སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་“རྒྱལ་ཁོངས་ས་ཁོངས་ཀྱི་བར་སྟོང་འཕེལ་རྒྱས་ཀྱི་རྣམ་པ་ཇེ་ལེགས་སུ་གཏོང་དགོས”ཞེས་བསྟན་ཡོད། རྒྱལ་ཁོངས་ས་ཁོངས་བར་སྟོང་འཕེལ་རྒྱས་ཀྱི་རྣམ་པ་ནི་རྒྱལ་ཁབ་ཀྱི་འཕེལ་རྒྱས་དམིགས་འབེན་དང་། འཕེལ་རྒྱས་ཀྱི་འཐབ་ཇུས། འཕེལ་རྒྱས་ཀྱི་གནས་སྟངས་བཅས་བར་སྟོང་གི་མཚོན་ཚུལ་ཡིན་ལ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པའི་གཞི་རྩའི་བྱེད་ཐབས་ཡང་ཡིན། རྒྱལ་ཁོངས་ས་ཁོངས་བར་སྟོང་འཕེལ་རྒྱས་རྣམ་པ་ལུགས་མཐུན་ཡིན་མིན་གྱིས་རྒྱལ་ཁབ་ཅིག་ཡུན་རིང་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་ཐུབ་མིན་དང་། འཕེལ་རྒྱས་གཏོང་སྐབས་མི་དང་རང་བྱུང་ཁམས་ཕན་ཚུན་མཐུན་སྦྱོར་ཡོང་ཐུབ་མིན། དཔལ་འབྱོར་སྤྱི་ཚོགས་ཀྱི་བྱེད་སྒོའི་བར་སྟོང་གི་འབྲེལ་བའི་ཐད་མཐུན་སྦྱོར་ཡོང་ཐུབ་མིན་བཅས་ཐག་གཅོད་བྱས་ཡོད།
རང་རྒྱལ་གྱི་མངའ་ཁོངས་རྒྱ་ཆེ་ཞིང་མི་གྲངས་མང་བ་དང་། ས་ཁུལ་སོ་སོའི་རང་བྱུང་སྐྱེས་ཐོབ་ཀྱི་བར་ཁྱད་ཧ་ཅང་ཆེ། རང་བྱུང་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཆ་རྐྱེན་མི་འདྲ་བའི་དབང་གིས་རྒྱལ་ཁོངས་ས་ཁོངས་ཀྱི་བར་སྟོང་གྲོང་ཁྱེར་འཛུགས་སྐྲུན་དང་དེང་རབས་ཀྱི་བཟོ་ཚོང་ལས་རིགས་ཡོད་ཚད་འཕེལ་རྒྱས་གཏོང་བར་འཚམ་པ་མ་ཡིན་པར། ངེས་པར་དུ་མཁར་གྲོང་ཅན་དང་བཟོ་ལས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་ཆབས་ཅིག སྐྱེ་ཁམས་ཀྱི་བར་སྟོང་དང་ཞིང་ལས་ཐོན་སྐྱེད་ཀྱི་བར་སྟོང་འདང་ངེས་ཤིག་ཡོད་དགོས། དེ་ལྟར་བྱས་ན་ད་གཟོད་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་དང་འབྲུ་རིགས་ཀྱི་བདེ་འཇགས་ཁག་ཐེག་བྱེད་ཐུབ་ལ། རྒྱུན་མཐུད་ངང་འཕེལ་རྒྱས་མངོན་འགྱུར་བྱེད་ཐུབ།
