《བདེན་འཚོལ》དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《མིག་སྔའི་དཔལ་འབྱོར་བྱ་བའི་གནད་དོན་གལ་ཆེན་འགའ》ཞེས་པ་སྤེལ།
2023.02.17 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 14

 ཟླ2པའི་ཚེས16ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་བཞི་པའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས2022ལོའི་ཟླ12པའི་ཚེས15ཉིན་ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱི་ཚན་པ་ཞིག་སྟེ《མིག་སྔའི་དཔལ་འབྱོར་བྱ་བའི་གནད་དོན་གལ་ཆེན་འགའ》ཞེས་པ་སྤེལ།

རྩོམ་ཡིག་ནང2023ལོའི་དཔལ་འབྱོར་བྱ་བ་སྣེ་མང་རྙོག་འཛིང་ཆེ་བས་འཐབ་ཇུས་ཀྱི་ཁྱོན་ཡོངས་ལ་གཞིགས་ཏེ་འགལ་ཟླ་གཙོ་བོ་དམ་འཛིན་དང་། སྤྱི་ཚོགས་ཀྱི་བསམ་པའི་སྔོན་དཔག་ལེགས་བཅོས་དང་འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་ནས་མགོ་བརྩམས་ཏེ།    གནད་འགག་གི་བརྒྱུད་རིམ་གལ་ཆེན་ལ་དམ་པོར་དམིགས་ནས་གཙོ་གནད་འབུར་ཐོན་གྱིས་ལས་དོན་ལེགས་པོར་བསྒྲུབས་དགོས་པར་ནན་གྱིས་བསྟན།

རྩོམ་ཡིག་ནང་བསྟན་དོན།  ཤུགས་ཆེན་པོས་རྒྱལ་ནང་གི་དགོས་མཁོ་རྒྱ་བསྐྱེད་དགོས། སྤྱིའི་དགོས་མཁོ་མི་འདང་བ་ནི་མིག་སྔའི་དཔལ་འབྱོར་འཁོར་སྐྱོད་ལ་འཕྲད་པའི་འབུར་ཐོན་གྱི་འགལ་ཟླ་ཡིན། ངེས་པར་དུ་ཤུགས་ཆེན་པོས་ནང་མཁོ་རྒྱ་བསྐྱེད་པའི་འཐབ་ཇུས་ལག་བསྟར་བྱས་ཏེ།  སྔར་ལས་ནུས་ལྡན་གྱི་བྱེད་ཐབས་སྤྱད་ནས་སྤྱི་ཚོགས་ཀྱི་ཡང་བསྐྱར་ཐོན་སྐྱེད་ལ་འཁོར་རྒྱུག་བཟང་པོ་མངོན་འགྱུར་བྱེད་དགོས། སྲིད་ཇུས་བྱེད་ཐབས་ལེགས་བསྒྱུར་བྱས་ཏེ་འཛད་སྤྱོད་ཀྱི་རྨང་གཞིའི་བྱེད་ནུས་དང་དངུལ་གཏོང་གི་གནད་འགག་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་དགོས། གཅིག་ནི་འཛད་སྤྱོད་སླར་གསོ་དང་རྒྱ་བསྐྱེད་དེ་དམིགས་བསལ་གྱི་གོ་གནས་སུ་འཇོག་དགོས། གཉིས་ནི་སྲིད་གཞུང་གི་དངུལ་གཏོང་དང་སྲིད་ཇུས་ཀྱི་སྐུལ་ལྕག་བརྒྱུད་དེ་ཕན་ནུས་ལྡན་པའི་སྒོ་ནས་སྤྱི་ཚོགས་ཡོངས་ཀྱི་དངུལ་གཏོང་ལ་སྐུལ་ཁྲིད་བྱེད་དགོས། མུ་མཐུད་དུ་ཕྱིར་གཏོང་གི་དཔལ་འབྱོར་རོགས་འདེགས་བྱེད་ནུས་འདོན་སྤེལ་བྱས་ནས་ཉོ་ཚོང་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས།

