ཉེ་ལམ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་དང་པོའི་དགོངས་དོན་གཏིང་ཟབ་པའི་ངང་དྲིལ་སྒྲོག་བྱེད་པ་དང་། ཤུགས་ཆེན་པོའི་ངང“ ཞིང་གསུམ ” བྱ་བར་སྐུལ་འདེད་བྱེད་ཆེད། ཟི་ལིང་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཧོང་ཀྲུང་ས་ཁུལ་པེན་ཀུའུ་སྡེ་བར་སྡོད་པའི་བྱ་བའི་རུ་ཁག་གིས་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་ཁྱིམ་ཚང་རེ་རེར་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་དང་པོའི་དགོངས་དོན་སྒྲོག་འགྲེལ་བྱས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཀྲུང་དབྱང་གི་ཞིང་སྡེ་བྱ་བའི་ཚོགས་འདུའི་དགོངས་དོན་དྲིལ་སྒྲོག་བྱེད་པ་ཕྱོགས་ཡོངས་ནས་ལག་ལྟར་དོན་འཁྱོལ་བྱེད་པ་དང་། “གཏམ་བཤད་གཅིག་དང་བརྟན་པོ་གཉིས། སྐུལ་འདེད་གསུམ་”གྱི་བླང་བྱ་རྒྱུན་འཁྱོངས་བྱས་ཏེ། མིག་སྔར་གྱི་དཔྱིད་འདེབས་གྲ་སྒྲིག་དང་གྲོང་གསེབ་དར་སྤེལ། རིམས་ནད་སྔོན་འགོག་ཚོད་འཛིན་སོགས་གྱི་བྱ་བ་གཙོ་བོ་དང་འབྲེལ་ནས། དྲིལ་སྒྲོག་བྱ་བར་གྲུབ་འབྲས་བཟང་པོ་ཐོབ་རྒྱུར་སྐུལ་འདེད་བཏང་།
ཁྱིམ་ཚང་རེ་རེར་བསྐྱོད་དུས་བྱ་བའི་རུ་ཁག་གིས་སྡེ་མིར་འཚམས་འདྲི་བྱེད་ཞོར་དུ་གོ་བདེ་བའི་སྐད་ཆའི་ཐོག་ནས་ཡིག་ཆ་ཨང་དང་པོའི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་། ཁྱིམ་ཚང་གི་འཚོ་བའི་གནས་ཚུལ་ལ་སེམས་ཁུར་དང་རྒྱུས་ལོན་བྱས་པར་མ་ཟད་ཏང་གི་ཞིང་དར་ཞིང་ཕན་ཞིང་ཕྱུག་གི་སྲིད་ཇུས་རེ་རེ་ཡང་སྒྲོག་འགྲེལ་བྱས། ཁྱིམ་ཚང་རེ་རེའི་མིག་སྔར་གྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་བརྒྱུད་ནས། ལས་ཞུགས་ཀྱི་འདོད་བློ་ཡོད་པའི་ཞིང་ཁྱིམ་ལ་ལས་ཞུགས་སྐོར་ཀྱི་ཆ་འཕྲིན་མཁོ་སྤྲོད་བྱས་པ་དང་། ཆེད་དམིགས་ཀྱིས་བྱ་བ་མཚམས་སྦྱོར་བྱས་པ་དངམཉམ་དུ་སྡེ་བའི་ཆ་འཕྲིན་སྤྱི་བསྒྲགས་ཚོགས་པའི་ནང་ལས་མི་བསྡུ་བའི་ཆ་འཕྲིན་སྤེལ་ནས། ཐབས་ལམ་མང་པོ་བརྒྱུད་དེ་དབུལ་ཐར་མི་གྲངས་ཀྱི་ལས་གནས་བརྟན་པོ་དང་ལས་ཞུགས་ལ་སྐུལ་འདེད་བཏང་། ད་དུང་སྡེ་བའི་སྨན་པ་དང་མཉམ་དུ་ཁྱིམ་ཚང་དུ་སོང་སྟེ་དལ་བའི་རང་བཞིན་གྱི་ནད་བྱུང་ཡོད་པའི་ནད་པར་ཁྲག་ཤེད་དང་ཁྲག་མངར་འཇལ་བ་དང་ཁྱིམ་ཚང་གི་བདེ་ཐང་ཡིག་ཚགས་བཟོ་བ། རིམས་འགོག་ཁ་བཏུམ་དང་བཟའ་ཚྭ་སོགས་ཀྱང་བསྐྱལ་བ་རེད། ཁྱིམ་ཚང་ལ་ཅུང་དཀའ་ངལ་ཡོད་པའི་མ་ཝུན་ཧྭ་དང་། ལིས་ཧེ་ཧྭ། མཱ་ཡིའུ་ལུའུ། མཱ་ཀྲན་ཧུའུ་སོགས་ཁྱིམ་ཚང10ལ་འཚམས་འདྲིའི་སྒོར་མོ200རེ་བྱིན་ནས་དཔྱིད་འདེབས་གྲ་སྒྲིག་ཐད་རོགས་རམ་བྱས།