རང་རྒྱལ་གྱི་མིའི་རིགས་ཀྱི་འཕེལ་རྒྱས་ལ་འཚམ་པའི་ས་ཁོངས་ལྟོས་བཅས་ཀྱིས་ཚད་ཡོད་ལ་ཁྱབ་སྟངས་ཧ་ཅང་དོ་མི་མཉམ་པས། གཙོ་བོ“ཧུའུ་ཧོན་ཡུང་ལམ་ཐིག”གི་ཤར་ལྷོའི་ཕྱོགས་སུ་གཅིག་སྡུད་བྱས་ཡོད། བཟོ་ལས་ཅན་དང་མཁར་གྲོང་ཅན་ལ་འཚམ་པའི་ས་ཁོངས་དེ་ཞིང་ལས་ཐོན་སྐྱེད་འཕེལ་རྒྱས་ལ་འཚམ་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་པའི་ས་ཁོངས་ཚད་མཐོའི་རིམ་བརྩེགས་བྱས་ཡོད་པས་བྱེད་ནུས་ཀྱི་འགལ་བ་འབྱུང་སླ་བ་རེད། ཉེ་བའི་ལོ་འགའི་རིང་ལ། དཔལ་འབྱོར་ཆོས་ཉིད་ཀྱི་ནུས་པའི་འོག མི་གྲངས་དང་ཐོན་ལས་འཕེལ་རྒྱས་འཚམ་མཐུན་བྱུང་བའི་ས་ཁུལ་དུ་མགྱོགས་མྱུར་ངང་འཛོམས་ནས་བར་སྟོང་གི་འགལ་བ་སྔར་ལས་མངོན་གསལ་དུ་ཕྱིན་ཡོད། གནས་བབ་འདིའི་འོག ངེས་པར་དུ་རང་རྒྱལ་གྱི་དམིགས་བསལ་གྱི་ས་ཁམས་བར་སྟོང་གི་ཆ་རྐྱེན་ལ་གཞིགས་ཏེ། རང་བྱུང་གི་ཆོས་ཉིད་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་ཆོས་ཉིད་ལ་བརྩི་སྲུང་བྱས་ནས་དཔལ་འབྱོར་གྱི་དགོས་མཁོ་དང་། འཚོ་བའི་དགོས་མཁོ། སྐྱེ་ཁམས་ཀྱི་དགོས་མཁོ། བདེ་འཇགས་ཀྱི་དགོས་མཁོ་བཅས་གཅིག་གྱུར་གྱིས་འཆར་འགོད་བྱ་རྒྱུར་སྔར་ལས་དོ་སྣང་ཆེན་པོ་བྱས་ནས། སྲིད་གཞུང་གི་སྒྲིག་སྲོལ་དང་སྙོམས་སྒྲིག་གི་ནུས་པ་འདོན་སྤེལ་ནུས་ལྡན་དང་། དཔལ་འབྱོར་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བ། སྐྱེ་ཁམས་ཁོར་ཡུག རྒྱལ་ཁབ་ཀྱི་བདེ་འཇགས་བཅས་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ། ལྟོས་བཅས་སུ་ཚད་ཡོད་པའི་རྒྱལ་ཁབ་ཀྱི་ས་ཁོངས་བར་སྟོང་ཐོན་ཁུངས་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་ཡོང་བར་འདེགས་སྐྱོར་བྱ་དགོས།
རྒྱལ་ཁོངས་ས་ཁོངས་བར་སྟོང་འཕེལ་རྒྱས་ཀྱི་རྣམ་པ་ལེགས་སྒྱུར་བྱེད་པར་མི་གྲངས་བསྡོམས་འབོར་དང་གྲུབ་ཚུལ་འགྱུར་ལྡོག