དྲི་བ་སོ་བདུན། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དཀའ་ཚེགས་ཆེ་ཤོས་དང་ལྗིད་རྫོབ་ཆེ་ཤོས་ཀྱི་ལས་འགན་དེ་སྔར་བཞིན་ཞིང་སྡེར་གནས་ཡོད་ཅེས་ཟེར་དགོས་དོན་ཅི་ཡིན།
2023.02.13 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 21

 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་བསྟན་དོན།“ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དཀའ་ཚེགས་ཆེ་ཤོས་དང་ལྗིད་རྫོབ་ཆེ་ཤོས་ཀྱི་ལས་འགན་དེ་སྔར་བཞིན་ཞིང་སྡེར་གནས་ཡོད།” འདི་ནི་དུས་རབས་གསར་པའི“ཞིང་གསུམ”གྱི་གནས་བབ་ལ་ངོས་འཛིན་གསལ་པོ་གནང་བ་ཞིག་ཡིན་ལ། ཏང་ཡོངས་ལ་བསླབ་བྱ་གནང་བ་ཞིག་ཀྱང་ཡིན་པས། བཟོ་ལས་ཅན་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་དེ་ཚད་ག་འདྲ་ཞིག་ཏུ་སླེབས་ཀྱང་རུང་། “ཞིང་གསུམ”གྱི་རྨང་གཞིའི་གོ་གནས་འགྱུར་མི་སྲིད་ལ།   ཚང་མས་ཐོག་མཐའ་བར་གསུམ་དུ“ཞིང་གསུམ”གྱི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་བྱ་བའི་གལ་ཆེན་ནང་གི་འགངས་ཆེན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་དགོས།

ཞིང་ལས་དང་ཞིང་སྡེའི་དེང་རབས་ཅན་མེད་ན། རྒྱལ་ཁབ་ཧྲིལ་པོ་དེང་རབས་ཅན་དུ་འགྱུར་མི་ཐུབ། དེང་རབས་ཅན་དུ་འགྱུར་བའི་འཕེལ་རིམ་ཁྲོད་བཟོ་ཞིང་བར་གྱི་འབྲེལ་བ་དང་། གྲོང་ཁྱེར་དང་གྲོང་གསེབ་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་ཇི་ལྟར་བྱ་རྒྱུ་དེས་ཚད་ངེས་ཅན་ཞིག་གི་ཐོག་ནས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཕམ་ཐག་གཅོད་བྱེད་ཀྱིན་ཡོད།  འཛམ་གླིང་རྒྱལ་ཁབ་ཁག་གི་དེང་རབས་ཅན་གྱི་ལོ་རྒྱུས་ཐོག་ནས་བལྟས་ན།  རྒྱལ་ཁབ་འགའ་ཞིག་གིས་བཟོ་ཞིང་བར་གྱི་འབྲེལ་བ་དང་གྲོང་ཁྱེར་དང་གྲོང་གསེབ་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་མེད་པ་དང་།  ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་འགྲོ་ཚད་དལ་བ། ལས་ཤོར་ཞིང་པ་འབོར་ཆེན་ཞིག་གྲོང་ཁྱེར་གྱི་དབུལ་པོའི་གནས་སུ་གྱར་བ། གྲོང་གསེབ་དང་གྲོང་གསེབ་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བ། བཟོ་ལས་ཅན་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་དཀའ་ངལ་གྱི་གནས་སུ་གྱར་བ། ཐ་ན་སྤྱི་ཚོགས་ཀྱི་ཟིང་ཆ་བཟོས་པ་བཅས་རེད། ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་རྒྱ་ཆེའི་ཞིང་པར་བདེ་སྐྱིད་བསྐྲུན་རྒྱུ་དེ་རང་ཉིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། གསར་བརྗེ་དང་། འཛུགས་སྐྲུན། བཅོས་སྒྱུར་བཅས་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་སོ་སོར་བཟོ་ཞིང་བར་གྱི་འབྲེལ་བ་དང་གྲོང་ཁྱེར་དང་གྲོང་གསེབ་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱ་རྒྱུར་མཐོང་ཆེན་ཧ་ཅང་ཆེན་པོ་བྱས་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ང་ཚོས་དུས་བཅད་ལྟར་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་བ་དང་། གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་འགོ་བརྩམས་པ། འབྲུ་རིགས་བདེ་འཇགས་ཀྱི་ཆུ་ཚད་མངོན་གསལ་སྒོས་ཇེ་མཐོར་ཕྱིན་པ།   གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་གསར་བ་བྱུང་བ།    “ཞིང་གསུམ”འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ། ཞིང་ལས་དང་ཞིང་སྡེ་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ།  ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་ནུས་ལྡན་འཇལ་བར་རང་འགུལ་ཐོབ་པ། དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་བརྟན་བརླིང་ཡོང་བར་འགན་ལེན་བཅས་བྱས་ནས།  བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་དུས་བཅད་ལྟར་མངོན་འགྱུར་བྱེད་པར་ནུས་པ་འདོན་སྤེལ་བྱས་ཡོད།

རང་རྒྱལ་གྱི་འཕེལ་རྒྱས་དོ་མི་སྙོམས་པའི་ཆ་ཆེ་ཤོས་ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་དོ་མི་སྙོམས་པ་དེ་ཡིན་ཞིང་།  ཆ་མི་ཚང་བ་ཆེས་ཆེ་ཤོས་ནི་ཞིང་སྡེའི་འཕེལ་རྒྱས་ཆ་མི་ཚང་བ་དང་། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་འགྱུར་རྒྱུ་དེ་སྔར་བཞིན་རྒྱལ་ཁབ་དེང་རབས་ཅན་དུ་འགྱུར་བའི་ཞན་ཆ་ཡིན་པ་རེད། མིག་སྔར། རང་རྒྱལ་ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་བར་ཁྱད་རྒྱུན་ཆད་མེད་པར་ཇེ་ཆུང་དུ་གཏོང་བ་དང་། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་འགག་སྒོར་གནས་ཡོད། མགྱོགས་མྱུར་སྒོས་སྐུལ་འདེད་བཏང་བའི་བཟོ་ལས་ཅན་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་དང་བསྡུར་ན། རང་རྒྱལ་གྱི་ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་ཀྱི་གོམ་སྟབས་ད་དུང་རྗེས་ལུས་ཡིན་ཞིང་།   འཕེལ་རྒྱས་དོ་སྙོམས་མིན་པའི་གནད་དོན་མངོན་གསལ་ཡིན་པ་རེད།  རང་རྒྱལ་གྱི་ཞིང་ལས་འཕར་སྣོན་རིན་ཐང་གིས་རྒྱལ་དམངས་དཔལ་འབྱོར་གྱི་སྤྱི་འབོར་ཁྲོད་ཟིན་པའི་བསྡུར་ཚད་དེ་བཟོ་ལས་ཅན་གྱི་རྒྱལ་ཁབ་ཀྱི་ཆ་སྙོམས་ཆུ་ཚད་ལ་སླེབས་ཡོད་མོད། འོན་ཀྱང་ཞིང་ལས་དེང་རབས་ཅན་དེ་ཞིང་ལས་མིན་པའི་ཐོན་ལས་འཕེལ་རྒྱས་ཀྱི་རྗེས་སུ་ལུས་ཡོད་པ་མངོན་གསལ་ཡིན་ཞིང་།  2021ལོར་ཐོན་ལས་དང་པོའི་ལས་ཞུགས་མི་གྲངས་ཀྱིས་སྔར་བཞིན22.9%བཟུང་ཡོད། ཐོན་ལས་དང་པོའི་ངལ་རྩོལ་ཐོན་སྐྱེད་ལས་ཆོད་ཀྱིས་ལས་བཟོ་བ་ཡོངས་ཀྱི་ངལ་རྩོལ་ཐོན་སྐྱེད་ལས་ཆོད་ཀྱི་32.8%ལས་ཟིན་མེད། རང་རྒྱལ་གྱི་ཞིང་སྡེ་དེང་རབས་ཅན་གྱི་ཆུ་ཚད་གྲོང་ཁྱེར་དང་གྲོང་རྡལ་ལས་མངོན་གསལ་གྱིས་རྗེས་ལུས་ཡིན་པ་དང་།  2021ལོར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ཡོང་འབབ་བསྡུར་གྲངས2.5:1ཟིན་པ་དང་འཛད་སྤྱོད་འགྲོ་གྲོན་གྱི་བསྡུར་གྲངས1.9:1ཟིན་ནས། གྲོང་གསེབ་ཀྱི་གཞུང་ལམ་འགྲིམ་འགྲུལ་དང་། ཆུ་གློག་མཁོ་འདོན། འཕྲིན་གཏོང་ཟོག་འགྲེམས་སོགས་རྨང་གཞིའི་སྒྲིག་བཀོད་དེ་གྲོང་ཁྱེར་དང་གྲོང་རྡལ་ལས་མངོན་གསལ་གྱིས་རྗེས་ལུས་ཡིན་ཞིང་།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གསོ་དང་། སྤྱི་ཚོགས་འགན་བཅོལ། སྨན་བཅོས་འཕྲོད་བསྟེན་སོགས་སྤྱི་པའི་ཞབས་ཞུའི་བར་ཁྱད་སྔར་ལས་ཆེ་བ་རེད།