ཁྱིམ་ཚང་དུ་སོང་ནས་སྒྲོག་འགྲེལ་བྱེད་སྐབས།བྱ་བའི་རུ་ཁག་གིས་དབུལ་ཐར་ཁྱིམ་ཚང་རེ་འགའི་ལས་གཉེར་གནས་ཚུལ་བཟང་རྒྱུ་མེད་པ་དང་། ཁོ་ཚོར་ལས་ཀར་འགན་འཁྲིའི་བསམ་པ་མེད་པ་ཤེས་རྟོགས་བྱུང་། དབུལ་ཐར་ཁྱིམ་ཚང་མཱ་ཡིའུ་ལུའུ་ནགས་སྲུང་བའི་ལས་གནས་ལས་བུད་དེ་ད་ལྟ་མི་གཞན་ལ་བ་གླང་གསོ་རོགས་བྱེད་ཀྱིན་ཡོད་ལ། དབུལ་ཐར་ཁྱིམ་ཚང་མཱ་ཅིན་ཚའེ་ཀན་ཧོ་བཟོ་ལས་གླིང་ཁུལ་གྱི་གཙང་ཕྱགས་པའི་ལས་གནས་ལས་བུད་དེ་ད་ལྟ་ཁྱིམ་དུ་བ་གླང་གསོ་བཞིན་ཡོད། དབུལ་ཐར་ཁྱིམ་ཚང་མཱ་ཀྲུང་ཧྭ་ཡི་གསོ་སྤེལ་ཐོན་ལས་ཡུན་རིང་ལ་ཆད་པ་དང་། བྱ་བའི་རུ་ཁག་གིས་བྱ་བ་སྒྲུབ་རྒྱུར་སྐུལ་འདེད་ཐེངས་མང་བཏང་ཡང་ཕན་ཐོགས་ཅི་ཡང་མ་བྱུང་། དབུལ་ཐར་ཁྱིམ་ཚང་མཱ་ཞིན་གྱིས་ཡུན་ཐེན་ཧྭ་རུ་དངོས་སྐྱེལ་རླངས་འཁོར་བསྐོར་བས་ཡོང་འབབ་མཐོ་ཙམ་ཡོད་པ་མ་ཟད་བརྟན་པོ་ཡང་ཡིན། འོན་ཀྱང་ཁོས་རྟག་ཏུ་གནང་བ་ཞུས་པས་ཡོང་འབབ་ལ་ཤུགས་རྐྱེན་ཐེབས་ཀྱིན་ཡོད། དེ་དང་འདྲ་བའི་ཞིང་ཁྱིམ་ལ་དམིགས་ནས་བྱ་བའི་རུ་ཁག་གིས་ངང་རྒྱུད་རིང་པོའི་སྒོ་ནས་ཁོ་ཚོར་གནས་ལུགས་མང་པོར་བཤད་དེ། ཁོ་ཚོས་ལས་ཞུགས་ཀྱི་གོ་སྐབས་ལ་གཅེས་སྤྲས་བྱེད་དགོས་པ་དང་ཡོང་འབབ་འཕར་བའི་གོ་སྐབས་དམ་འཛིན་བྱས་ནས་མིག་རྒྱང་ཇེ་རིང་དུ་བཏང་སྟེ། ཉིན་རེའི་བྱ་བ་ལེགས་པོར་བསྒྲུབ་ནས་འཚོ་བ་ཡག་པོ་རོལ་རྒྱུའི་སྐོར་ལ་རེ་བ་བཏོན།
ཐེངས་འདིར་ཁྱིམ་ཚང་རེ་རེར་སོང་ནས་སྒྲོག་འགྲེལ་བྱས་པ་བརྒྱུད། ཏང་གི་"ཞིང་གསུམ"སྲིད་ཇུས་དེ་དོན་དངོས་ཀྱི་བྱ་སྤྱོད་དུ་བསྒྱུར་ཏེ། མང་ཚོགས་ཀྱི་ཁྲོད་དུ་སོང་ནས་སྒྲོག་འགྲེལ་བྱེད་པའི་བརྒྱུད་རིམ་ཁྲོད་དཀའ་གནད་ཤེས་རྟོགས་དང་ཐག་གཅོད་བྱེད་རྒྱུ་གཙོ་གནད་དུ་བཟུང་ནས། "སྒྲུབ་པ"ལ་བརྟེན་ནས་"བཤད་རྒྱུར"སྐུལ་འདེད་གཏོང་བ་དང་"བཤད་པ"དང་"སྒྲུབ་པ"ཟུང་འབྲེལ་བྱས་ཏེ། བྱ་བའི་རུ་ཁག་གི་ཁོངས་མི་སྒྲོག་འགྲེལ་པ་ཡིན་པར་མ་ཟད་ལས་སྒྲུབ་པ་ཡང་ཡིན་པས། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཁྲོད་སྒྲོག་འགྲེལ་བྱ་བ་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ། མཛེས་སྡུག་ལྡན་པའི་སྡོད་བདེ་ལས་འཚམ་གྱི་ཞིང་སྡེ་གསར་པ་འཛུགས་སྐྲུན་བྱས་ནས་ནུས་ཤུགས་ཡོད་རྒུས་གྲོང་གསེབ་དར་རྒྱས་མངོན་འགྱུར་བྱེད་དགོས།
ཡིག་སྒྱུར་བ། དངོས་སྦྱོང་སློབ་མ་དབང་མོ་རྒྱལ།