--ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།
འཆར་གཞིས་འབད་འཐབ་ཀྱི་གོམ་སྟབས་ལ་སྐུལ་འདེད་བཏང་བ་དང་། དུས་རབས་ཀྱིས་མདུན་སྐྱོད་ཀྱི་དུང་བརྡ་བསྒྲགས། ད་ལོར་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱིས2022ལོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་ལ་ཕྱོགས་བསྡོམས་ཟབ་མོ་བྱས་པ་དང་། མིག་སྔའི་དཔལ་འབྱོར་གྱི་གནས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཤིང་། 2023ལོའི་དཔལ་འབྱོར་བྱ་བའི་ཐད་ལ་བཏོན་པའི་བླང་བྱའི་ཁྲོད། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་ལས་ནན་གྱིས་བསྟན་པ་ལྟར། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་པ་དང་། ཆ་ཚང་བ་དང་། ཡང་དག་པ། ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་། རང་འགུལ་གྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་ཞུ་དང་མཉམ་འདྲེས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་ཆེན་པོས་སྐུལ་འདེད་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་ལས་གཅིག་གྱུར་བཀོད་འདོམས་བྱས་ཤིང་། འཕེལ་རྒྱས་དང་བདེ་འཇགས་ལ་སྔར་ལས་ལྷག་པའི་སྤྱི་འདོམས་བྱས་ལ། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་གཏིང་ཟབ་མོས་ལག་ལེན་དུ་བསྟར་བ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་མུ་མཐུད་དུ་བསྐྲུན་པ། ཐོན་ལས“གནས་བཞི་”འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ། ནང་མཁོ་རྒྱ་སྐྱེད་པའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་དེ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱ་རྒྱུ་དང་ཟུང་འབྲེལ་དམ་པོ་བྱས་ནས་བརྟན་པོའི་ངང་འཕར་བ་དང་། ལས་ཞུགས་བརྟན་པོ་ཡོང་བ། དངོས་གོང་བརྟན་པོ་ཡོང་བའི་བྱ་བ་དམིགས་སུ་བཀར་ནས་བཟང་པོར་སྒྲུབ་ཏེ། ཉེན་ཁ་ཚབས་ཆེན་ཕན་འབྲས་ལྡན་པའི་སྒོ་ནས་སྔོན་འགོག་དང་ཞི་ལྷོད་དུ་གཏོང་བ་དང་། དཔལ་འབྱོར་འཁོར་སྐྱོད་ཕྱོགས་ཡོངས་ནས་ཇེ་བཟང་དུ་འགྲོ་བར་སྐུལ་འདེད་གཏོང་བ། སྤུས་ཚད་ཕན་འབྲས་ལྡན་པའི་སྒོ་ནས་མཐོར་འདེགས་དང་གྲངས་ཀ་ལུགས་མཐུན་གྱིས་འཕར་སྣོན་ཡོང་བ་མངོན་འགྱུར་དང་། ད་ལོའི་དཔལ་འབྱོར་བྱ་བ་བཟང་བོར་བསྒྲུབ་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་ཆེད་འགོ་ཡག་པོ་རྩོམ་པ་དང་གོམ་པ་བཟང་པོ་སྤོ་དགོས།
ཡང་དག་པའི་སྒོ་ནས་གནས་བབ་ངོས་འཛིན་དང་ཁོང་དུ་ཆུད་པར་བྱ་རྒྱུ་ནི་དཔལ་འབྱོར་བྱ་བ་ལེགས་པོར་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་གལ་ཆེན་ཞིག་ཡིན། ཕྱོགས་གཅིག་ནས་ན་ནིང་གི་ལོ་རྒྱུས་ཐོག་མཐོང་དཀོན་པའི་གནམ་གཤིས་ཀྱི་ཤུགས་རྐྱེན་ངན་པ་དང་རྙོག་འཛིང་ཆེ་བའི་རིམས་ནད་ཀྱི་གདོང་གཏུག་མང་པོ་བརྒྱུད་མྱོང་བ་དང་། རང་རེའི་ཞིང་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