ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་ཡིན།
2023.03.01 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 24

---སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བགྲོ་གླེང་འཛིན་གྲྭ་ཚོགས་འགོ་རྩོམ་པའི་མཛད་སྒོའི་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པའི་སྐོར་གླེང་བ།

ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་བགྲོད་ལམ་ནི་ཆེས་རྩ་བར་གྱུར་པའི་གནད་དོན་ཞིག་རེད། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དུ་གསར་དུ་ཞུགས་པའི་ཨུ་ཡོན་དང་། རྗེས་སྣོན་ཨུ་ཡོན། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོ་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བགྲོ་གླེང་འཛིན་གྲྭ་ཚོགས་འགོ་རྩོམ་པའི་མཛད་སྒོའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རྒྱལ་ཁབ་སོ་སོའི་དེང་རབས་ཅན་གྱི་ཐུན་མོང་ཁྱད་ཆོས་ཡོད་ལ། རང་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞིགས་པའི་མངོན་གསལ་དོད་པའི་ཁྱད་ཆོས་ཀྱང་ཡོད”པར་བསྟན་པ་དང་།“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལམ་དུ་སྐྱོད་ཐུབ་པ་དང་། བརྟན་པོར་སྐྱོད་པ་དེ་ནི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བའི་ཡང་དག་པའི་བགྲོད་ལམ་ཉག་ཅིག་ཡིན”ཞེས་ནན་གྱིས་བསྟན་ཡོད།

དེང་རབས་ཅན་ནི་སྣ་གཅིག་རྐྱང་གི་གདམ་ག་ཞིག་མ་ཡིན། ལོ་རྒྱུས་ཆ་རྐྱེན་གྱི་སྣ་མང་རང་བཞིན་གྱིས་རྒྱལ་ཁབ་སོ་སོའི་འཕེལ་རྒྱས་བགྲོད་ལམ་གྱི་གདམ་ག་སྣ་མང་རང་བཞིན་ཡིན་པ་ཐག་གཅོད་བྱས་ཡོད། རྒྱལ་ཁབ་ཅིག་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པར་དེང་རབས་ཅན་གྱི་སྤྱིར་བཏང་གི་ཆོས་ཉིད་ལ་བརྩི་སྲུང་ཞུ་དགོས་ལ། རང་རྒྱལ་ཁབ་ཀྱི་དོན་དངོས་དང་དེ་བས་འཚམ་དགོས་ཤིང་། རང་རྒྱལ་ཁབ་ཀྱི་ཁྱད་ཆོས་དེ་བས་ཀྱང་ལྡན་དགོས། བགྲོད་ལམ་བཟང་མིན་གྱི་གནད་འགག་ནི་རྒྱལ་ཁབ་རང་གི་གནས་ཚུལ་དང་འཚམ་མིན་དང་། དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་འཚམ་མིན། དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་ཡར་ཐོན། དམངས་ཚིས་ལེགས་བཅོས། སྤྱི་ཚོགས་བརྟན་འཇགས་བཅས་ཡོང་མིན། མི་དམངས་ཀྱི་རྒྱབ་སྐྱོར་དང་བརྩི་བཀུར་ཐོབ་མིན་དང་། མིའི་རིགས་ཡར་ཐོན་ལས་དོན་ལ་ལེགས་སྐྱེས་འབུལ་ཐུབ་མིན་བཅས་ལ་ལྟ་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་ཡུན་རིང་འཚོལ་ཞིབ་དང་ལག་ལེན་བྱས་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན། ཀྲུང་གོའི་དོན་དངོས་དང་མཐུན་པ་དང་། ཀྲུང་གོ་མི་དམངས་ཀྱི་བསམ་འདུན་མཚོན་པ། དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་པ་བཅས་ཀྱི་ཐོག་ནས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད་མཚོན་ཡོད་ལ། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་ཀྱང་མཚོན་ཡོད་པས། དེ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པའི་ལྡོག་མེད་ཀྱི་ལམ་བུ་དང་། མི་དམངས་ཀྱིས་མཛེས་སྡུག་འཚོ་བ་སྐྲུན་པའི་ལྡོག་མེད་ཀྱི་ལམ་བུ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་ལྡོག་མེད་ཀྱི་ལམ་བུ་བཅས་རེད།

རང་ཉིད་ཀྱི་ལམ་དུ་བགྲོད་རྒྱུ་ནི་ཏང་གི་རིགས་པའི་གཞུང་ལུགས་དང་ལག་ལེན་ཀྱི་གཞི་འཛིན་ས་ཡིན། ལོ་ངོ་བརྒྱའི་རིང་། ཏང་གི་འབད་འཐབ་དམིགས་འབེན་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་མི་རབས་ནས་མི་རབས་བར་གཅིག་རྗེས་གཉིས་མཐུད་ངང་སྐུལ་འདེད་བཏང་ཡོད། ང་ཚོ་ཀྱག་ཀྱོག་གི་ལམ་བུ་བརྒྱུད་མྱོང་བ་དང་། བསམ་ཡུལ་ལས་འདས་པའི་དཀའ་ངལ་དང་བར་ཆད་ཁ་ཤས་ལའང་འཕྲད་མྱོང་ཡོད་མོད། འོན་ཀྱང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འདོད་བློ་དང་ཆོད་སེམས་ལ་གཡོ་འགུལ་གཏན་ནས་ཐེབས་མེད། ཀྲུང་གོ་གསར་པ་དབུ་བརྙེས་པ་དང་ལྷག་པར་དུ་བཅོས་སྒྱུར་སྒོ་འབྱེད་བྱས་ཚུན་དུ། ང་ཚོས་ལོ་ངོ་བཅུ་ཕྲག་འགའི་དུས་ཚོད་བེད་སྤྱད་དེ་ནུབ་ཕྱོགས་ཀྱི་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་ལོ་ངོ་བརྒྱ་ཕྲག་དུ་མའི་རིང་བཟོ་ལས་ཅན་དུ་གྱུར་བའི་ལོ་རྒྱུས་ཀྱི་ལམ་བུར་བསྐྱོད་ཚར་ཞིང་། དཔལ་འབྱོར་འཕེལ་རྒྱས་མགྱོགས་པོ་བྱུང་བ་དང་སྤྱི་ཚོགས་ཡུན་རིང་བརྟན་འཇགས་བྱུང་བའི་བྱས་རྗེས་ངོ་མཚར་ཅན་གསར་བཏོད་བྱས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལམ་དུ་རྒྱལ་ཁའི་ངང་བགྲོད་དེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཡངས་ཤིང་རྒྱ་ཆེ་བའི་མདུན་ལྗོངས་བཏོད་པ་རེད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། རང་རེའི་ཏང་གིས་ད་ཡོད་ཀྱི་རྨང་གཞིའི་སྟེང་མུ་མཐུད་མདུན་སྐྱོད་དང་། ངོས་འཛིན་མུ་མཐུད་ཇེ་ཟབ་ཏུ་གཏོང་བ། འཐབ་ཇུས་སྟེང་མུ་མཐུད་འཐུས་ཚང་དུ་གཏོང་བ། ལག་ལེན་སྟེང་མུ་མཐུད་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། རིགས་པའི་གཞུང་ལུགས་དང་ལག་ལེན་སྟེང་མུ་མཐུད་དུ་གསར་སྐྲུན་ཐོད་བརྒལ་བྱུང་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རྒྱལ་ཁའི་ངང་སྐུལ་འདེད་དང་རྒྱ་སྐྱེད་བཏང་ཡོད། ལོ་ངོ་བཅུའི་རིང་ལ། འབད་འབུངས་ཡར་བརྩོན་བྱས་པར་བརྟེན། ང་ཚོས་འབྱོར་འབྲིང་གི་ཀྲུང་ཧྭ་མི་རིགས་ཀྱི་སྟོང་ལོའི་ཕུགས་འདུན་མངོན་འགྱུར་བྱུང་ནས་མིའི་རིགས་ཀྱི་ལོ་རྒྱུས་སྟེང་གཞི་ཁྱོན་ཆེས་ཆེ་བའི་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་དང་། ལོ་རྒྱུས་རང་བཞིན་གྱི་སྒོ་ནས་ཤིན་ཏུ་དབུལ་བོའི་གནད་དོན་ཐག་གཅོད་བྱས་ཡོད། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། བདེ་སྣང་། སྐྱིད་སྣང་བཅས་སྔར་ལས་ལེགས་པ་དང་། སྔར་ལས་འགན་ལེན། སྔར་ལས་རྒྱུན་མཐུད་པ་བཅས་ཀྱི་སྒོ་ནས་མཉམ་དུ་ཕྱུག་འགྱུར་ཡོང་བར་གྲུབ་འབྲས་གསར་པ་ཐོབ་ཡོད། ཀྲུང་གོའི་མི་དམངས་ཀྱི་མདུན་སྐྱོད་སྒུལ་ཤུགས་སྔར་ལས་ཆེ་བ་དང་། འབད་འཐབ་ཀྱི་སྙིང་སྟོབས་སྔར་ལས་ཆེ་རུ་ཕྱིན་ལ། རྒྱལ་ཁ་ཐོབ་ངེས་ཀྱི་དད་སེམས་སྔར་ལས་ཇེ་བརྟན་དུ་ཕྱིན་ནས་ལོ་རྒྱུས་ཀྱི་རང་རྟོགས་དང་རང་འགུལ་གྱི་སྙིང་སྟོབས་སྔར་ལས་ཇེ་དྲག་ཏུ་ཕྱིན་ཡོད།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ལོ་རྒྱུས་རང་བཞིན་དང་། དཀྱོག་མཚམས་རང་བཞིན། ཕྱོགས་ཡོངས་རང་བཞིན་བཅས་ཀྱིས་འགྱུར་ལྡོག་ཕྱིན་ནས་མེས་རྒྱལ་གྱི་ནམ་མཁའ་སྔར་ལས་སྔོན་པོ་དང་། རི་བོ་སྔར་ལས་ལྗང་མདོག ཆུ་བོ་སྔར་ལས་དྭངས་གསལ་བྱུང་ཡོད། རང་རྒྱལ་གྱི་རྒྱལ་སྤྱིའི་ཤུགས་རྐྱེན་ནུས་པ་དང་། འབོད་སྐུལ་ནུས་པ། གསར་བཟོ་ནུས་པ་བཅས་མངོན་གསལ་དོད་པོས་མཐོར་འདེགས་བྱུང་ནས་མིའི་རིགས་ཀྱི་མདུན་དུ་ལྷགས་པའི་ཐུན་མོང་གི་གནད་དོན་ཐག་གཅོད་བྱེད་པར་ཀྲུང་གོའི་བློ་གྲོས་དང་། ཀྲུང་གོའི་ཇུས་གཞི། ཀྲུང་གོའི་སྟོབས་ཤུགས་དེ་བས་མང་བ་དང་དེ་བས་ཡག་པོ་མཁོ་འདོན་བྱེད་དགོས། ལག་ལེན་གྱི་ཐོག་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་དུ་བསྐྱོད་པ་འགྲིག་ཅིང་། བསྐྱོད་པ་བརྟན་ཞིང་ལེགས་པར་ར་སྤྲོད་གང་ལེགས་བྱས་ཡོད།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ལྔའི་ཐད་ཀྱི་ཀྲུང་གོའི་ཁྱད་ཆོས་འདུས་ཡོད་པ་གསལ་བོར་བསྟན་ཡོད་དེ། །ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཚན་རིག་གི་ནང་དོན་གཏིང་ཟབ་པའི་སྒོ་ནས་འགྲེལ་བཤད་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐེངས་འདིའི་བགྲོ་གླེང་འཛིན་གྲྭ་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་གི་གསུང་བཤད་གལ་ཆེན་ནང་“དེ་ནི་རིགས་པའི་གཞུང་ལུགས་ཀྱི་སྙིང་བསྡུས་ཤིག་ཡིན་ལ། ལག་ལེན་གྱི་བླང་བྱ་ཞིག་ཀྱང་ཡིན་པས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་ཕྱོགས་ཡོངས་ནས་སྐྲུན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་ཞིག་གསལ་སྟོན་བྱས་ཡོད”ཅེས་བསྟན་ཡོད། མི་གྲངས་ཀྱི་གཞི་ཁྱོན་ཧ་ཅང་ཆེ་བའི་དེང་རབས