རྩོམ་ཡིག་ནང་བསྟན་དོན། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས།  ང་ཚོས་ནང་གནས་ཀྱི་ནུས་པ་ཇེ་བཟང་དུ་གཏོང་བ་དང་གཞི་རྐང་ལེགས་པོར་འཛུགས་དགོས།   རང་རྒྱལ་ལ་འཛམ་གླིང་ཐོག་ཆེས་ཆ་ཚང་པའི་ཐོན་ལས་མ་ལག་དང་སྦས་ཤུགས་ཆེས་ཆེ་བའི་ནང་མཁོའི་ཁྲོམ་ར་ཡོད་པས། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་མཉེན་གཤིས་དང་བདེ་འཇགས་ཆུ་ཚད་དངོས་གནས་མཐོར་འདེགས་སུ་བཏང་སྟེ།   ཞན་ཆ་གསབ་པ་དང་བཟང་ཆ་དར་སྤེལ་གཏོང་བར་དམ་འཛིན་བྱེད་དགོས། གཅིག་ནི་རྒྱལ་དམངས་དཔལ་འབྱོར་འཁོར་རྒྱུག་གི་ཤར་གཏོང་ལ་ཁག་ཐེག་བྱེད་དགོས། རང་རྒྱལ་དཔལ་འབྱོར་གྱིས་ངེས་པར་དུ་རྒྱལ་ཁབ་བདེ་འཇགས་དང་གཞི་རྩའི་དམངས་ཚིས་འགན་ལེན་བྱེད་དགོས་པ་དང་། རྨང་གཞིའི་སྒྲིག་ཆས་དང་རྨང་གཞིའི་ཐོན་ལས་ཀྱི་སྤྱིའི་རྒྱུན་ལྡན་གྱི་འཁོར་སྐྱོད་ལ་འགན་ལེན་བྱེད་དགོས། གཉིས་ནི་ཐོན་ལས་མ་ལག་རིམ་སྤར་འཕེལ་རྒྱས་མངོན་འགྱུར་ཇེ་མགྱོགས་སུ་གཏོང་དགོས། གཙོ་གནད་ཁྱབ་ཁོངས་སུ་སྔོན་ལ་བཀོད་སྒྲིག་བྱས་ཏེ་ཕྱོགས་ཡོངས་ནས་ཐོན་ལས་མ་ལག་དེང་རབས་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས་པ་སྟེ། སྲོལ་རྒྱུན་ལེགས་ཆའི་ཐོན་ལས་ཀྱི་སྔོན་ཐོན་གོ་གནས་སྲ་བརྟན་དུ་གཏོང་བ་དང་འགྲན་རྩོད་ཀྱི་ལེགས་ཆ་གསར་བ་ཡང་གསར་སྐྲུན་བྱེད་དགོས།

རྩོམ་ཡིག་ནང་བསྟན་དོན།  “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”དོན་འཁྱོལ་ཏན་ཏིག་བྱེད་དགོས། ང་ཚོས་ངེས་པར་དུ་རྣམ་འགྱུར་གསལ་བོར་སྟོན་པ་དང་ཐེ་ཚོམ་ཅི་ཡང་མི་བྱེད་པར། ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་བཅོས་སྒྱུར་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”དོན་འཁྱོལ་ཏན་ཏིག་བྱེད་དགོས།   གཅིག་ནི་རྒྱལ་དབང་རྒྱུ་ནོར་དང་རྒྱལ་དབང་ཁེ་ལས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ་དང་རྒྱལ་དབང་ཁེ་ལས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་ཇེ་མཐོར་གཏོང་དགོས། གཉིས་ནི་དམངས་གཉེར་ཁེ་ལས་ཀྱི་འཕེལ་རྒྱས་ཁོར་ཡུག་ལེགས་བསྒྱུར་དང་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སྟོབས་ཆེར་འགྲོ་བར་སྐུལ་འདེད་གཏོང་དགོས།

