--ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།
སྙིང་སྟོབས་ཡོད་ན་སྟོབས་ཤུགས་ཡོད། ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་སྟེང་། དཔའ་སྤོབས་ཆེན་པོས་སྐྱོད་ལམ་གསར་བར་ཞུགས་དགོས་ན། སྙིང་སྟོབས་ཆེར་སྐྱེད་ངང་ཡང་བསྐྱར་ལམ་དུ་སྐྱོད་དགོས་པ་དང་། ཞུམ་མེད་ཀྱི་འཐབ་རྩོད་ལ་བརྟེན་ནས་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་དགོས་པ་ནན་གྱིས་བསྟན་ཡོད། ང་ཚོས་ངེས་པར་དུ་སྒྱིད་ལུག་གཏན་ནས་མི་བྱེད་པའི་བསམ་པའི་ཉམས་འགྱུར་དང་ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་རྣམ་འགྱུར་སྲུང་འཛིན་བྱེད་དགོས་པ་དང་། མཐུན་སྒྲིལ་འབད་འཐབ་བྱེད་པའི་དུས་རབས་ཀྱི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་དང་བརྩོན་འགྲུས་དོན་གཉེར་བྱ་རྒྱུ་དེ་བསམ་པའི་དར་སྲོལ་ཞིག་ཏུ་འགྱུར་བར་བྱེད་དགོས་ལ། ལས་དོན་དངོས་དམ་འཛིན་དང་དཀའ་སྤྱད་དངོས་སྒྲུབ་བྱ་རྒྱུ་དེ་བྱ་སྤྱོད་ཀྱི་རང་རྟོགས་སུ་འགྱུར་བར་བྱས་ཏེ། འཐབ་རྩོད་བྱེད་ཕོད་པ་དང་། འཐབ་རྩོད་བྱེད་མཁས་པོ་བྱ་རྒྱུ་དེ་མངོན་གསལ་དོད་པའི་རང་གཤིས་སུ་འགྱུར་ཐུབ་པ་བྱས་ནས་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། འཐབ་རྩོད་ཀྱི་ནུས་པ་ཇེ་དྲག་ཏུ་གཏོང་བ། མཐའ་ཚད་བསམ་བློ་བརྟན་པོར་འཛུགས་པ། ནུས་ཤུགས་ཡོད་རྒུས་མདུན་སྐྱོད་ལམ་བུའི་སྟེང་གི་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་བ་བཅས་བྱས་ཏེ། མི་ཁྲི་སེམས་གཅིག་དང་ཡིད་ཆེས་ཆེན་པོས་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་མུ་མཐུད་དུ་གྲུབ་འབྲས་གསར་པ་ལེན་དགོས།
དུས་ནམ་ཡང་སྒྱིད་ལུག་མི་བྱེད་པའི་བསམ་པའི་ཉམས་འགྱུར་དང་ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་རྣམ་འགྱུར་སྲུང་འཛིན་བྱེད་པར་སྤྱོད་ཚུལ་འཛུགས་སྐྲུན་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ཕན་ནུས་མཐོར་འདེགས་གཏོང་བ་དང་། སྤྱོད་ཚུལ་བཟང་པོ་དང་སྣང་བརྙན་བཟང་པོར་བརྟེན་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་མགོ་ཡག་པོ་དང་གོམ་པ་བཟང་པོ་སྤོ་དགོས་པ་དང་། ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱིས་ཞིབ་བཤེར་ཐེག་ཐུབ་པའི་གྲུབ་འབྲས་གསར་བ་འབད་བརྩོན་ཆེན་པོས་གསར་སྐྲུན་བྱེད་དགོས། ང་ཚོས་ཆབ་སྲིད་ཀྱི་མཐོ་ཚད་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལེགས་བཅོས་བྱེད་པའི་དགོས་ངེས་རང་བཞིན་དང་དགོས་གཏུག་རང་བཞིན་ལ་ངོས་འཛིན་དང་ལྟ་སྟངས་འཛིན་པ་དང་། སྤྱོད་ཚུལ་འཛུགས་སྐྲུན་གྱི་ས་ཁུལ་རང་བཞིན་དང་། ལས་རིགས་རང་བཞིན། དུས་མཚམས་རང་བཞིན་བཅས་ཀྱི་ཁྱད་ཆོས་ཁོང་དུ་ཆུད་པར་བྱས་ནས་ཡོངས་ཁྱབ་སྒོས་བྱུང་བ་དང་། ཡང་དང་བསྐྱར་དུ་བྱུང་བའི་གནད་དོན་ལེགས་བཅོས་ཟབ་མོ་བྱེད་པ་དམ་འཛིན་བྱས་ཏེ། སྤྱོད་ཚུལ་འཛུགས་སྐྲུན་གྱི་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་ལ་སྐུལ་འདེད་གཏོང་དགོས། ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་སུ་མདུན་སྐྱོད་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་མཚོ་སྔོན་གྱི་ས་གཞི་ཆེན་མོའི་སྟེང་ལེགས་པོར་འབྲི་དགོས་ན། ད་དུང་འགག་སྒོ་མང་པོ་ཞིག་བརྒྱུད་དགོས་པ་དང་། ཉེན་ཁ་ལས་སྒྲོལ་དགོས་ལ། དམག་འཐབ་དྲག་པོ་རྒྱག་པར་ངོས་འཛིན་གང་ལེགས་བྱེད་དགོས་པ་དང་། བདེན་འཛིན་དངོས་སྒྲུབ་ཀྱི་སྤྱོད་ཚུལ་དྲག་པོ་ལྡན་དགོས། ང་ཚོས་ཏང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་དགོས་པ་དང་། གནད་དོན་གྱི་ཁྲིད་ཕྱོགས་དང་། དམིགས་འབེན་གྱི་ཁྲིད་ཕྱོགས། མཇུག་འབྲས་ཀྱི་ཁྲིད་ཕྱོགས་བཅས་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། སེམས་ཤུགས་དོན་ངོ་མའི་སྟེང་གསར་སྐྲུན་ལས་སྒྲུབ་ཀྱི་སྟེང་བཀོལ་བ་དང་། གནས་ཚུལ་དངོས་ལ་རྟོག་ཞིབ་དང་། བྱེད་ཐབས་དངོས་འདོན་པ། དོན་དངོས་སྒྲུབ་པ། ཕན་འབྲས་དངོས་གཉེར་གྱི་སྟེང་འབད་བརྩོན་སྐྱེད་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་བྱ་བ་སྒྲུབ་པའི་ཉམས་འགྱུར་གྱིས་ཕྱུག་པ་དང་། དོན་དག་རེ་རེར་འགན་འཁུར་ཏེ། མུ་མཐུད་དུ་སྒྲུབ་ཕོད་པ་དང་ལེགས་འགྲུབ་ཡོང་ཐུབ་པའི་ནུས་པ་ངོ་མ་མུ་མཐུད་དུ་ཇེ་དྲག་ཏུ་གཏོང་དགོས། དུས་ཚོད་ཀྱིས་བྱ་བ་སྒྲུབ་པར་མི་སྒུག་པ་དང་། བདེན་འཛིན་གསར་སྐྲུན་གྱིས་སྔོན་ལ་བརྩོན་ལེན་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་དམིགས་འབེན་གོམ་པ་རེ་རེ་བཞིན་མངོན་འགྱུར་ཡོང་བ་བྱེད་དགོས།
དུས་ནམ་ཡང་སྒྱིད་ལུག་མི་བྱེད་པའི་བསམ་པའི་ཉམས་འགྱུར་དང་ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་རྣམ་འགྱུར་སྲུང་འཛིན་བྱེད་པར་སྟོང་བཤད་ཀྱིས་རྒྱལ་ཁབ་ཕུང་བ་དང་དངོས་སྒྲུབ་ཀྱིས་རྒྱལ་ཁབ་དར་ཐུབ་པ། ཡིད་ཆེས་བརྟན་པོ་དང་བློ་གཅིག་སེམས་གཅིག