུགས་མ་ལག་གསར་སྐྲུན་ཐད་ཐོད་བརྒལ་གསར་པ་བྱུང་མོད། འོན་ཀྱང་ཁོར་ཡུག་ཐོན་ཁུངས་རིགས་ཀྱི་གྱོད་གཞིར་འདྲི་གཅོད་བྱེད་པའི་ཆེད་ལས་རང་བཞིན་དང་ཆེད་དོན་རང་བཞིན་སྔར་བཞིན་མི་འདང་བ་རེད།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་ཁྲིམས་ཁང་མགྱོགས་མྱུར་ངང་བཙུགས་ནས། ཁོར་ཡུག་ཐོན་ཁུངས་རིགས་ཀྱི་གྱོད་གཞི་དེ་ད་ཡོད་ཀྱི་འདྲི་གཅོད་སྒྲིག་སྲོལ་ཁྲོད་ནས་ཕྱིར་འཐེན་བྱས་ནས། ཁག་བགོས་ཐག་གཅོད་དང་སྐྱེ་ཁམས་ཁྲིམས་ཁང་གི་དོ་དམ་ཁྱབ་ཁོངས་དང་དེ་བཞིན་གྱོད་གཞི་ཞིབ་གཅོད་བརྒྱུད་རིམ་ཁ་གསལ་བཟོས་ཏེ། ཁོར་ཡུག་ཐོན་ཁུངས་རིགས་ཀྱི་གྱོད་གཞི་འདྲི་གཅོད་ཀྱི་ཆེད་དོན་རང་བཞིན་འགན་ལེན་བྱེད་དགོས། ཁོས་ད་དུང་ཁོར་ཡུག་ཐོན་ཁུངས་སྲུང་སྐྱོབ་དང་ཁྲིམས་འཛིན་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཁོར་ཡུག་ཐོན་ཁུངས་སྲུང་སྐྱོབ་ཀྱི་ཁྲིམས་འཛིན་བྱེད་སྟངས་གསར་པ་བསྐྲུན་པར་རེ་བ་བྱེད་ཀྱིན་ཡོད་ཟེར།

ཡིག་སྒྱུར་བ།སྒྲོལ་མ་སྐྱིད།