དྲི་བ་སོ་གཅིག ཐོན་དབང་སྲུང་སྐྱོབ་དང་། ཁྲོམ་རར་འཇུག་འཁྲོལ། དྲང་གཞག་འགྲན་རྩོད། སྤྱི་ཚོགས་ཡིད་རྟོན་སོགས་ཁྲོམ་རའི་དཔལ་འབྱོར་གྱི་རྨང་གཞིའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་དོན་ཅི་ཡིན།
2023.02.06 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 18

 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་“ཐོན་དབང་སྲུང་སྐྱོབ་དང་།  །  ཁྲོམ་རར་འཇུག་འཁྲོལ།  དྲང་གཞག་འགྲན་རྩོད། སྤྱི་ཚོགས་ཡིད་རྟོན་སོགས་ཁྲོམ་རའི་དཔལ་འབྱོར་གྱི་རྨང་གཞིའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས”ཞེས་བསྟན་ཡོད། ཐོན་དབང་སྲུང་སྐྱོབ་དང་། ཁྲོམ་རར་འཇུག་འཁྲོལ། དྲང་གཞག་འགྲན་རྩོད། སྤྱི་ཚོགས་ཡིད་རྟོན་སོགས་ནི་སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་གྱི་རྨང་གཞིའི་ལམ་ལུགས་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་ཕན་ནུས་ལྡན་པའི་སྒོ་ནས་འཁོར་སྐྱོད་བྱེད་པའི་གཞི་རྩའི་འགན་སྲུང་ཡིན། ཁྲོམ་རའི་དཔལ་འབྱོར་གྱི་རྨང་གཞིའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་ན། ད་གཟོད་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་དང་སྲིད་གཞུང་གི་ནུས་པ་འདོན་སྤེལ་སྔར་ལས་ལེགས་པོ་བྱེད་པར་འགན་ལེན་ཏན་ཏིག་བྱེད་ཐུབ།

དང་པོ། ཁྲོམ་རའི་དཔལ་འབྱོར་གྱི་རྨང་གཞིའི་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་ནུས་ལྡན་ངང་འཁོར་སྐྱོད་བྱེད་པའི་གཞི་རྩའི་འགན་སྲུང་ཡིན། ཐོན་དབང་ལམ་ལུགས་ནི་ཁྲོམ་རའི་དཔལ་འབྱོར་གྱི་རྨང་རྡོ་ལྟ་བུ་ཡིན། ཁྲོམ་རའི་དཔལ་འབྱོར་གྱི་ཆ་རྐྱེན་འོག ཁྲོམ་རའི་བྱེད་པོའི་རྒྱུ་ནོར་ཁེ་དབང་གི་དབྱེ་མཚམས་གསལ་པོར་ཕྱེ་ནས།  ལམ་ལུགས་ལ་བརྟེན་ནས་བྱེད་པོས་བྱ་ཡུལ་ལ་འཛིན་པའི་ཁྲིམས་བཀོད་ཡིན་ལ་གཞན་འབུད་ཆེད་གཏོགས་ཀྱི་བདག་དབང་དང་།  བདག་བཟུང་དབང་ཆ། བེད་སྤྱོད་བྱེད་དབང་། ཕན་ཁེ་ཐོབ་དབང་། ཐག་གཅོད་བྱེད་དབང་སོགས་ཀྱི་ཁེ་དབང་འགན་སྲུང་བྱས་ན།  ད་གཟོད་དཔལ་འབྱོར་བྱེད་སྒོའི་ངེས་གཏན་མེད་པའི་རང་བཞིན་ཇེ་ཉུང་དུ་བཏང་སྟེ། ཁྲོམ་ར་བརྟན་བརླིང་ཡོང་བའི་སྔོན་དཔག་བྱེད་ཐུབ།  སྒོ་འབྱེད་དང་མངོན་གསལ་གྱི་ཁྲོམ་རར་འཇུག་འཁྲོལ་ལམ་ལུགས་དང་། དྲང་གཞག་འགྲན་རྩོད་ལམ་ལུགས། སྤྱི་ཚོགས་ཡིད་རྟོན་ལམ་ལུགས་བཅས་ལག་བསྟར་བྱས་ནས། ཐོན་ཁུངས་བཀོད་སྒྲིག་ལེགས་བཅོས་དང་ཁེ་ལས་ཀྱི་བཟང་བསྐྱུར་ཞན་འདོར་མངོན་འགྱུར་བྱས་ན།  ད་གཟོད་ཁྲོམ་རའི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་ཐུབ།