རང་རྒྱལ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་པས།  དུས་རབས་གསར་པར་བཟོ་ཞིང་བར་གྱི་འབྲེལ་བ་དང་། གྲོང་ཁྱེར་དང་གྲོང་གསེབ་བར་གྱི་འབྲེལ་བའི་ལེའུ་གསར་པ་མུ་མཐུད་དུ་རྩོམ་པའི་ནུས་པ་དང་ཆ་རྐྱེན་ལྡན་ལ།  རྣམ་པ་གསར་བའི་བཟོ་ལས་ཅན་དང་། ཆ་འཕྲིན་ཅན། གྲོང་ཁྱེར་དང་གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་དུས་མཉམ་དུ་འཕེལ་རྒྱས་ཡོང་བར་བྱེད་པའི་ནུས་པ་དང་ཆ་རྐྱེན་ལྡན་ཡོད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་ཞིང་ལས་དང་ཞིང་སྡེ་སྔོན་ལ་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱེད་དགོས་ཞེས་བླང་བྱ་གསལ་པོ་བཏོན་ཡོད་ལ།  དེས་ང་ཚོས་དུས་རབས་གསར་པའི་“ཞིང་གསུམ”བྱ་བ་ཡག་པོར་སྒྲུབ་པ་དང་། གྲོང་གསེབ་དར་སྤེལ་གཏོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་གཞི་རྩའི་བསྲུང་བྱ་འདོན་སྤྲོད་གནང་ཡོད།

དང་པོ། འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་ཕྱོགས་ཡོངས་ནས་སྲ་བརྟན་དུ་གཏོང་དགོས། འབྲུ་རིགས་བདེ་འཇགས་ཀྱི་ཏང་སྲིད་འགན་འཁྲི་གཅིག་མཚུངས་ཕྱོགས་ཡོངས་ནས་དོན་འཁྱོལ་དང་།  རྒྱལ་ནང་གི་ཞིང་ལས་ཐོན་ཁུངས་ལ་གཞི་ཚུགས་པ། འབྲུ་རིགས་ཞིང་ལ་བརྟེན་པ་དང་། འབྲུ་རིགས་ལག་རྩལ་ལ་བརྟེན་པའི་འཐབ་ཇུས་ལག་ལེན་གཏིང་ཟབ་བྱེད་པ། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོ་བའི་ཟས་ཕོར་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་རྒྱུ་འགན་ལེན་བྱེད་དགོས།   ཟས་རིགས་ཀྱི་གྲུབ་ཚུལ་ཆེན་པོའི་ལྟ་བ་འཛུགས་པ་དང་།  སྒྲིག་བཀོད་ཞིང་ལས་འཕེལ་རྒྱས་གཏོང་བ། སྣ་མང་ཅན་གྱི་ཟས་རིགས་མཁོ་སྤྲོད་མ་ལག་འཛུགས་པ་བཅས་བྱེད་དགོས།

གཉིས་པ། གྲོང་གསེབ་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་གཏོང་དགོས། ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་དང་། དེང་རབས་ཀྱི་ཞིང་ལས་ཐོན་ལས་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། ཐོན་ལས་དང་པོ་དང་གཉིས་པ་གསུམ་པ་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། ཞིང་ལས་ཀྱི་སྤུས་ཚད་དང་ཕན་འབྲས། འགྲན་རྩོད་ནུས་པ་བཅས་ཇེ་དྲག་ཏུ་གཏོང་བ།  ཞིང་པའི་ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་སྐྱེད་གཏོང་བ་བཅས་བྱེད་དགོས།