དཔལ་འབྱོར་འཕེལ་རྒྱས་ཀྱི་དུས་རིམ་དང་ཁྱད་ཆོས། སྐྱེ་ཁམས་ཁོར་ཡུག་ཆ་རྐྱེན་གྱི་ཚོད་འཛིན། རྒྱལ་ཁབ་ཀྱི་བདེ་འཇགས་དང་ས་བབ་དང་འབྲེལ་བའི་ཆབ་སྲིད་གནས་སྟངས་སོགས་ཀྱི་རྒྱུ་རྐྱེན་ལ་བསམ་གཞིགས་གང་ལེགས་བྱ་དགོས། མི་གྲངས་ཀྱི་ངོས་ནས་བལྟས་ན། རང་རྒྱལ་གྱི་མི་གྲངས་འཕར་ཚད་མངོན་གསལ་སྒོས་ཇེ་དལ་དུ་སོང་ཡོད་པ་དང་། སྔོན་དཔག་བྱས་ན་མགྱོགས་མྱུར་འཕེལ་རྒྱས་འགྲོ་སྲིད། འོན་ཀྱང་ན་ཚོད་རྒས་པ་དང་མཁར་གྲོང་ཅན་སྔར་ལས་འཕེལ་རྒྱས་འགྲོ་སྲིད་པ་དང་། མི་གྲངས་ཁྱབ་ཚུལ་དེ་གྲོང་ཁྱེར་ཅན་གྱི་ས་ཁོངས་བར་སྟོང་དུ་གཅིག་སྡུད་བྱེད་པ་ནི་འཕེལ་ཕྱོགས་ཆེན་པོ་ཞིག་ཡིན་པས། གནས་སྡོད་བར་སྟོང་གི་སྤུས་ཚད་ཐད་ཀྱི་བླང་བྱ་རྒྱུན་མི་ཆད་པར་མཐོ་རུ་འགྲོ་སྲིད། དཔལ་འབྱོར་གྱི་ཕྱོགས་ནས་བལྟས་ན། རང་རྒྱལ་ནི་བཟོ་ལས་ཅན་གྱི་དུས་དཀྱིལ་དང་དུས་མཇུག་ཏུ་གནས་པ་དང་། དཔལ་འབྱོར་གྲུབ་ཚུལ་རིམ་བཞིན་རྩེར་སོན་ཅན་དུ་འགྱུར་བ། འཕེལ་རྒྱས་རྣམ་པ་དེ་ལེགས་བསྡུས་ཞིབ་གཉེར་ཅན་དུ་འགྱུར་བ། ཐོན་ལས་བར་སྟོང་གི་དགོས་མཁོ་འཕར་ཚུལ་དལ་བ། ལེགས་བསྡུས་ཞིབ་གཉེར་དང་ཕན་འབྲས་ཆེ་བ་ནི་དུས་ཀྱི་འཁོར་ཕྱོགས་རེད། སྐྱེ་ཁམས་ཀྱི་ངོས་ནས་བལྟས་ན། རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་བཞིན་ཡོད་པ་དང་སྤྱིའི་རྣམ་པ་ཇེ་ལེགས་སུ་ཕྱིན་མོད། འོན་ཀྱང་མི་གྲངས་དང་དཔལ་འབྱོར་འཕར་སྣོན་གྱི་གནོན་ཤུགས། གནམ་གཤིས་འགྱུར་ལྡོག་སོགས་ཀྱི་ཉེན་ཁ་སྔར་བཞིན་གནས་ཡོད། བདེ་འཇགས་ཀྱི་ངོས་ནས་བལྟས་ན། རང་རྒྱལ་གྱི་འཕེལ་རྒྱས་ལ་འཕྲད་པའི་ཕྱི་ཕྱོགས་ཀྱི་ཉེན་ཁ་སྔར་ལས་ཆེ་རུ་འགྲོ་བཞིན་ཡོད་པ་དང་། ཐོན་ཁུངས་ཕྱི་ཕྱོགས་ལ་བརྟེན་ཚད་མཐོ་བ། མི་གྲངས་དང་དཔལ་འབྱོར་བར་སྟོང་ཁྱབ་ཚུལ་དོ་སྙོམས་མིན་པ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་པ་བཅས་ཀྱི་འགལ་བ་འབུར་ཐོན་དུ་གནས་ཡོད།
རྒྱལ་ཁོངས་ས་ཁོངས་ཀྱི་བར་སྟོང་འཕེལ་རྒྱས་གཏོང་བའི་རྣམ་པ་ཇེ་ལེགས་སུ་གཏོང་ན། གཞི་རྩའི་ཐབས་ལམ་ནི་གཙོ་ནུས་ཐོན་ཁུལ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་ལ་གཞི་ཚུགས་པ། ས་གནས་སོ་སོའི་ཁྱད་སྟོབས་འདོན་སྤེལ་བྱས་ཏེ་གྲོང་ཁྱེར་ཅན་གྱི་ས་ཁུལ་དང་། ཞིང་ལས་ཐོན་རྫས་གཙོ་ཐོན་ཁུལ། སྐྱེ་ཁམས་བྱེད་ནུས་ཁུལ་བཅས་བར་སྟོང་ཆེན་པོ་གསུམ་གྱི་རྣམ་པ་རིམ་བཞིན་ཆགས་པར་བྱེད་པ་དང་། རྨང་གཞི་དེའི་ཐོག་རྨང་གཞིའི་སྒྲིག་བཀོད་གལ་ཆེན་དང་ཐོན་སྐྱེད་ནུས་ཤུགས་གལ་ཆེན། སྤྱི་པའི་ཐོན་ཁུངས་ཀྱི་བཀོད་པ་བཅས་ལེགས་བསྒྱུར་བྱས་ནས་ནུས་པ་མི་འདྲ་བའི་བར་སྟོང་གི་ཁྱད་སྟོབས་གསབ་རེས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་བྱ་དགོས། གྲོང་ཁྱེར་ཅན་གྱི་ས་ཁུལ་ལ་ལས་ཕྱོད་མཐོ་བའི་ངང་དཔལ་འབྱོར་དང་མི་གྲངས་གཅིག་སྡུད་བྱེད་པ་དང་། གཞི་རྩའི་ཞིང་ཁ་དང་སྐྱེ་ཁམས་བར་སྟོང་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་དང་། ཞིང་ལས་ཐོན་རྫས་གཙོ་ཐོན་ཁུལ་གྱི་ཞིང་ལས་ཐོན་སྐྱེད་བྱེད་ནུས་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱེད་པ། སྐྱེ་ཁམས་ནུས་ཁུལ་གྱིས་འཕེལ་རྒྱས་གཏོང་བའི་གཙོ་གནད་དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་། སྐྱེ་ཁམས་ཐོན་རྫས་འདོན་སྤྲོད་བྱེད་པའི་སྟེང་དུ་འཇོག་པར་རྒྱབ་སྐྱོར་བྱེད་པ། སྐྱེ་ཁམས་ནུས་ཁུལ་གྱི་མི་གྲངས་རིམ་བཞིན་གོ་རིམ་ལྡན་པའི་སྒོ་ནས་སྤོ་བསྒྱུར་བྱེད་པར་རྒྱབ་སྐྱོར་བཅས་བྱ་དགོས། ཁྱད་སྟོབས་ཅུང་ཡོད་པ་རྨང་གཞིར་བྱས་པའི་ལུགས་མཐུན་གྱི་ལས་བགོས་དང་བར་སྟོང་ལེགས་བསྡུས་བེད་སྤྱོད་བྱས་པ་བརྒྱུད། གྲོང་ཁྱེར་ཅན་གྱི་ས་ཁུལ་ལ་དཔལ་འབྱོར་གྱི་ཐོན་ཚད་སྔར་ལས་མཐོ་བ་ཐོན་དུ་འཇུག་པ་དང་། སྤོ་སྒྱུར་གཏོང་སྤྲོད་ལ་བརྟེན་ནས་ཞིང་ལས་ཐོན་རྫས་ཐོན་ཁུལ་གཙོ་བོ་དང་སྐྱེ་ཁམས་བྱེད་ནུས་ཁུལ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པ། མཐའ་མཚམས་ས་ཁུལ་གྱི་མི་གྲངས་དང་དཔལ་འབྱོར་བརྟན་བརླིང་ཡོང་བར་རྒྱབ་སྐྱོར་བྱས་ཏེ། ཕྱོགས་ཡོངས་ཀྱི་རྒྱལ་ཁོངས་ས་ཁོངས་བར་སྟོང་འཕེལ་རྒྱས་རྣམ་པ་དོ་མཉམ་དང་ལེགས་བསྒྱུར་ཆེན་པོ་བྱ་དགོས།
རྒྱལ་ཁོངས་ས་ཁོངས་བར་སྟོང་འཕེལ་རྒྱས་ཀྱི་རྣམ་པ་ལེགས་སྒྱུར་བྱེད་པར་ངེས་པར་དུ་བར་སྟོང་མི་འདྲ་བའི་སྔོན་ཐོབ་གོ་རིམ་གཏན་འཁེལ་ལུགས་མཐུན་བྱ་དགོས། རང་རྒྱལ་གྱི་གནས་ཚུལ་དངོས་ལ་གཞིགས་ན། ཞིང་ལས་ཐོན་སྐྱེད་ཀྱི་བར་སྟོང་སྲུང་སྐྱོབ་བྱེད་པའི་གོ་གནས་ཏེ་ཨང་དང་པོར་འཇོག་དགོས་པ་དང་། དེ་ནས་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་བར་སྟོང་དང་། མཇུག་མཐར་གྲོང་ཁྱེར་གསར་སྤེལ་བྱེད་པའི་བར་སྟོང་ལ་འཇོག་དགོས། དམིགས་བསལ་གྱི་གོ་རིམ་འདི་གཞིར་བཟུང་སྟེ“ས་ཁུལ་གསུམ་ལམ་ཐིག་གསུམ”དབྱེ་འབྱེད་གཏན་འབེབས་བྱེད་དགོས། རྨང་གཞི་དེའི་ཐོག་ཚན་རིག་དང་མཐུན་པའི་སྒོ་ནས་རྒྱལ་ཁབ་ཀྱི་ས་ཁོངས་བར་སྟོང་འཆར་འགོད་བཟོ་བ་དང་ལག་བསྟར་བྱས་ཏེ། རང་བྱུང་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ས་ཁམས་ཆ་རྐྱེན་དང་དེ་མིན་འཕེལ་རྒྱས་ཀྱི་དགོས་མཁོར་གཞིགས་ནས། ནུས་པ་མི་འདྲ་བའི་རྒྱལ་ཁོངས་ས་ཁོངས་བར་སྟོང་དང་མཐའ་མཚམས་ལུགས་མཐུན་ངང་དབྱེ་འབྱེད་གཏན་འཁེལ་བྱས་ཏེ། རྒྱལ་ཁབ་ཀྱི་བར་སྟོང་འཕེལ་རྒྱས་ཀྱི་ཕྱོགས་སྟོན་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་བར་སྟོང་གི་གཞི་རིས་ཤིག་ཆགས་པ་བྱས་ནས་གསར་སྤེལ་དང་སྲུང་སྐྱོབ། འཛུགས་སྐྲུན་བཅས་ཀྱི་བྱེད་སྒོ་སྣ་ཚོགས་ཀྱི་གཞི་རྩའི་གཞི་འཛིན་ས་ཞིག་ཆགས་པ་བྱེད་དགོས། དུས་མཚུངས་སུ། ནུས་ཤུགས་ཡོད་དགུས་བར་སྟོང་བེད་སྤྱོད་པའི་ལས་ཆོད་ཆེ་རུ་གཏོང་བ་དང་། བར་སྟོང་བཀོལ་སྤྱོད་བྱེད་སྟངས་གསར་སྐྲུན་བྱེད་པ། བར་སྟོང་ཐོན་ཁུངས་གསར་འབྱེད་དང་། རང་བྱུང་ཆོས་ཉིད་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆོས་ཉིད་དང་བསྟུན་པ། དཔལ་འབྱོར་དང་མི་གྲངས་འཕེལ་རྒྱས་འཚམ་མཐུན་ས་ཁུལ་དུ་ལུགས་མཐུན་ངང་གཅིག་བསྡུས་དང་སྙོམས་སྒྲིག་བྱེད་པ། གཙོ་ནུས་ཐོན་ཁུལ་གྱི་ཚོད་འཛིན་ནུས་ལྡན་དང་། གསར་སྤེལ་གོ་རིམ་ལྡན་པའི་རྒྱལ་ཁོངས་ས་ཁོངས་བར་སྟོང་འཕེལ་རྒྱས་ཀྱི་རྣམ་པ་ཆགས་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།
ཡིག་སྒྱུར་བ། ཤ་བོ་རིན་མཚོ།