གཉིས་པ། ཁྲོམ་རའི་དཔལ་འབྱོར་གྱི་རྨང་གཞིའི་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ་ནི་ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་པའི་ནང་གནས་བླང་བྱ་ཡིན། རང་རྒྱལ་གྱིས་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ40ལྷག་གི་རིང་ཁྲོམ་ར་ཅན་གྱི་བཅོས་སྒྱུར་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ཁྲོམ་རའི་དཔལ་འབྱོར་གྱི་རྨང་གཞིའི་ལམ་ལུགས་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བྱས་ནས། སྤྱི་ཚོགས་ཀྱིས་ཚད་མཐོའི་དོ་ཁུར་བྱེད་པའི་ཐོན་དབང་དང་འབྲེལ་བའི་གྱོད་གཞི་ཁག་གཅིག་ལ་བསྐྱར་ཞིབ་བྱས་བ་དང་། ཐོན་དབང་དང་འབྲེལ་བའི་ཁྲིམས་སྲོལ་ཡིག་ཆ་གཙང་བཤེར་བྱས་ཤིང་།  རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་རར་འཇུག་འཁྲོལ་བཀག་རྒྱའི་རྩིས་ཐོའི་ལམ་ལུགས་བཙུགས་པར་མ་ཟད་ཕན་ནུས་ལྡན་པའི་སྒོ་ནས་ལག་བསྟར་བྱས་པ། ཁྲོམ་ར་གཅིག་གྱུར་དང་དྲང་གཞག་འགྲན་རྩོད་ལ་འགོག་རྐྱེན་བཟོ་བའི་སྲིད་ཇུས་དང་བྱེད་ཐབས་རྒྱུན་མཐུད་སྒོས་གཙང་བཤེར་བྱས་པ།  ཁ་དན་ཚིག་གནས་ལ་མཉམ་དུ་སྐུལ་མ་གཏོང་བ་དང་ཁ་དན་ཚིག་ལ་མ་གནས་པར་མཉམ་དུ་ཆད་གཅོད་བསླབ་འདོམས་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ཡོད།  འོན་ཀྱང་ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་གྱི་བླང་བྱ་དང་བསྡུར་ན། ཐོན་དབང་སྲུང་སྐྱོབ་ལམ་ལུགས་མུ་མཐུད་དུ་འཐུས་ཚང་དུ་གཏོང་དགོས་པ་དང་། ཁྲོམ་རར་འཇུག་འཁྲོལ་ལ་སྔར་བཞིན་མངོན་མེད་ཀྱི་བཀག་རྒྱ་གནས་པ་དང་།  དྲང་གཞག་འགྲན་རྩོད་ལ་ཞིབ་བཤེར་བྱ་རྒྱུ་མི་འདང་བ། སྒེར་སྡེམ་ལ་ངོ་རྒོལ་དང་ཚུལ་མིན་གྱི་འགྲན་རྩོད་ལ་ངོ་རྒོལ་བྱེད་པའི་ཁྲིམས་བསྟར་ཁྲིམས་འཛིན་ལ་སྔར་བཞིན་ཤུགས་སྣོན་རྒྱག་དགོས་པ། སྤྱི་ཚོགས་ཀྱི་ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་དང་། ལྟ་སྐུལ་དོ་དམ། ཞབས་ཞུའི་ཆུ་ཚད་བཅས་མཐོ་རུ་གཏོང་དགོས་པ་བཅས་རེད།

གསུམ་པ། ཁྲོམ་རའི་དཔལ་འབྱོར་གྱི་རྨང་གཞིའི་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ་ནི་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་དང་། སྲིད་གཞུང་གི་ནུས་པ་འདོན་སྤེལ་སྔར་ལས་ལེགས་པོ་བྱེད་པར་འགན་ལེན་ཏན་ཏིག་བྱེད་པའི་དགོས་ངེས་ཀྱི་སྔོན་འགྲོའི་ཆ་རྐྱེན་ཡིན། གཅིག་ནས་དྲང་གཞག་རྩ་དོན་དུ་འཛིན་པའི་ཐོན་དབང་སྲུང་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། གཏོགས་ཁོངས་ཁ་གསལ་དང་།  