འཐུས་མི་དང་ཨུ་ཡོན་ཚོས་ཐབས་ཇུས་འདོན་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཆར་གཞི་འགོད་པ།
2023.01.16 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 16

སྤུས་ཚད་མཐོ་བའི་སྒོ་ནས་ཞིང་སྡེའི་ཡུལ་སྐོར་འཕེལ་རྒྱས་གཏོང་དགོས།

ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་འམ་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཡིག་ཙོས་བན་སྐྱེ་ཁམས་རིག་གནས་མཛེས་ལྗོངས་ཁུལ་གྱི་སྤྱིའི་འགན་འཛིན་པ་རིན་ཁྲིན་དབྱི་ཡིས་བཤད་རྒྱུར། ཞིང་སྡེའི་ཡུལ་སྐོར་འཕེལ་རྒྱས་ལ་བརྟེན་ནས་ཏུང་ཧི་ཡུལ་ཚོ་མཱ་ཅི་སྡེ་བ་ཐོན་ལས་དར་སྤེལ་གྱི་ཡངས་ཤིང་རྒྱ་ཆེ་བའི་ལམ་ཆེན་ཞིག་ཏུ་བསྐྱོད་ཡོད། གོ་རིམ་རྗེས་མར་ང་ཚོས་མ་ཅི་སྡེ་བའི་ཞིང་སྡེའི་ཡུལ་སྐོར་ལ་རིམ་སྤོར་བྱས་ཏེ། ཞིང་སྡེའི་དམངས་སྲོལ་སྡོད་ཁང་འཕེལ་རྒྱས་གཏོང་རྒྱུ་གཙོ་བོར་བྱེད་པ་དང་། ཞིང་ལས་དང་ཡུལ་སྐོར་ཟུང་འབྲེལ་དང་། རིག་གནས་དང་ཡུལ་སྐོར་ཟུང་འབྲེལ་བྱེད་པའི་ཐད་ཤུགས་བརྒྱབ་ཏེ། མཛེས་ལྗོངས་ཀྱི་ཡིད་དབང་འཕྲོག་ཤུགས་སྔར་ལས་ཆེ་རུ་གཏོང་བ་དང་། གྲོང་གསེབ་ཀྱི་ཡུལ་སྐོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་རྩིས་ཡོད་ཟེར།

སྤུས་ཚད་མཐོ་བའི་འཕེལ་རྒྱས་སྔར་ལས་གསོན་ཤུགས་ལྡན་པར་བྱེད་དགོས།

ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་འམ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྨན་ཁང་དང་པོའི་ཡོན་ཀྲང་གཞོན་པ་རིན་དབྱིན་གྱིས་བཤད་རྒྱུར། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཕན་པ་སྔར་ལས་མང་བ་དང་། མི་དམངས་མང་ཚོགས་ལ་མཉམ་སྐྲུན་མཉམ་སྤྱོད་འཕེལ་རྒྱས་ཁྲོད་ཐོབ་ཚོར་སྔར་ལས་མང་བ་ཐོབ་པར་བྱེད་དགོས། ང་ཚོས་མགྱོགས་མྱུར་སྒོས་གཞུང་བཙུགས་སྨན་ཁང་གི་ཕྱོགས་བསྡུས་བཅོས་སྒྱུར་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། སྨན་བཅོས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ། སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། སྨན་དོན་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། བདེ་ཐང་མཚོ་བྱང་འཛུགས་སྐྲུན་ལ་རྒྱུན་མཐུད་སྒོས་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་ཡིན་ཟེར།

གསར་བརྗེའི་རིག་གནས་ཡུལ་སྐོར་གྱི་མིང་གྲགས་ཐོན་རྫས་བསྐྲུན་པ།

ཞིང་ཆེན་དམངས་འཐུས་ཚོགས་ཆེན་འཐུས་མིའམ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་ཀྲང་ཧྲི་ཡུན་གྱིས་བཤད་རྒྱུར། ཧེ་ཡན་རྫོང་གིས་ཀྲུང་གོའི་རྡུལ་ཕྲན་མཁར་གྱི་གསར་བརྗེའི་རྗེས་ཤུལ་ལ་བརྟེན་ནས། རྫོང་ཡོངས་ཀྱི་སྟོབས་ཤུགས་བཏོན་ཏེ་ཀྲུང་གོའི་རྡུལ་ཕྲན་གྲོང་གི5Aརིམ་པའི་མཛེས་ལྗོངས་ཁུལ་བསྐྲུན་པའི་བྱ་བར་སྐུལ་འདེད་བཏང་སྟེ། གསར་བརྗེའི་རིག་གནས་ཡུལ་སྐོར་གྱི་མིང་གྲགས་ཐོན་རྫས་ཕྱོགས་ཡོངས་ནས་བསྐྲུན་རྒྱུ་ཡིན། སྤུས་ལེགས་སློབ་ཚན་ཞིབ་འཇུག་གསར་སྤེལ་དང་རིག་གནས་གསར་གཏོད་ཀྱི་ཐོན་རྫས་གསར་སྤེལ་ཡག་པོ་བྱས་པ་བརྒྱུད། གསར་བརྗེའི་ཐོན་ལས་འབྲེལ་ཐག་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་བཏང་ནས། མཚོ་བྱང་དུ་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཟེར།

དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་དགོས།

ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ནམ་མཚོ་སྔོན་ཧྭ་ཏི་སྡེ་ཚོགས་ཀྱི་སྤྱིའི་འགན་འཛིན་པ་རིན་ལིས་མིན་གྱིས་བཤད་རྒྱུར། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ཏེ་དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བར་ཏང་གི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་། ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་བྱ་བར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ནང་ཧུར་ཐག་གིས་ཞུགས་པ། དེང་རབས་ཀྱི་ཁེ་ལས་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ། ཁེ་ལས་གྲགས་ཅན་གྱི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ནས་ཁེ་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་ཟེར།

སྐྱེ་ཁམས་ཡུལ་སྐོར་མཉམ་འདྲེས་ཟབ་མོ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།

ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ནམ་མཚོ་སྔོན་ཀྲུང་དབྱི་མ་འཇོག་མ་རྐང་ཚོད་འཛིན་སྡེ་ཚོགས་ཚད་ཡོད་ཀུང་སིའི་སྤྱིའི་འགན་འཛིན་པ་ཀྲིག་ཁང་མིན་གྱིས་བཤད་རྒྱུར། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་ཏེ། སྐྱེ་ཁམས་ཡུལ་སྐོར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་བློ་རིག་ཡུལ་སྐོར་ཕྱོགས་སྒྱུར་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་བ་སོགས་ཐད་ཀྱི་སྦས་ཤུགས་སྔོག་འདོན་དང་ཞན་ཆ་ཁ་གསབ། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཐོན་ལས་མཉམ་འདྲེས་བྱེད་སྟངས་གསར་གཏོད་བྱེད་པ། ཡུལ་སྐོར་གྱི་གཞི་གྲངས་ཆེན་མོའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ས་ཁོངས་ཀྱི་ཁྱད་ཆོས་སྔར་ལས་མངོན་པ་དང་ཚོང་གཉེར་བྱེད་སྟངས་གསར་གཏོད་ཀྱིས་རྒྱལ་སྤྱི་ཅན་གྱི་ཡུལ་སྐོར་མིང་རྟགས་བསྐྲུན་དགོས་ཟེར།

ཤེས་ལྡན་མི་སྣར་ཞབས་འདེགས་ཞུ་བའི་ལས་སྟེགས་ཧུར་ཐག་གིས་བསྐྲུན་དགོས།

ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ནམ་མཚོ་སྔོན་ཞིང་ཆེན་ཆིན་ཡོད་སྡེ་ཚོགས་ཀྱི་སྤྱིའི་འགན་འཛིན་པ་ཀྲང་ཅི་ཆིན་གྱིས་བཤད་རྒྱུར། ཤེས་ལྡན་མི་སྣའི་འདེགས་སྐྱོར་ནི་གནད་འགག་ཡིན། ཤེས་ལྡན་པ་འདུ་འཛོམས་བྱེད་ནུས་ཆེན་པོ་མེད་པ་སོགས་ཀྱི་ཞན་ཆར་དམིགས་ཏེ་ཤེས་ལྡན་པ་གསར་སྤེལ་བྱ་རྒྱུ་དེ་འཐབ་ཇུས་ཀྱི་གཙོ་གནད་དང་རྒྱུན་ལྡན་གྱི་བྱ་བའི་ལས་འགན་ཞིག་ཏུ་བརྩིས་ནས། ཤེས་ལྡན་པ་འཕེལ་རྒྱས་གཏོང་བའི་འཆར་འགོད་དང་ཆེད་དོན་འཆར་འགོད་བརྒྱུད་ཤེས་ལྡན་པའི་ཐོན་ཁུངས་གང་འགབ་ཅི་སྤྱོད་དང་། མི་ཤུགས་ཐོན་ཁུངས་ཀྱི་ཁྲོམ་རའི་མ་ལག་འཐུས་ཚང་དུ་གཏོང་བ། ས་ཁུལ་དང་ཁེ་ལས་ཀྱི་ཤེས་ལྡན་པའི་ཆེད་མཁས་མཛོད་འཛུགས་པ་བཅས་བྱས་ཏེ། སྤྱོད་ཡོན་གཉིས་ལྡན་གྱི་བྱང་ཚད་མཐོ་བའི་ཤེས་ལྡན་པ་གསོ་སྐྱོང་དང་སྐྱེད་སྲིང་བྱེད་དགོས་ཟེར།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།