་ཅན་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྱད་ཆོས་མངོན་གསལ་དོད་པོ་ཞིག་རེད། ང་ཚོ་ནི་མི་གྲངས་འབུམ་ཕྲག་ཁ་ཤས་དང་། མི་གྲངས་ས་ཡ་ཁ་ཤས། མི་གྲངས་བྱེ་བ་ཁ་ཤས་ཀྱི་དེང་རབས་ཅན་དང་མི་འདྲ་བར། མི་གྲངས་དུང་ཕྱུར14ལྷག་ཡོད་པའི་དེང་རབས་ཅན་ཞིག་ཡིན་པ་དང་། གཞི་ཁྱོན་ད་ཡོད་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་མི་གྲངས་བསྡོམས་འབོར་ལས་བརྒལ་ཡོད་ལ། འདི་ནི་ཆེས་དཀའ་ཚེགས་ཆེ་བ་ཞིག་དང་། ཆེས་རླབས་ཆེ་བ་ཞིག་ཀྱང་རེད། ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞིགས་ནས་གནད་དོན་ལ་བསམ་བློ་གཏོང་བ་དང་། ཐབས་ཇུས་འགོད་པ། བྱ་བ་སྒྲུབ་པ་བཅས་བྱས་ཏེ། བརྟན་ཐོག་ཡར་འཕེལ་དང་། རིམ་གྱིས་གོང་འཕེལ་གཏོང་བ། རྒྱུན་མཐུད་སྐུལ་འདེད་བཅས་རྒྱུན་འཁྱོངས་བྱས་ན། ད་གཟོད་མི་གྲངས་དུང་ཕྱུར14ལྷག་ཡོད་པའི་དེང་རབས་ཅན་གྱི་སྤྱི་ཚོགས་སུ་སྐྱོད་ཐུབ། མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་པོར་འགྱུར་བའི་དེང་རབས་ཅན་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོའི་ཁྱད་ཆོས་རེད། མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་ཡིད་སྨོན་བྱེད་པ་མངོན་འགྱུར་བྱེད་རྒྱུ་དེ་དེང་རབས་ཅན་འཛུགས་སྐྲུན་གྱི་མགོ་རྩོམ་ས་དང་རྐང་འཛུགས་སར་བརྩི་བ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཚོགས་འདྲ་མཉམ་དྲང་གཞག་ཡོང་བར་ཤུགས་ཆེན་པོས་སྲུང་སྐྱོབ་དང་སྐུལ་སྤེལ་བྱས་ན། ད་གཟོད་མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་ཐུབ། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་ཟུང་འབྲེལ་བྱེད་པའི་དེང་རབས་ཅན་དུ་འགྱུར་བར་ཕྱིའི་དངོས་པོའི་སྟེང་ནས་ཕྱུག་པོར་འགྱུར་དགོས་ལ་བསམ་པའི་སྟེང་ནས་ཀྱང་ཕྱུག་པོ་ཡིན་དགོས་པས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རླབས་ཆེན་གྱི་འཚོལ་སྙེག་ཤིག་ཡིན་པ་རེད། དེང་རབས་ཅན་གྱི་དངོས་པོའི་རྨང་གཞི་མུ་མཐུད་དུ་སྲ་བརྟན་དུ་གཏོང་བ་དང་། མི་དམངས་ཀྱི་ཉིན་བཞིན་འཕེལ་རྒྱས་འགྲོ་བཞིན་པའི་བསམ་པའི་རིག་གནས་དགོས་མཁོ་མུ་མཐུད་དུ་བསྐངས་ན། ད་གཟོད་དངོས་པོའི་འབྱོར་ཕྱུག་སྟེང་ཕྱོགས་ཡོངས་ནས་ཕུན་སུམ་ཇེ་ཚོགས་དང་མི་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཐུབ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ནི་རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོབ་བཅས་བྱས་ཏེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་རྒྱུ་དེ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