—ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།
ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱིས་དར་ཆ་མཐོན་པོར་སྒྲེང་བ་དང་། མངགས་བཅོལ་བློ་ལ་བརྟན་པོར་ངེས་པ། སེམས་ཤུགས་གཅིག་སྒྲིལ་དང་མཐུན་སྒྲིལ་ཡར་བརྩོན་བྱེད་པ། དངོས་ཐོག་བདེན་འཚོལ་དང་སྤྱོད་གཙང་གཞུང་དྲང་བྱས་ནས། འབད་འབུངས་ཡར་བརྩོན་གྱི་སྐྱོད་ལམ་གསར་པ་དང་དུས་རབས་གསར་པ་བསྐྲུན་པའི་མདུན་སྐྱོད་ཀྱི་དུང་བརྡ་བཏང་ཡོད། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ངེས་པར་དུ་འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་པོ་དང་ཡར་བརྩོན་གྱི་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ། ཆོད་སེམས་སྔར་ལས་བརྟན་པོ་དང་དཔའ་ངར་ཆེ་བའི་འཐབ་སེམས། སྔར་ལས་དངོས་དོན་གཉེར་བའི་སྤྱོད་ཚུལ་བཅས་ལ་བརྟེན་ནས། འགྱུར་མེད་དམ་འཛིན་དང་དངོས་སྒྲུབ་དངོས་གཉེར་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་བཏོན་པའི་འཐབ་ཇུས་ཀྱི་བཀོད་སྒྲིག་ལྟར། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་སྟེང་གཏན་ལ་ཕབ་པའི་དམིགས་འབེན་དང་ལས་འགན་ལྟར། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་མཐུན་སྒྲིལ་འབད་འཐབ་དང་ཡང་བསྐྱར་བྱས་རྗེས་འཇོག་དགོས།
ཡིད་ཆེས་ཀྱིས་སྟོབས་ཤུགས་གཅིག་སྒྲིལ་དང་དངོས་སྒྲུབ་ཀྱིས་མ་འོངས་གསར་སྐྲུན་བྱེད། འདས་ཟིན་པའི་ལོ་ལྔའི་ནང་། མཚོ་སྔོན་གྱི་འཕེལ་རྒྱས་སྤུས་ཚད་དང་ཕན་འབྲས་མངོན་གསལ་སྒོས་ཆེ་རུ་ཕྱིན་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བརྟན་པོའི་ངང་བྱེད་མགོ་བརྩམས་པ། བཅོས་སྒྱུར་སྒོ་འབྱེད་གསར་སྐྲུན་གྱི་གསོན་ཤུགས་འཕེལ་བ། རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བ་མངོན་གསལ་སྒོས་ཇེ་ལེགས་སུ་ཕྱིན་པ། སྤྱི་ཚོགས་བཅོས་སྐྱོང་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་ཕྱིན་པ་བཅས་ནི་ང་ཚོའི་ཐུན་མོང་གི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཞིག་རེད། མ་འོངས་པའི་ལོ་ལྔའི་ནང་། ང་ཚོས་ཐོབ་དཀའ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་འཕེལ་རྒྱས་ཀྱི་གོ་སྐབས་ལ་གཅེས་འཛིན་ལྡབ་འགྱུར་བྱས་ཏེ། དཀའ་ངལ་ལ་ཐད་ཀར་གདོང་གཏོད་པ་དང་། ཧེ་བག་ལ་ལྟ་སྟངས་ཡང་དག་འཛིན་པ། རྒྱུན་མཐུད་འབད་འཐབ་བཅས་བྱས་ནས་ཏང་གི་དར་ཆའི་འོག་བློ་སྟོབས་གཅིག་སྒྲིལ་དང་སེམས་ཤུགས་གཅིག་སྒྲིལ། བདེན་སྲུང་གསར་སྐྲུན་དང་འབད་འབུངས་ཡར་བརྩོན་བཅས་བྱས་ཏེ་བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྟེང་གཅིག་གྱུར་ཡོང་བ་བྱས་ནས། བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་སུ་མདུན་སྐྱོད་བྱེད་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དམ་འཛིན་ནན་མོ་བྱས་ནས་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཏང་གི་འགན་འཁྲི་གཙོ་བོར་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གཞི་རྩའི་བླང་བྱ་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་བྱ་བ་སྣ་ཚོགས་ཁྲོད་ལག་བསྟར་བྱས་ཏེ། མཐོ་སྒང་གི་ཁྱད་ཆོས་དང་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་འཕེལ་རྒྱས་ལམ་བུའི་སྟེང་བསྐྱོད་པ་དང་། ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་གནད་འཁེལ་ངང་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་རང་འགུལ་ངང་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་བྱེད་པ། ནུས་ཤུགས་གཅིག་ཏུ་བསྡུས་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་པ། འཕེལ་རྒྱས་ཀྱི་ཁྱད་སྟོབས་གསར་པ་བསྐྲུན་པ་བཅས་བྱས་ནས། བརྗིད་ཆེའི་འཆར་གཞི་དེ་མི་དམངས་ཀྱིས་ཡིད་སྨོན་བྱེད་པའི་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་གང་ཐུབ་བྱེད་པ་དང་། རང་འགན་གཙང་སྒྲུབ་དང་འགན་འཁྲི་ཡག་པོ་འཁུར་བ་དང་སྙིང་སྟོབས་ཆེར་སྐྱེད་ཀྱིས་སླར་ཡང་འགོ་བརྩམས་ནས། ཧུར་ཐག་གིས“སྔར་ལས་དོ་སྣང་བྱེད་དགོས་པ་དྲུག” ལག་བསྟར་བྱས་ཏེ། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
མགོ་རྩོམ་པ་ནི་ཐོག་མའི་གདོང་མཆོང་དང་མགོ་བརྩམས་པ་ནི་ཐག་གཅོད་དམག་འཐབ་རེད། 2023ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་མགོ་རྩོམ་པའི་ལོ་ཡིན་པས། རེ་བ་དང་འགྲན་སློང་མཉམ་དུ་གནས་ཡོད། ང་ཚོས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློ་དང་བྱ་སྤྱོད་རྣམས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མཚོ་སྔོན་ལ་དགའ་ཞེན་དང་མཚོ་སྔོན་འཛུགས་སྐྲུན། མཚོ་སྔོན་ལ་ལེགས་སྐྱེས་འབུལ་བ་བཅས་བྱེད་པ་དང་། ས་སྲུང་གི་འགན་འཁྲི་ཡོད་པ་དང་འགན་འཁྲི་ཡག་པོ་འཁུར་བ། འབད་འབུངས་ཡར་བརྩོན་བྱེད་པ། ཞུམ་མེད་མདུན་སྐྱོད་བྱེད་པ། སྲིད་གཞུང་བྱ་བའི་སྤྱིའི་བླང་བྱ་ཁོང་དུ་ཡང་དག་ཆུད་པར་བྱེད་པ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ་བློ་ལ་བརྟན་པོར་ངེས་པ། 《སྲིད་གཞུང་བྱ་བའི་སྙན་ཞུའི》ནང་ནན་བཤད་བྱས་པའི་ཕྱོགས་བདུན་ཐད་ཀྱི་བྱ་བར་དམ་འཛིན་ནན་མོ་བཅས་བྱེད་དགོས། ཏན་ཏན་ཏིག་ཏིག་དང་དཀའ་སྤྱད་སྡུག་རུས་ཀྱིས་བྱ་བ་སྒྲུབ་པ་དང་། སྟོང་བསམ་ཁོ་ན་མི་འཛིན་པ་དང་སྟོང་གཏམ་ཁོ་ན་མི་བཤད་པ། དོན་དངོས་ལ་བརྩི་འཇོག ཆོས་ཉིད་དང་མི་འགལ་བ། རྨོངས་ཚོད་ཀྱིས་ལས་སྒྲུབ་མི་བྱེད་པ་བཅས་བྱེད་དགོས། བདེན་འཚོལ་དོན་གཉེར་དང་ཕན་འབྲས་དངོས་ལ་མཐོང་ཆེན། ཕྱི་ཚུལ་གྱི་བཟོ་ལྟ་སྟོན་པ་བཅས་བྱེད་མི་རུང་། ལམ་ཐག་རིང་པོར་བསྐྱོད་ཀྱང་རྒྱུན་བསྲིང་དགོས་ལ། ལས་སྒྲུབ་དཀའ་ཡང་འབད་པས་སྒྲུབ་དགོས། གང་བཤད་དོན་འཁེལ་དང་གང་བྱས་མཐའ་འཁྱོལ་རྒྱུན་འཁྱོངས་བྱེད་དགོས། གཟེར་བརྡབ་སྙིང་སྟོབས་ལ་བརྟེན་ནས་ལས་སྐྲུན་བྱེད་པ་དང་རེ་རེ་བཞིན་ཁ་དན་ཚིག་ལ་གནས་པ་བྱས་ཏེ། ཐབས་བརྒྱ་ཇུས་སྟོང་ངང་བྱ་བ་སྣ་ཚོགས་སྔོན་ལ་ཏན་ཏིག་ངང་དམ་འཛིན་བྱས་ནས། ནུས་ཤུགས་ཡོད་རྒུས་གྲུབ་འབྲས་བཟང་པོ་ཐོབ་ཚེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕན་འབྲས་དངོས་ལ་བརྟེན་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་བསྐྲུན་རྒྱུར་སྐུལ་འདེད་བྱས་ན། རྒྱུགས་ལེན་གྱི་ལམ་བུའི་སྟེང་ཏང་ཀྲུང་དབྱང་དང་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་བློ་ཡིད་ཚིམ་པའི་རྒྱུགས་ཤོག་གསར་པ་ཞིག་འབུལ་ཐུབ།
ཡིག་སྒྱུར་བ། ཤ་བོ་རིན་མཚོ།