རྩོམ་ཡིག་ནང་བསྟན་དོན། སྔར་ལས་ཤུགས་ཆེན་པོས་ཕྱི་རྒྱལ་གྱི་མ་དངུལ་ཚུར་འགུག་དང་བེད་སྤྱོད་བྱེད་དགོས། གོ་ལ་ཧྲིལ་བོར་བལྟས་ན། དར་རྒྱས་ཆེ་བའི་རྒྱལ་ཁབ་དང་གསར་དར་དཔལ་འབྱོར་དངོས་ཚན་གྱིས་ཕྱི་རྒྱལ་གྱི་མ་དངུལ་ཚུར་འགུག་དང་བེད་སྤྱོད་བྱེད་པ་དེ་རྒྱལ་ཇུས་གལ་ཆེན་དུ་བརྩིས་ནས། ཚོང་འགུག་དངུལ་འདྲེན་གྱི་རྒྱལ་སྤྱིའི་འགྲན་རྩོད་སྔར་ལས་ཛ་དྲག་ཏུ་གྱུར་ཡོད། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་བཏང་སྟེ་རང་རྒྱལ་གྱི་གཞི་ཁྱོན་ཆེས་ཆེ་བའི་ཁྲོམ་རའི་ལེགས་ཆར་བརྟེན་ནས། རྒྱལ་ནང་གི་འཁོར་སྐྱོད་ཆེན་པོས་གོ་ལ་ཧྲིལ་བོའི་ཐོན་ཁུངས་ཀྱི་རྒྱུ་རྐྱེན་ཚུར་འགུག་བྱེད་དགོས་པ་སྟེ། སྤུས་ལེགས་སྒོས་ཕྱི་རྒྱལ་གྱི་མ་དངུལ་ཉར་འཇོག་བྱེད་དགོས་པ་མ་ཟད་ད་རུང་སྔར་ལས་སྤུས་ཚད་མཐོ་བའི་ཕྱི་རྒྱལ་གྱི་མ་དངུལ་ཚུར་འགུག་བྱས་ནས། ཉོ་ཚོང་དངུལ་གཏོང་གི་མཉམ་ལས་སྤུས་ཀ་དང་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། གཅིག་ནི་ཁྲོམ་རའི་ཆོག་འཐུས་རྒྱ་བསྐྱེད་དགོས།  གཉིས་ནི་ཕྱོགས་ཡོངས་ནས་ཚོང་གཉེར་ཁོར་ཡུག་ལེགས་བཅོས་བྱེད་དགོས། གསུམ་ནི་དམིགས་གཏད་རང་བཞིན་ཡོད་པའི་སྒོ་ནས་ཕྱི་དངུལ་ཁེ་ལས་ཀྱི་ཞབས་ཞུ་བྱ་བ་ལེགས་པོར་བསྒྲུབས་དགོས།

རྩོམ་ཡིག་ནང་བསྟན་དོན།   དཔལ་འབྱོར་དང་དངུལ་རྩའི་ཉེན་ཁ་ཚབས་ཆེན་སྔོན་འགོག་དང་ཐག་གཅོད་ནུས་ལྡན་བྱེད་དགོས།  ངེས་པར་དུ་རྩ་ལག་མཉམ་བཅོས་དང་ཉེ་རིང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མ་ལག་རང་བཞིན་གྱི་ཉེན་ཁ་མི་འབྱུང་བའི་མཐའ་ཚད་བརྟན་པོར་སྲུང་དགོས། གཅིག་ནི་ས་ཁང་བདག་ཁོངས་ཐོན་ལས་ཀྱིས་མ་ལག་རང་བཞིན་གྱི་ཉེན་ཁ་སློང་བར་སྔོན་འགོག་བྱེད་དགོས། གཉིས་ནི་དངུལ་རྩའི་ཉམས་ཉེན་སྔོན་འགོག་དང་སེལ་ཐབས་བྱེད་དགོས། གསུམ་ནི་ས་གནས་སྲིད་གཞུང་གི་བུན་འཛིན་ཉེན་ཁ་སྔོན་འགོག་དང་སེལ་ཐབས་བྱེད་དགོས།

རྩོམ་ཡིག་ནང་ནན་གྱིས་བསྟན་དོན།  2023ལོར་ད་དུང་ལས་དོན་གལ་ཆེན་མང་པོ་ཞིག་བསྒྲུབས་དགོས། ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བཏང་སྟེ། མཐའ་གཅིག་ཏུ་གཞི་ཁྱོན་རང་བཞིན་གྱི་ཡང་བསྐྱར་དབུལ་པོར་འགྱུར་བ་སྔོན་འགོག་བྱེད་དགོས། སྐོར་ཐེངས་གསར་པའི་ཁྱོན་ཡོངས་ཀྱི་བཅོས་བསྒྱུར་ཟབ་སྤེལ་ལ་ཇུས་འགོད་བྱེད་དགོས། རྒྱུད་གཅིག་ལམ་གཅིག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མཉམ་སྐྲུན་ལ་སྐུལ་འདེད་གཏོང་དགོས། ས་ཁོངས་འཐབ་ཇུས་གལ་ཆེན་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་གཏིང་ཟབ་སྒོས་ལག་བསྟར་བྱེད་དགོས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལྗང་མདོག་སྤོ་བསྒྱུར་ལ་སྐུལ་འདེད་བཏང་ནས་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས།  

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།