མངོན་གསལ་དོད་པའི་ཁྱད་ཆོས་ཤིག་རེད། དངོས་པོའི་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དུས་མཉམ་དུ་སྤེལ་བ་དང་། བློ་བརྟན་འགྱུར་མེད་ཀྱིས་ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་ཕྱུག་འགྱུར། སྐྱེ་ཁམས་བཟང་བའི་དཔལ་ཡོན་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་ན། ད་གཟོད་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་ཐུབ། ཞི་བདེའི་འཕེལ་རྒྱས་བགྲོད་ལམ་གྱི་དེང་རབས་ཅན་དུ་སྐྱོད་པ་དང་། ཞི་བདེའི་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ནས་བློ་བརྟན་འགྱུར་མེད་སྒོས་འཛམ་གླིང་གི་ཞི་བདེ་ལ་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་བའི་ཁྲོད་རང་སྟེང་གི་འཕེལ་རྒྱས་བརྩོན་ལེན་བྱེད་དགོས་པ་དང་། རང་ཉིད་ཀྱི་འཕེལ་རྒྱས་ལ་བརྟེན་ནས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྔར་ལས་ལེགས་པའི་སྒོ་ནས་སྲུང་སྐྱོང་བྱེད་དགོས་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་སྐྲུན་པར་སྐུལ་འདེད་གཏོང་བ་བཅས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འབུར་དུ་ཐོན་པའི་ཁྱད་ཆོས་ཤིག་རེད། བློ་བརྟན་འགྱུར་མེད་ངང་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་འགྲེངས་པ་དང་། མིའི་རིགས་ཀྱི་དཔལ་ཡོན་ཡར་ཐོན་གྱི་ཕྱོགས་སུ་འགྲེངས་བ། ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་གྱི་དར་ཆ་མཐོན་པོར་བསྒྲེངས་ཚེ། གཞི་ནས་ལོ་རྒྱུས་འཁོར་ལོ་དེ་འོད་སྟོང་འཕྲོ་བའི་མདུན་ལམ་ཕྱོགས་སུ་སྐུལ་འདེད་གཏོང་ཐུབ།

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་རླབས་ཆེ་ཞིང་དཀའ་ཚེགས་ཆེ་བའི་བྱ་གཞག་ཅིག་རེད། དཀའ་ཚེགས་ཆེ་ཡང་རླབས་ཆེ་བ་དང་། དཀའ་ཚེགས་ཆེ་ཡང་སྔར་ལས་གཟི་བརྗིད་ལྡན་པ་ཞིག་རེད། དེང་སྐབས། འཛམ་གླིང་ལོ་ངོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་ཅིང་། རང་རྒྱལ་གྱི་འཕེལ་རྒྱས་དེ་འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁའི་འགྲན་སློང་མཉམ་དུ་གནས་པ་དང་། ངེས་གཏན་མེད་པ་དང་ཚོད་དཔག་བྱེད་དཀའ་བའི་རྒྱུ་རྐྱེན་མང་བའི་དུས་སྐབས་སུ་སླེབས་ཡོད། ང་ཚོ་ལོ་རྒྱུས་ཐོག་གི་དུས་སྐབས་གང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་དམིགས་འབེན་མངོན་འགྱུར་བྱ་རྒྱུར་སྔར་ལས་ཐག་ཉེ་བ་དང་། སྔར་ལས་ཡིད་ཆེས་དང་ནུས་པ་ཡོད་པའི་དུས་མཚུངས་སུ། ངེས་པར་དུ་དཀའ་ཚེགས་དང་དཀའ་སྡུག་སྔར་ལས་ཆེ་བ་འབུལ་དགོས་པའི་གྲ་སྒྲིག་བྱེད་དགོས། མདུན་སྐྱོད་ཀྱི་བགྲོད་ལམ་སྟེང་། ང་ཚོས་ཐོག