དཀའ་སྤྱད་སྡུག་རུས། དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས་པ་སེམས་ལ་བརྟན་པོར་འཛིན་དགོས། མི་དམངས་ཀྱི་རེ་སྒུག་ནི་ང་ཚོས་འབད་འཐབ་བྱེད་པའི་དད་སེམས་ཡིན་པ་དང་། ལས་འགན་གྱི་འབོད་སྐུལ་ནི་ང་ཚོ་མདུན་དུ་སྐྱོད་པའི་སྒུལ་ཤུགས་ཡིན་པས། ངེས་པར་དུ་བློ་བརྟན་འགྱུར་མེད་དང་། བྱ་སྤྱོད་དམ་འཛིན། བློ་སྤོབས་ཆེར་བསྐྱེད་བཅས་ཀྱི་སྒོ་ནས་དཔའ་སྤོབས་ཆེན་པོས་སྐྱོད་ལམ་གསར་བར་ཞུགས་དགོས། དངོས་སུ་དམ་འཛིན་བྱས་ན་གཞི་ནས་མཁྲེགས་གཏོར་དཀའ་སེལ་བྱེད་ཐུབ་པ་དང་། དངོས་སུ་ལག་ལེན་བྱས་ན་གཞི་ནས་ཕུགས་འདུན་འགྲུབ་ཐུབ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོའི་བླང་བྱ་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་བྱ་བ་སོ་སོའི་ཁྲོད་དོན་འཁྱོལ་བྱས་ནས་མཐོ་སྒང་གི་ཁྱད་ཆོས་ལྡན་པ་དང་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་འཕེལ་རྒྱས་ལམ་བུའི་སྟེང་བསྐྱོད་དེ། ང་ཚོར་ཡིད་ཆེས་སྔར་ལས་བརྟན་པོ་དང་། སྔར་ལས་དཔའ་ངར་ཆེ་བའི་འཐབ་སེམས། སྔར་ལས་དངོས་སྒྲུབ་ཀྱི་སྤྱོད་ཚུལ་བཅས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། དཀའ་སྤྱད་འབད་འཐབ་བྱེད་དགོས། ང་ཚོ་རླུང་རླབས་ལ་མི་སྐྲག་པ་དང་། འགྲན་སློང་ལ་གདོང་གཏོད་པ། ཆར་རླུང་ལ་མི་འཛེམ་པར་མདུན་དུ་སྐྱོད་དེ། དངོས་སུ་དམ་འཛིན་བྱེད་པའི་ངར་ཤུགས་དང་། དམ་འཛིན་བྱེད་ཐུབ་པའི་བློ་སྤོབས། དམ་འཛིན་བྱེད་མཁས་པའི་ཐབས་རྩལ། རྒྱུན་དུ་དམ་འཛིན་བྱེད་པའི་སེམས་ཤུགས་ཡོད་དགོས་པའི་རེ་བ་བཏོན་སྟེ། ཏན་ཏན་ཏིག་ཏིག་གིས་བྱ་བ་བཟང་པོར་སྒྲུབ་པ་དང་། དོན་ངོ་མར་ཉེན་ཁའི་ཁྲོད་གོ་སྐབས་གསར་བས་ཕྱུག་པ་དང་། འགྱུར་ལྡོག་ཁྲོད་མགོ་གསར་བ་རྩོམ་ཐུབ་པར་བྱེད་དགོས། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས་ངེས་པར་དུ་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་འགན་འཁྲི་འཁུར་ཕོད་པ་བྱེད་དགོས། ང་ཚོ་ཆར་རླུང་བརྒྱུད་དགོས་པ་དང་། མཐོང་རྒྱ་བསྐྱེད་པའི་ཁྲོད་དུ་འཇོན་ཐང་དང་སྙིང་སྟོབས་སྐྱེད་བསྲིང་བྱེད་དགོས། འགན་འཁུར་ལྕི་མོ་ཁུར་ནུས་པ་དང་ནུས་རྩལ་ངོམ་ཐུབ་པ། སྔོན་ལ་སྒྲུབ་ཕོད་པ། འགན་འཁུར་ཕོད་པ། སྒྲུབ་མཁས་པ་བཅས་བྱེད་དགོས་པ་དང་། འགྲན་སློང་ཆེན་པོར་ཁ་གཏད་ནུས་ལྡན་གཅོག་པ་དང་། ཉེན་ཁ་ཆེན་པོ་འགོག་པ། འགོག་རྐྱེན་ཆེན་པོ་སེལ་བ། འགལ་ཟླ་ཆེན་པོ་ཐག་གཅོད་བྱེད་པ་བཅས་ཀྱི་ཁྲོད་མདུན་དུ་རྒྱུགས་དགོས་པ་དང་བྱས་རྗེས་བཞག་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་ཆེད་ལེགས་སྐྱེས་གསར་པ་སྔར་ལས་ཆེན་པོ་འབུལ་དགོས།
ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།