སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་འགན་འཁྲི་གསར་པ་ཕྲག་ཏུ་ལེན་པའི་ལས་འགན་ཨང་དང་པོར་འཇོག་དགོས།
2023.02.01 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 7

 ཞིང་ཆེན་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལས་འགན་ཨང་དང་པོ་ཡིན། དངོས་པོ་དང་ལག་རྩལ་གྱི་རྨང་གཞི་བརྟན་པོ་ཞིག་མེད་ན། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་མི་ཐུབ། ཞིང་ཆེན་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་འགན་འཁྲི་གསར་པ་ཕྲག་ཏུ་ལེན་པའི་ལས་འགན་ཨང་དང་པོར་བརྩིས་ནས།  བློ་བརྟན་འགྱུར་མེད་སྒོས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། ཐོན་ལས་ཀྱི་གནས་གཞི་འཛུགས་སྐྲུན་བྱེད་པ། མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་ཏན་ཏིག་གཏོང་བ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་བྱས་རྗེས་གསར་པ་ཧུར་ཐག་གིས་བསྐྲུན་པ་བཅས་བྱེད་དགོས།

འདས་ཟིན་པའི་ལོ་ལྔ་ནི་མཚོ་སྔོན་གྱི་འཕེལ་རྒྱས་སྤུས་ཚད་དང་ཕན་འབྲས་མངོན་གསལ་སྒོས་ཇེ་མཐོར་ཕྱིན་པ་དང་།  སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ། ཐོན་ལས་ཀྱི“གནས་གཞི”འཛུགས་སྐྲུན་བརྟན་པོའི་ངང་འགོ་ཚུགས་པ།  བཅོས་སྒྱུར་སྒོ་འབྱེད་དང་གསར་སྐྲུན་གྱི་གསོན་ཤུགས་འཕེལ་བ། རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བ་ཆེས་ཆེར་ཇེ་ལེགས་སུ་ཕྱིན་པ། སྤྱི་ཚོགས་བཅོས་སྐྱོང་ནུས་པ་ཕྱོགས་ཡོངས་ནས་ཇེ་མཐོར་སོང་བ་བཅས་ཀྱི་ལོ་ལྔ་ཡིན། ལོ་ལྔའི་རིང་གི་འཕེལ་རྒྱས་གྲུབ་འབྲས་ཀྱིས་ཞིང་ཆེན་ཡོངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་གཏོང་བར་ཉམས་མྱོང་བསགས་པ་དང་།  རྨང་གཞི་བཏིང་བ།  བར་སྟོང་གསར་གཏོད་བཅས་བྱས་ཡོད། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་ལག་ལེན་ཁྲོད། ང་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་དོ་སྣང་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་དོན་འཁྱོལ་གནད་འཁེལ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་ཁྲོད་རང་འགུལ་ངང་ཞུགས་གང་ཐུབ་དང་ཞབས་འདེགས་ཞུ་བ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་གཙོ་རྐང་དུ་འཛིན་པ། བྱེད་སྟངས་སྒྱུར་བ་དང་། གྲུབ་ཚུལ་ལེགས་སྒྲིག སྒུལ་ཤུགས་ཆེ་རུ་གཏོང་བ་བཅས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ།   ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་གཙོ་གནད་དུ་འཛིན་པ། དེང་རབས་ཀྱི་ཐོན་ལས་མ་ལག་འཛུགས་པར་ཤུགས་སྣོན་རྒྱག་པ། ཐོན་ལས་སྐྱེ་ཁམས་ཅན་དང་སྐྱེ་ཁམས་ཐོན་ལས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། སྤུས་ཚད་མཐོན་པོས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ནང་མཁོ་རྒྱ་སྐྱེད་པའི་འཐབ་ཇུས་ལ་སྔར་ལས་མཉམ་འདྲེས་དང་ཞབས་ཞུ་ཡག་པོ་བྱས་ཏེ། ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་གི་དེང་རབས་ཐོན་ལས་མ་ལག་བསྐྲུན་ནས་ཚན་རྩལ་གསར་སྐྲུན་གྱི་འཐབ་ཇུས་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་དགོས། ནང་མཁོ་རྒྱ་བསྐྱེད་པའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་དེ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱ་རྒྱུ་དང་ཟུང་འབྲེལ་དམ་པོ་བྱས་ཏེ། ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་ཁྲོད་དང་དམིགས་འབེན་ལས་འགན་དོན་འཁྱོལ་བྱེད་པའི་བརྒྱུད་རིམ་ཁྲོད་ཐོན་ལས་ཀྱི་འགྲན་རྩོད་ལེགས་ཆ་གསར་པ་བཏོད་དེ། རྨང་གཞི་འདིང་བ་དང་། ཕུགས་ལ་ཕན་པ། ཞན་ཆ་གསབ་པ། གྲུབ་ཆ་ལེགས་སྒྲིག་བྱེད་པ་བཅས་ཀྱི་ཐད་མ་དངུལ་གཏོང་ཤུགས་ཇེ་དྲག་ཏུ་བཏང་སྟེ། མ་ལག་ཆ་ཚང་བ་དང་། ཕན་འབྲས་ཆེ་བ། སྤྱོད་གོ་ཆོད་པ། རིག་ནུས་ལྗང་མདོག བདེ་འཇགས་བློས་འཁེལ་བཅས་ཀྱི་དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་བསྐྲུན་པ་དང་། ཆུ་ཚད་སྔར་ལས་མཐོ་བའི་མཁོ་སྤྲོད་འཁོར་རྒྱུག་བཟང་པོ་དང་འགུལ་རྣམ་དོ་སྙོམས་ཡོང་བར་བྱེད་དགོས།

སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར། བློ་བརྟན་འགྱུར་མེད་སྒོས་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་གཏོང་བ་དང་། ནང་གནས་ཀྱི་སྒུལ་ཤུགས་འཕེལ་བར་བྱེད་པ། འཕེལ་རྒྱས་ཀྱི་བར་སྟོང་རྒྱ་སྐྱེད་པ། འགག་རྩའི་ཁྱབ་ཁོངས་ཀྱི་བཅོས་སྒྱུར་བྱེད་ཐབས་ཁག་ཅིག་འཐུས་ཚང་དུ་གཏོང་བ། ནང་ཕྱོགས་དང་ཕྱི་ཕྱོགས་སུ་སྒོ་འབྱེད་པར་སྐུལ་འདེད་གཏོང་བ། ཁྲོམ་རའི་གསོན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་འཕེལ་རྒྱས་ཀྱི་སྦས་ཤུགས་འདོན་སྤེལ་བྱེད་པ། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”དང་། གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཕྱི་ཕྱོགས་སུ་སྒོ་འབྱེད་པའི་ལེགས་ཆ་གསར་པ་ཧུར་ཐག་གི་གཏོད་པ་བཅས་བྱེད་དགོས།   གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཀྱི་སྤྱིའི་ཕན་ནུས་ནུས་ལྡན་ངང་ཆེ་རུ་གཏོང་བ། ཞིང་ཆེན་ཡོངས་མིག་མངས་འགྲིག་སྐོར་གཅིག་ལྟ་བུ་རྒྱུན་འཁྱོངས་བྱེད་པ།  སྤྱི་འདོམས་མཐུན་སྦྱོར་འཕེལ་རྒྱས་ཀྱི་སྒྲིག་སྲོལ་རྐྱེན་སྲོལ་དང་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་དང་ས་ཁོངས་མཐུན་སྦྱོར་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། མི་ལྟེ་བར་བྱེད་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་སྐུལ་འདེད་ཏན་ཏིག་གཏོང་བ། ས་ཁོངས་འཕེལ་རྒྱས་ཀྱི་འཕར་ཚད་གསར་པ་ཧུར་ཐག་གིས་སྐྱེད་སྲིང་བྱེད་དགོས། སྲོལ་རྒྱུན་ཐོན་ལས་ཀྱི་སྒྱུར་བཀོད་རིམ་སྤོར་ལ་སྐུལ་འདེད་བཏང་སྟེ།  དཔལ་འབྱོར་གྲུབ་ཆ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ་དང་། དངོས་ཚན་དཔལ་འབྱོར་མུ་མཐུད་དུ་སྟོབས་ཆེར་གཏོང་བ།  སྐྱེ་ཁམས་དཔལ་འབྱོར་དང་གྲངས་གཞིའི་དཔལ་འབྱོར་འཕེལ་རྒྱས་གཏོང་བ། རིག་གནས་དང་ཡུལ་སྐོར་དཔལ་འབྱོར་འཕེལ་རྒྱས་གཏོང་བ་བཅས་བྱས་ནས། དཔལ་འབྱོར་འཕེལ་རྒྱས་ཀྱི་གཞི་ཁྱོན་དང་། སྤུས་ཚད། ཕན་འབྲས། གཏིང་ཤུགས་བཅས་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་སྟེ།  རིམ་བཞིན་བརྟན་བརླིང་ངང་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་གསར་གཏོད་བྱེད་དགོས།

2023ལོ་ནི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ལོ་གལ་ཆེན་ཞིག་ཡིན་པས། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་ཕྱོགས་ཡོངས་ནས་སློབ་སྦྱོང་དང་དྲིལ་བསྒྲགས། དོན་འཁྱོལ་བཅས་བྱེད་པ་དང་།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་ལྟར།  དམངས་ལ་བཅངས་པའི་ལྷད་མེད་ཀྱི་བརྩེ་སེམས་དང་། སྲ་ཞིང་བརྟན་པའི་ཡིད་ཆེས། དངོས་འཛིན་དངོས་སྒྲུབ་ཀྱི་ངར་ཤུགས། འབད་འབུངས་ཡར་བརྩོན་གྱི་ངར་སེམས་བཅས་ལ་བརྟེན་ནས།  དཔལ་འབྱོར་འཁོར་སྐྱོད་ཕྱོགས་ཡོངས་ནས་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། སྤུས་ཚད་ནུས་ལྡན་སྒོས་མཐོར་འདེགས་དང་གྲངས་ཀ་ལུགས་མཐུན་སྒོས་འཕར་སྣོན་འབྱུང་བར་བརྩོན་ལེན་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པར་བྱེད་དགོས།

ཡིག་སྒྱུར་བ།སྒྲོལ་མ་སྐྱིད།