འགན་དབང་ཁ་གསལ། སྲུང་སྐྱོབ་ནན་མོ། འཁོར་རྒྱུག་བདེ་བླག་བཅས་ཀྱི་དེང་རབས་ཐོན་དབང་ལམ་ལུགས་འཛུགས་དགོས། དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་ཐོན་དབང་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། ཤེས་བྱའི་ཐོན་དབང་དང་གཞི་གྲངས་སྣ་ཚོགས་སོགས་ཀྱི་ཐོན་དབང་སྲུང་སྐྱོབ་ལམ་ལུགས་གསར་པ་འཛུགས་པ། སྡོད་དམངས་ཀྱི་རྒྱུ་ནོར་བདག་དབང་སྲུང་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཐོན་དབང་འདྲ་མཉམ་ངང་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། གཉིས་ནས་རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་རར་འཇུག་འཁྲོལ་བཀག་རྒྱ་གསལ་ཐོའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།  གཙོ་གནད་ནི“གཅིག་ཅན་བཞི”མངོན་འགྱུར་བྱེད་དགོས་པ་སྟེ། “ རྩིས་ཐོ་གཅིག་གི་ཐོག་ཏུ་ཚང་མ་གསལ་བོར་འགོད་དགོས་པ་དང་རྩིས་ཐོ་གཅིག་ཕན་ཆད་ནས་རྩིས་ཐོ་གཞན་པ་ཡོད་མི་ཆོག་པ”བྱེད་དགོས།   ཁྲོམ་རར་འཇུག་འཁྲོལ་གྱི“རྒྱལ་ཡོངས་རྩིས་ཐོ་གཅིག”གི་དོ་དམ་བྱེད་སྟངས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ།   རྩིས་ཐོ་གཅིག་གི་ཐོག་ཏུ་ཚང་མ་གསལ་བོར་འགོད་དགོས་པའི་རྩ་དོན་གཞིར་བཟུང་སྟེ་བླང་བྱ་ལྟར་སྒྲིག་བཟོ་བྱས་པའི་རྒྱལ་ཡོངས་རིམ་པའི་ཆོག་འཐུས་རིགས་ཀྱི་རྩིས་ཐོའི་དཀར་ཆག་ཚང་མ་རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་རར་འཇུག་འཁྲོལ་བཀག་རྒྱའི་རྩིས་ཐོའི་ནང་འཇུག་པ་དང་། སྒྲིག་སྲོལ་དང་འགལ་ནས་བཙུགས་པའི་འཇུག་འཁྲོལ་ཆོག་འཐུས་དང་། མངོན་མེད་འཇུག་འཁྲོལ་གྱི་ཚད་གཞི་དང་ས་གནས་རང་གིས་གཏན་འབེབས་བྱས་པའི་འཇུག་འཁྲོལ་རིགས་ཀྱི་བཀག་རྒྱའི་རྩིས་ཐོ་བཅས་མཐའ་གཅིག་ཏུ་གཙང་བཤེར་དང་མེད་པར་བཟོ་དགོས།   “ལོ་གཅིག་ལ་བཟོ་བཅོས་ཐེངས་གཅིག་དང་འགུལ་རྣམ་ལེགས་སྒྲིག”བྱེད་དགོས། དུས་ཐོག་ཏུ་ལེགས་སྒྲིག་དང་འགུལ་རྣམ་ལེགས་སྒྲིག་ཟུང་དུ་སྦྲེལ་བའི་ལས་སྒྲུབ་རྐྱེན་སྲོལ་འཛུགས་དགོས།  “བལྟས་པ་ཙམ་གྱིས་རྟོགས་ཐུབ་པ་དང་།  དྲ་བ་གཅིག་ནས་ཚང་མ་སྒྲུབ་པ”བཅས་བྱེད་དགོས།  རྒྱལ་ཡོངས་གཞི་གཅིག་ཅན་གྱི་དྲ་ཐོག་སྲིད་དོན་ཞབས་ཞུའི་ལས་སྟེགས་ལ་བརྟེན་ནས། ཁྲོམ་རར་འཇུག་འཁྲོལ་བཀག་རྒྱའི་རྩིས་ཐོའི་ཆ་འཕྲིན་ཡོངས་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་དགོས།  “གྱོད་གཞི་གཅིག་ལ་ཞིབ་བཤེར་ཐེངས་རེ་དང་ཕྱོད་ནུས་དཔྱད་དཔོག་བྱེད་དགོས།” རྩིས་ཐོར་འགལ་བའི་དཔེ་མཚོན་གྱོད་དཔེ་ཕྱོགས་བསྡུས་བརྡ་ཁྱབ་གཏོང་བའི་ལམ་ལུགས་འཛུགས་པ་དང་། ཁྲོམ་རར་འཇུག་འཁྲོལ་གྱི་ཕྱོད་ནུས་དཔྱད་དཔོག་བྱེད་དགོས། གསུམ་ནས་མངོན་གསལ་དང་ཚད་ལྡན་གྱི་དྲང་གཞག་འགྲན་རྩོད་ཀྱི་ཞིབ་བཤེར་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། དྲང་གཞག་འགྲན་རྩོད་ཀྱི་ཞིབ་བཤེར་ལམ་ལུགས་ཀྱི་འགྱུར་མེད་རང་བཞིན་ཤུགས་ཆེར་གཏོང་བ་དང་། འཕར་ཚད་ཞིབ་བཤེར་དང་བསགས་འབོར་གཙང་བཤེར་ལ་གཅིག་གྱུར་འཆར་འགོད་བྱེད་པ།  