གསུམ་པ། འཚོ་སྡོད་ལ་འཚམ་པའི་ལས་རིགས་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་དགོས། གྲོང་གསེབ་འཛུགས་སྐྲུན་བྱ་རྒྱུ་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་གོ་གནས་གལ་ཆེན་ཐོག་བཞག་ནས། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་བཀོད་སྒྲིག་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ། རྒྱ་ཆེའི་ཞིང་སྡེའི་སྡོད་དམངས་ཀྱང་དེང་རབས་ཀྱི་དཔལ་ཡོན་ལྡན་པའི་འཚོ་བ་སྐྱེལ་ཐུབ་པར་བྱེད་དགོས།

བཞི་པ།  དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་དགོས།  ཞིང་སྡེའི་ཡོང་འབབ་དམའ་བའི་མི་གྲངས་དང་དར་རྒྱས་ཞན་པའི་ས་ཁུལ་ལ་རོགས་སྐྱོར་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་།  དབུལ་ཐར་ས་ཁུལ་དང་དབུལ་ཐར་མང་ཚོགས་ཀྱི་ནང་གནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་དགོས།

ལྔ་པ།  ཞིང་སྡེའི་བཅོས་སྒྱུར་ཟབ་སྤེལ་བྱེད་དགོས། ཞིང་སྡེའི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་སྲ་བརྟན་དང་འཐུས་ཚང་དུ་གཏོང་བ་དང་། རྣམ་པ་གསར་བའི་ཞིང་སྡེའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་བ། རྣམ་པ་གསར་བའི་ཞིང་ལས་གཉེར་སྐྱོང་གཙོ་བོ་དང་སྤྱི་ཚོགས་ཅན་གྱི་ཞབས་ཞུ་འཕེལ་རྒྱས་གཏོང་བ། གཞི་ཁྱོན་འོས་འཚམ་ལྡན་པའི་ཞིང་ལས་གཉེར་སྐྱོང་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས། འགན་གཙང་ལེན་བྱས་པའི་ས་ཞིང་གི“དབང་གསུམ་ལོགས་འབྱེད”བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་།   གཞི་སའི“དབང་གསུམ་ལོགས་འབྱེད”མངོན་འགྱུར་བྱེད་སྟངས་འཚོལ་ཞིབ་བྱེད་པ།   ས་ཞིང་བསྡུ་ལེན་ལམ་ལུགས་དང་ཞིང་སྡེའི་ཐུན་མོང་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་ལ་མཁོ་བའི་ས་ཞིང་ཚོང་རར་འདོན་པའི་ལམ་ལུགས་བཅོས་སྒྱུར་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ། གྲོང་ཁྱེར་དུ་གཞིས་ཆགས་པའི་ཞིང་པའི་ཁྲིམས་མཐུན་ས་ཞིང་གི་ཁེ་དབང་འགན་སྲུང་དང་དེར་ཁྲིམས་ལྟར་རང་མོས་དང་རིན་དོད་ཡོད་པའི་སྒོ་ནས་བཤུག་སྤྲོད་བྱེད་པར་བསྔགས་སྐུལ་བཅས་བྱས་ཏེ།   ཞིང་པར་རྒྱུ་ནོར་གྱི་ཁེ་དབང་སྔར་ལས་ལེགས་པོ་སྤྲོད་དགོས།

དྲུག་པ། ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱེད་པའི་རང་སྐྱོང་དང་། ཁྲིམས་སྐྱོང་། སྤྱོད་བཟང་གིས་སྐྱོང་བ་བཅས་ཟུང་འབྲེལ་བྱེད་པའི་གྲོང་གསེབ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་དགོས། ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། སྡེ་དམངས་ཀྱི་རང་སྐྱོང་ལག་ལེན་གཏིང་ཟབ་ཏུ་གཏོང་བ།  ཞིང་སྡེའི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གསར་གཏོད་བྱེད་པ་བཅས་བྱས་ནས། གུས་ལུགས་ཀྱི་རྒྱལ་ཁབ་དང་། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས། ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྲུན་བཅས་ཕན་ཚུན་གཞོགས་འདེགས་བྱེད་པར་སྐུལ་འདེད་གཏོང་དགོས།

ཡིག་སྒྱུར་བ།སྒྲོལ་མ་སྐྱིད།