—ཞིང་ཆེན་ཡོངས་ཀྱི་གྲོས་ཚོགས་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་སྐོར་གླེང་བ།
རེ་བ་ནན་མོ་བཅངས་ནས། གསུང་ཚིག་རེ་རེ་བཅོལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་བརྩེ་བས་ཐུགས་ལ་བཟུང་ཞིང་མཚོ་སྔོན་གྱི་འཕེལ་རྒྱས་ལ་མཐོང་ཆེན་བྱས་པ་དེས། ང་ཚོར་སེམས་འགུལ་ཆེན་པོ་ཐེབས་སུ་བཅུག་ཅིང་མི་སེམས་རབ་ཏུ་གཡོ་བར་བྱས། དུས་རབས་གསར་པར་ཧུར་གྱིས་སྐྱོད་པ་དང་འཐབ་ལམ་གསར་པར་གོམ་ཁ་བསྒྱུར་ན། ང་ཚོས་ངེས་པར་དུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དཔྱིས་ཕྱིན་དང་ལག་ལེན་མཐར་ཕྱིན་བྱས་ཏེ། བསམ་བློ་དང་འགུལ་སྐྱོད་གཉིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྟེང་དུ་དངོས་གནས་གཅིག་གྱུར་ཡོང་བར་བྱེད་པ་དང་། བློ་གྲོས་དང་སྟོབས་ཤུགས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་གཏན་འབེབས་བྱས་པའི་དམིགས་འབེན་དང་ལས་འགན་སྟེང་དུ་བསྒྲིལ་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་གནང་བའི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གཏིང་ཟབ་ཏུ་ལག་ལེན་མཐར་ཕྱིན་བྱེད་པ་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་པའི་ཁ་ཕྱོགས་དེད་དེ་བློ་བརྟན་འགྱུར་མེད་ཀྱིས་མདུན་དུ་སྐྱོད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་དགོས།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཐེངས་གཉིས་ལ་མཚོ་སྔོན་དུ་རྟོག་ཞིབ་ཏུ་ཕེབས་ཤིང་ཐེངས་གཉིས་ལ་རྒྱལ་ཡོངས་དམངས་ཆེན་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་དུ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་བ་དང་། མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་སྟེ། མཚོ་སྔོན་གྱི་འཕེལ་རྒྱས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་པ་དང་། རླབས་ཆེན་གྱི་འཆར་གཞི་བཀོད་པ། རྩ་བའི་སྲུང་བྱ་འདོན་སྤྲོད་བྱས། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པས་ལོ་རྒྱུས་ཀྱི་མགོ་ཚུགས་ས་གསར་པར་འགྲེངས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་མཚོ་སྔོན་གྱི་ལེའུ་འབྲི་བའི་ཕྱོགས་ནས་བཀོད་སྒྲིག་བྱས་པ་དང་། “དེང་རབས་ཅན་དྲུག”གི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་འབད་བརྩོན་དམིགས་འབེན་གཏན་འབེབས་བྱས་ལ། རླབས་ཆེན་གྱི་འཆར་གཞི་བཀོད་ཅིང་། མཛེས་སྡུག་གི་མ་འོངས་པ་རི་མོར་བྲིས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་གནང་བའི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་བློ་ཐག་རྦད་ཆོད་ཀྱིས་ལག་ལེན་མཐར་ཕྱིན་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གནང་བའི་ཚན་རིག་དང་མཐུན་པའི་གནས་མཚམས་དང་ཆབ་སྲིད་ཀྱི་མངགས་བཅོལ། འཕེལ་རྒྱས་ཀྱི་རེ་བ་ཆེན་མོ། སྤོབས་པའི་མདུན་སྐྱོད་ཀྱི་སྐུལ་ལྕག་བཅས་ཆེས་གསོན་ཉམས་ལྡན་ཞིང་ཡུན་རིང་གི་ལག་ལེན་དུ་བསྒྱུར། འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མངོན་གསལ་གྱིས་མཐོར་འདེགས་བྱུང་བ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པ། ཐོན་ལས་ཀྱི“གནས་བཞི”བརྟན་བརླིང་སྒོས་འཛུགས་སྐྲུན་