་སྔོན་དཔག་ལས་འདས་པའི་ཉེན་ཁ་དང་འགྲན་སློང་ཐེག་ཐུབ་པ་བྱུང་ཞིང་། དེང་སྐབས་ཀྱི་དཔལ་འབྱོར་སླར་གསོའི་རྨང་གཞི་ད་དུང་བརྟན་པོ་མིན་པ་རེད། ཕྱོགས་གཞན་ཞིག་ནས་ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་འགོ་ཚུགས་པའི་ལོ་ཡིན་པ་དང་། དེ་ནི་སྐབས་གསར་པའི་སྲིད་གཞུང་གི་འགན་ནུས་སྒྲུབ་པའི་ལོ་དང་པོ་དང་།“ལོ་ལྔའི་འཆར་འགོད་བཅུ་བཞི་བའི”འཆར་འགོད་སྔ་རྗེས་རྒྱུན་མཐུད་བྱེད་པའི་གནད་འགག་གི་ལོ་ཞིག་ཡིན་ཞིང་། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་ལོ་གལ་ཆེན་ཞིག་བཅས་ཡིན་པས། དཔལ་འབྱོར་འཁོར་སྐྱོད་སྤྱི་ཡོངས་ནས་ཇེ་བཟང་དུ་འགྲོ་བར་སྐུལ་འདེད་དང་། སྤུས་ཚད་ཕན་འབྲས་ལྡན་པའི་སྒོ་ནས་མཐོར་འདེགས་དང་གྲངས་ཀ་འོས་འཚམ་གྱིས་འཕར་སྣོན་ཡོང་བ་མངོན་འགྱུར་དང་། ད་ལོའི་དཔལ་འབྱོར་བྱ་བ་བཟང་བོར་བསྒྲུབ་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་ཆེད་འགོ་ཡག་པོ་རྩོམ་པ་དང་གོམ་པ་བཟང་པོ་སྤོ་དགོས་བར་དོན་སྙིང་གལ་ཆེན་དང་འགན་འཁྲི་ཧ་ཅང་ལྕི། དུས་མཚུངས་སུ། རང་རེའི་ཞིང་ཆེན་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་དོ་མཉམ་རང་བཞིན་དང་། མཐུན་སྦྱོར་རང་བཞིན། ཁོང་ཡངས་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་རྒྱུན་མི་ཆད་པར་ཇེ་མཐོར་སོང་བ་དང་། དཔལ་འབྱོར་གྱི་མཉེན་ཤུགས་དང་། སྦས་ཤུགས། གསོན་ཤུགས་བཅས་ཚང་མ་འཛོམས་ཡོད་པས། དཔལ་འབྱོར་འཕར་སྣོན་དེ་བརྟན་པོའི་ངང་མྱུར་མོར་མཐོར་འདེགས་བྱུང་། ང་ཚོས་སེམས་ཁྲལ་གྱི་འདུ་ཤེས་ཆེ་རུ་གཏོང་བ་དང་མཐའ་ཚད་ཀྱི་བསམ་གཞིག་རྒྱུན་འཁྱོངས་བྱེད་དགོས་ལ། འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་འཐབ་ཇུས་ཀྱི་ངེས་ཤུགས་སྲུང་འཛིན་བྱས་ཏེ། དངོས་སྒྲུབ་དང་འབད་འཐབ་ལ་བརྟེན་ནས་དཔལ་འབྱོར་ཕྱོགས་ཡོངས་ནས་སླར་གསོ་དང་སྤུས་ཚད་ཇེ་མཐོ་དང་ཕན་འབྲས་ཇེ་མང་དུ་གཏོང་བར་སྐུལ་འདེད་བཏང་སྟེ། བློ་བརྟན་འགྱུར་མེད་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་དགོས།
ད་ལོའི་དཔལ་འབྱོར་བྱ་བ་ཡག་པོ་སྒྲུབ་པར་ང་ཚོས་བརྟན་པོ་ཡོང་རྒྱུ་གཙོ་བོར་བྱེད་པ་དང་བརྟན་ཐོག་ཡར་འཕེལ་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། འཛད་སྤྱོད་ཀྱི་རྨང་གཞིའི་ནུས་པ་དང་དངུལ་གཏོང་གི་འགག་རྩའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་འཛད་སྤྱོད་སླར་གསོ་དང་རྒྱ་ཆེར་གཏོང་རྒྱུ་དེ་དམིགས་བསལ་གྱི་གནས་བབ་ཐོག་བཞག་ནས་སྲིད་གཞུང་གི་དངུལ་གཏོང་དང་སྲིད་ཇུས་ཀྱི་སྐུལ་འདེད་ལ་བརྟེན་ནས་སྤྱི་ཚོགས་ཡོངས་ཀྱི་དངུལ་གཏོང་ལ་ཕན་འབྲས་ལྡན་པའི་སྐུལ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ནང་མཁོ་ཡིས་དཔལ་འབྱོར་འཕར་སྣོན་གྱི་སྐུལ་ཁྲིད་ནུས་པ་མཐོར་འདེགས་གཏོང་བ་དང་། དཔལ་འབྱོར་འཁོར་སྐྱོད་དེ་ལུགས་མཐུན་གྱི་བར་དུ་སྲུང་འཛིན་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོ་འདི་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས་འཐུས་སྒོ་ཚང་བ་དང་། ཡང་དག་པ། ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་ཀྱི་ཤུགས་རྒྱག་ས་དེ་དངོས་ཕུང་དཔལ་འབྱོར་ཐོག་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཚན་རྩལ་གསར་སྐྲུན་གྱི་ཆུ་ཚད་ཤུགས་ཆེན་པོས་མཐོ་རུ་གཏོང་བ་དང་། གསར་དར་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་ཤུགས་ཇེ་མགྱོགས་སུ་གཏོང་བ། སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་ཀྱི་རིམ་སྤོར་དམ་འཛིན་ནན་མོ་བྱེད་པ། རྨང་གཞི་འདིང་བ་དང་། ཞན་ཆ་གསབ་པ། ཁྱད་སྟོབས་ཇེ་དྲག་ཏུ་གཏོང་བའི་ཁྲོད་ཐོན་ལས་མ་ལག་རིམ་སྤོར་བྱེད་པ་བརྟན་པོའི་ངང་འཕེལ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་དཔལ་འབྱོར་རྒྱུན་མཐུད་སྒོས་སྤུས་ཚད་ཇེ་མཐོར་གཏོང་བ་དང་ཕན་འབྲས་ཇེ་ཆེར་གཏོང་བ་མངོན་འགྱུར་བྱེད་དགོས། “བཅོས་སྒྱུར་སྒོ་འབྱེད”ཀྱི་གནད་འགག་གི་བྱེད་ཐབས་ཡག་པོ་སྤྱད་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་འདོན་སྤེལ་བྱེད་པ་དང་།“གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”དོན་འཁྱོལ་ནན་མོ་བྱེད་པ་དང་།“ལྷོད་དོམ་ཞབས”གསུམ་གྱི་བཅོས་སྒྱུར་མུ་མཐུད་གཏིང་ཟབ་ཏུ་གཏོང་བ། ཤུགས་སྔར་ལས་ཆེན་པོས་ནང་འདྲེན་དང་ཕྱི་ཕྱོགས་མ་དངུལ་ནང་འདྲེན་བྱས་ནས་དཔལ་འབྱོར་འཕར་སྣོན་གྱི་སྦས་ཤུགས་དང་སྔོག་འདོན་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བར་བྱེད་དགོས། གནད་ལ་འཁེལ་བ་དང་ནུས་ལྡན་གྱི་སྒོ་ནས་དཔལ་འབྱོར་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་ཟོན་དང་སེལ་ཐབས་བྱེད་པ་དང་། བདེ་འཇགས་ཡིན་པའི་འཕེལ་རྒྱས་ཀྱི་སྔོན་འགྲོའི་ཆ་རྐྱེན་སྲུང་དགོས།
འཕེལ་རྒྱས་ནི་སྔར་བཞིན་མཚོ་སྔོན་གྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་རྨང་གཞི་དང་འགག་རྩ་ཡིན། ང་ཚོས་བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཏང་ཀྲུང་དབྱང་གི་འབྲེལ་ཡོད་དཔལ་འབྱོར་བྱ་བའི་ཐབས་ཇུས་དང་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པར་དེང་སྐབས་ཀྱི་བྱ་བ་བཟང་བོར་སྒྲུབ་དགོས་པར་མ་ཟད། རྗེས་ཕྱོགས་འཕེལ་རྒྱས་ཀྱི་འབྲེལ་མཐུད་བྱ་བའང་ཡག་པོར་བསྒྲུབ་དགོས་ལ། དཔལ་འབྱོར་འཁོར་སྐྱོད་སྤྱི་ཡོངས་ནས་ཇེ་བཟང་དུ་འགྲོ་བར་སྐུལ་འདེད་བཏང་སྟེ། སྤུས་ཚད་ཕན་འབྲས་ལྡན་པའི་སྒོ་ནས་མཐོར་འདེགས་དང་གྲངས་ཀ་ལུགས་མཐུན་གྱིས་འཕར་སྣོན་ཡོང་བ་མངོན་འགྱུར་བྱེད་དགོས་པ་དང་། ཡིད་ཆེས་ཇེ་བརྟན་དུ་བཏང་ནས་འཕེལ་རྒྱས་དོན་གཉེར་བྱེད་པ། དངོས་སྒྲུབ་ལ་བརྟེན་ནས་མགོ་གསར་པ་འཛུགས་པ་བཅས་བྱས་ཏེ། འབད་འཐབ་ལ་བརྟེན་ནས་ལེའུ་གསར་པ་ཞིག་རྩོམ་དགོས།
ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།