དྲང་གཞག་འགྲན་རྩོད་ཀྱི་ཞིབ་བཤེར་ཟུར་བཤེར་དང་། དཔྱད་ཞིབ། ཡོངས་བསྒྲགས་བཅས་ཀྱི་ལམ་ལུགས་འཛུགས་པ།  ཕྱོགས་གསུམ་པའི་ཞིབ་བཤེར་དང་དཔྱད་དཔོག་རྐྱེན་སྲོལ་འཛུགས་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། སྒེར་སྡེམ་ལ་ངོ་རྒོལ་བྱེད་པའི་བརྟག་དཔྱད་དང་ཞིབ་བཤེར་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། འགྲན་རྩོད་ཁྲིམས་བསྟར་དང་སྤྱི་ཁོག་དཔལ་འབྱོར་སྡེ་ཁག་དང་། སྤྱི་བདེ། འགག་སྒོ། ཁྲལ་དོན་སོགས་སྡེ་ཁག་གིས་ཁྲིམས་བསྟར་མཉམ་འགུལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། སྲིད་འཛིན་ས་ཁོངས་ལས་བརྒལ་བའི་སྒེར་སྡེམ་ལ་ངོ་རྒོལ་དང་ཚུལ་མིན་གྱི་འགྲན་རྩོད་ལ་ངོ་རྒོལ་བྱེད་པའི་གྱོད་གཞི་སྤོ་སྐྱེལ་དང་། ཁྲིམས་བསྟར་རམ་འདེགས། མཉམ་འབྲེལ་ཁྲིམས་བསྟར་བཅས་ཀྱི་རྐྱེན་སྲོལ་འཛུགས་དགོས། འགྲན་རྩོད་ཀྱི་སྲིད་ཇུས་དང་དཔལ་འབྱོར་གྱི་སྲིད་ཇུས་གཞན་དག་མཐུན་སྦྱོར་བྱེད་པའི་རྐྱེན་སྲོལ་འཛུགས་དགོས། འགྲན་རྩོད་སྒྲིག་སྲོལ་ཁྱབ་ཁོངས་ཀྱི་ལམ་ལུགས་ཅན་གྱི་སྒོ་འབྱེད་ལ་སྐུལ་འདེད་དང་། གོ་ལ་ཧྲིལ་པོའི་ལས་སྟེགས་ཀྱི་དཔལ་འབྱོར་ལྟ་སྐུལ་དོ་དམ་དང་བཅོས་སྐྱོང་མཉམ་ལས་ལ་སྐུལ་འདེད། གཞི་གྲངས་རྒྱལ་ཁོངས་ལས་བརྒལ་བའི་འཁོར་སྐྱོད་བཅོས་སྐྱོང་དང་གཞི་གྲངས་ཀྱི་གསང་དོན་སྲུང་སྐྱོབ་སོགས་ཀྱི་སྒྲིག་སྲོལ་འབྲེལ་མཐུད་ལ་ཤུགས་སྣོན། རྒྱལ་ཁོངས་ལས་བརྒལ་བའི་སྒེར་སྡེམ་ལ་ངོ་རྒོལ་བྱེད་པའི་གྱོད་གཞིའི་ཆ་འཕྲིན་མཉམ་སྤྱོད་དང་ཁྲིམས་བསྟར་མཉམ་ལས་ལ་ཤུགས་སྣོན་བཅས་བྱེད་དགོས། བཞི་ནས་མཐུན་འཕྲོད་ཀྱི་སྤྱི་ཚོགས་ཀྱི་ཡིད་རྟོན་ལམ་ལུགས་ལ་སྐུལ་ལྕག་དང་འཐུས་ཚང་དུ་གཏོང་དགོས། ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཡིད་རྟོན་ཆ་འཕྲིན་གྱི་སྒོ་འབྱེད་རྒྱ་སྐྱེད་པ། རྒྱལ་སྤྱིའི་ཐོག་འགྲན་རྩོད་ནུས་པ་ལྡན་པའི་ཡིད་རྟོན་རིམ་པ་དཔྱད་བསྡུར་སྒྲིག་གཞི་གསོ་སྐྱོང་བྱེད་པ། ཡིད་རྟོན་ཁས་ལེན་ལམ་ལུགས་དང་ཤེས་སུ་འཇུག་པའི་ཁས་ལེན་ལམ་ལུགས་སྔར་ལས་ཁྱབ་སྤེལ་བྱེད་པ། བདེ་འཇགས་ཐོན་སྐྱེད་དང་། ཟས་རིགས་སྨན་རྫས། སློབ་གསོ་གསོ་སྦྱོང་། འཕྲོད་བསྟེན་བདེ་ཐང་། རྒན་གསོ་བུ་བཅོལ་སོགས་མང་ཚོགས་དང་འབྲེལ་བ་དམ་ཟབ་ཡོད་པའི་ཁྱབ་ཁོངས་ཀྱི་ཡིད་རྟོན་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་བྱེད་དགོས།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།