བྱེད་མགོ་བརྩམས་པས། ལོ་ལྔའི་རིང་གི་གྲུབ་འབྲས་འབུར་དུ་ཐོན་ཡོད། ང་ཚོས་དཀའ་སྡུག་དང་འགྲན་སློང་སྣ་ཚོགས་ཕན་ལྡན་གྱིས་བསལ་བ་དང་གོང་བརྗོད་ཀྱི་ལས་སླ་མོ་མིན་པའི་འཕེལ་རྒྱས་དང་ཡར་ཐོན་བྱུང་བའི་རྩ་བའི་རྩ་བ་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོ་ཡོད་པ་དང་། ཚན་རིག་དང་མཐུན་པའི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་ཡོད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྩེ་བའི་ཐུགས་ཁུར་ཡོད་པ་བཅས་ཀྱིས་རེད།
ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་མགོ་བརྩམས་པའི་ལོ་ཡིན་ལ། “ལོ་ལྔའི་འཆར་འགོད་བཅུ་བཞི་བ”འཆར་འགོད་ལག་བསྟར་བྱེད་པའི་གོང་འོག་འབྲེལ་མཐུད་ཀྱི་གནད་འགག་གི་ལོའང་ཡིན་པས། ང་ཚོས་ལངས་ཕྱོགས་བརྟན་པོའི་སྒོ་ནས་ཆབ་སྲིད་ལ་དོ་སྣང་བྱས་ཏེ། བསམ་བློ་དང་ཆབ་སྲིད་དང་འགུལ་སྐྱོད་གསུམ་གྱི་ཐད་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་རྒྱུན་སྲུང་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བར་གནང་བའི་མཛུབ་སྟོན་མཆན་བཀོད་གལ་ཆེན་གྱི་དགོངས་པ་གཏིང་ཟབ་ཏུ་ལག་ལེན་མཐར་ཕྱིན་བྱེད་པ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཇེ་དྲག་དང་། “རང་རྟོན་བཞི”ཇེ་བརྟན། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱེད་པ། “རྒྱལ་ཁབ་ཀྱི་དོན་ཆེན”སེམས་ལ་བརྟན་པོར་འཆང་བ་བཅས་ཀྱིས་བློ་གྲོས་དང་སྟོབས་ཤུགས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་གཏན་འབེབས་བྱས་པའི་ལས་འགན་དང་དམིགས་འབེན་སྟེང་དུ་བསྒྲིལ་དགོས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་ལྟར། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཏང་གི་དཀྱིལ་སྙིང་ལས་འགན་འདི་དམ་པོར་ཁོང་དུ་ཆུད་པར་བྱེད་པ་དང་། ཕྱིན་ཆད་ཀྱི་ལོ་ལྔ་ནི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་གནད་འགག་གི་དུས་སྐབས་ཡིན་པར་ངོས་འཛིན་གང་ལེགས་བྱེད་པ། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པས་གཏན་འབེབས་བྱས་པའི་དམིགས་འབེན་ལས་འགན་ལ་དམིགས་པ། ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་བཀོད་སྒྲིག་གཏིང་ཟབ་ཏུ་རྒྱུན་འཁྱོངས་བྱེད་པ། “སྔར་ལས་གཙིགས་སུ་འཛིན་པ་དྲུག”ཧུར་བརྩོན་གྱིས་སྒྲུབ་པ། གཙོ་བོ་ད་ལོའི་ཕྱོགས་བདུན་གྱི་བྱ་བ་ལེགས་པོར་འཛིན་པ་བཅས་འབད་འཐབ་ཀྱི་ཉམས་འགྱུར་སྟེང་ནས་དུས་རབས་གསར་པའི་རྒྱུགས་ལན་སྤྲོད་དགོས།
རེ་བ་ཆེན་པོ་རི་ལྟར་བརྗིད། སྤོབས་པས་བསྐྱོད་པར་སྐུལ་ལྕག་ཐེབས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ཧུར་བརྩོན་གྱིས་འབྲི་བའི་རླབས་ཆེན་གྱི་སྐྱོད་ལམ་སྟེང་དུ། ང་ཚོས་རེ་བ་ཆེན་པོ་དེ་སྤོབས་པས་མདུན་དུ་བསྐྱོད་པའི་ཉམས་དང་སྟོབས་ཤུགས་སུ་བསྒྱུར་ནས། སེམས་སུ་དྲིན་དྲན་ཞིང་བརྩོན་པ་ལྷུར་ལེན་བྱེད་པ་དང་། མཐུན་སྒྲིལ་འབད་འཐབ་དང་སྤོབས་པས་མདུན་སྐྱོད་བྱེད་པ། ཕུ་རུང་བརྫེས་ནས་ལས་ལ་བརྩོན་པ་བཅས་ཀྱིས་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་པ་དང་འཕེལ་རིམ་གསར་པ་ལེན་པར་ཧུར་བརྩོན་གྱིས་སྐུལ་འདེད་གཏོང་དགོས།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།