་མཐའ་བར་གསུམ་དུ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་བརྒྱབ་སྟེ། ཏང་གི་འགོ་ཁྲིད་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་ཁྱབ་ཁོངས་སོ་སོ་དང་ཕྱོགས་སོ་སོའི་ཐད་དང་རིམ་པ་སོ་སོའི་སྟེང་དངོས་འབེབ་བྱས་ནས་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ཀྱི་ཡང་དག་པའི་ཁ་ཕྱོགས་ལ་འགན་སྲུང་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་རྒྱུན་འཁྱོངས་དང་། ཕུགས་འདུན་མི་འགྱུར་བ་དང་། ལམ་མི་འགྱུར་བའི་ཆོད་སེམས་ཇེ་བརྟན་དུ་བཏང་ནས་རང་རྒྱལ་གྱི་འཕེལ་རྒྱས་དང་ཡར་ཐོན་གྱི་ལས་དབང་དེ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་ཀྱི་ཆེད་དུ་འཕེལ་རྒྱས་གཏོང་བ་དང་། མི་དམངས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་བྱེད་པ་མུ་མཐུད་དུ་མངོན་འགྱུར་ཡོང་བར་བྱས་ནས་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་དེས་སྔར་ལས་མང་བ་དང་སྔར་ལས་འདྲ་མཉམ་གྱི་སྒོ་ནས་མི་དམངས་ཡོངས་ལ་ཕན་པ་ཐོབ་པར་བྱེད་དགོས། བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་དུ་སྤེལ་བ་རྒྱུན་འཁྱོངས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་སྒུལ་ཤུགས་དང་གསོན་ཤུགས་མུ་མཐུད་ཇེ་དྲག་ཏུ་བཏང་སྟེ། རང་རྒྱལ་གྱི་ལམ་ལུགས་དགེ་མཚན་དེ་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་ནུས་ཆོད་ཀྱི་ཕྱོགས་སུ་སྔར་ལས་ལེགས་པར་བསྒྱུར་དགོས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས་ནུས་ཤུགས་ཡོད་རྒུས་མདུན་སྐྱོད་བགྲོད་ལམ་སྟེང་གི་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་བར་བྱས་ཏེ། ཞུམ་མེད་ཀྱི་འཐབ་རྩོད་ལ་བརྟེན་ནས་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས།

 ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ང་ཚོར་ཡངས་ཤིང་རྒྱ་ཆེ་བའི་གར་སྟེགས་ཡོད་པ་དང་། ལོ་རྒྱུས་ཀྱི་ནང་དོན་ཟབ་མོ་ལྡན་ལ། མདུན་སྐྱོད་ཀྱི་ངེས་ཤུགས་ཚད་མེད་ལྡན་ཡོད། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་བྱས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་དམ་འཛིན་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་རང་ཉིད་ཀྱི་ལམ་དུ་སྐྱོད་པ། བློ་གཅིག་སེམས་གཅིག་གིས་རང་ཉིད་ཀྱི་བྱ་བ་ཡག་པོར་སྒྲུབ་པ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་ཐུབ་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཐུབ་པར་གདོན་མི་ཟ།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།