སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་“ཉོ་ཚོང་གི་སྟོབས་ལྡན་རྒྱལ་ཁབ་མྱུར་དུ་འཛུགས་སྐྲུན་བྱེད་དགོས”ཞེས་བླང་བྱ་གསལ་པོ་བཏོན་ཡོད། དེ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་མགོ་རྩོམ་པའི་གནད་འགག་གི་དུས་སྐབས་སུ་བཏོན་པའི་འཐབ་ཇུས་བཀོད་སྒྲིག་ཅིག་ཡིན་པ་དང་། དུས་བབ་གསར་པའི་འོག་སྤུས་ཚད་མཐོན་པོའི་སྒོ་ནས་རང་རྒྱལ་གྱི་ཉོ་ཚོང་འཕེལ་རྒྱས་དང་ཆུ་ཚད་མཐོན་པོའི་སྒོ་ནས་ཕྱི་ཕྱོགས་སུ་སྒོ་འབྱེད་པར་སྐུལ་འདེད་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། རང་རྒྱལ་གྱི་ཉོ་ཚོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ཉོ་ཚོང་གི་རྒྱལ་ཁབ་ཆེན་པོའི་གོ་གནས་རྒྱུན་ཆད་མེད་པར་སྲ་བརྟན་དུ་གྱུར། 2013ལོར་དངོས་ཟོག་ཉོ་ཚོང་གི་རྒྱལ་ཁབ་ཆེན་པོ་ཨང་དང་པོར་གྱུར་ནས2020ལོར་སླེབས་སྐབས་དངོས་ཟོག་དང་ཞབས་ཞུའི་ཉོ་ཚོང་གི་སྤྱི་འབོར་གོ་ལ་ཧྲིལ་པོའི་ཨང་དང་པོར་བསླེབས། 2021ལོར། རང་རྒྱལ་གྱི་ཕྱིར་གཏོང་རྒྱལ་སྤྱིའི་ཁྲོམ་རའི་ཐོབ་སྐལ15.1%ཟིན་པ་དང་། ཉོ་ཚོང་གི་གྲུབ་ཚུལ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་སོང་། དབུས་ནུབ་རྒྱུད་ས་ཁུལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་བསྡུར་ཚད་མངོན་གསལ་གྱིས་མཐོ་རུ་ཕྱིན་པ་དང་། དམངས་གཉེར་ཁེ་ལས་ཀྱི་སྐུལ་ཁྲིད་ནུས་པ་སྔར་ལས་འབུར་ཐོན་དུ་གྱུར། རླངས་འཁོར་དང་གྲུ་གཟིངས་སོགས་ལག་རྩལ་འདུས་ཚད་མཐོ་བ་དང་ཟུར་སྣོན་རིན་ཐང་མཐོ་བའི་ཐོན་རྫས་རིམ་བཞིན་འཕར་གཞི་གསར་པར་གྱུར་ཡོད། ཉོ་འཚོང་གི་རྣམ་པ་གསར་པ་དང་དཔེ་དབྱིབས་གསར་པ་འཕེལ་རྒྱས་མགྱོགས་པོ་བྱུང་བ་དང་། ས་ཁོངས་ལས་བརྒལ་བའི་དྲ་ཐོག་ཚོང་དོན་གྱི་ཕྱོགས་བསྡུས་ཚོད་ལྟའི་ཁུལ132བཙུགས་ཤིང་། ས་ཁུལ་ནང་ཁུལ་གྱི་ཁེ་ལས་ཀྱིས་ཕྱི་རྒྱལ་གྱི་མཛོད་ཁང2000ལྷག་ཙམ་བཙུགས་ཡོད། ཉོ་འཚོང་རོགས་ཟླ་རྒྱུན་ཆད་མེད་པར་མང་དུ་འཕར་ཞིང་ཁྲོམ་རའི་ཁྱབ་ཚུལ་ཉིན་རེ་བཞིན་ཇེ་ལེགས་སུ་སོང་ནས་རྒྱལ་ཁབ་དང་ས་ཁུལ26ལ་རང་མོས་ཉོ་འཚོང་གི་གྲོས་ཆོད19བཞག་པ་དང་། དེའི་ཉོ་འཚོང་བསྡོམས་འབོར་གྱིས་རང་རྒྱལ་གྱི་ཉོ་འཚོང་བསྡོམས་འབོར་གྱི35%ཟིན་ཡོད། 2021ལོར། དངོས་ཟོག་དང་ཞབས་ཞུའི་ཕྱིར་གཏོང་ཁྱད་གྲངས་ཀྱིས་རྒྱལ་ནང་གི་ཐོན་སྐྱེད་སྤྱིའི་ཐོན་རིན་གྱི་བསྡོམས་འབོར་བརྒྱ་ཆའི་གྲངས་ཆུང1.7འཕར་དུ་བཅུག་ནས་རྒྱལ་ནང་གི་ཐོན་སྐྱེད་སྤྱིའི་ཐོན་རིན་གྱི་བསྡོམས་འབོར་འཕར་བར་ལེགས་སྐྱེས་ཕུལ་ཚད20.9%ཟིན་ཡོད་པ་རེད། རང་རྒྱལ་གྱི་ནང་འདྲེན་གྱིས་གོ་ལ་ཧྲིལ་པོའི་ནང་འདྲེན་འཕར་བར་ལེགས་སྐྱེས་ཕུལ་ཚད13.4%ཟིན་ནས་འཛམ་གླིང་གི་དཔལ་འབྱོར་སླར་གསོ་འབྱུང་བར་ཕན་ནུས་ལྡན་པའི་སྐུལ་མ་ཐེབས་ཡོད། འོན་ཀྱང་སྤྱིའི་ཆ་ནས་བཤད་ན། རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་སྔར་བཞིན་ཆེ་ཡང་སྟོབས་ལྡན་མིན་པས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་སྔར་ལས་མཐོ་རུ་གཏོང་དགོས་ལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་གྱི་ནུས་པ་སྔར་ལས་ཆེ་རུ་གཏོང་དགོས།
ཉོ་ཚོང་གི་སྟོབས་ལྡན་རྒྱལ་ཁབ་མྱུར་དུ་འཛུགས་སྐྲུན་བྱེད་རྒྱུ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བརྗོད་གཞིའི་ཁྲོད་ཀྱི་དགོས་ངེས་ཀྱི་དོན་སྙིང་ཡིན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ནི་ངེས་པར་དུ་ཕྱོགས་བསྡུས་ཀྱི་རྒྱལ་སྟོབས་དང་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་འཇོག་ནུས་མདུན་གྲལ་དུ་སླེབས་པའི་རྒྱལ་ཁབ་ཅིག་ཡིན་དགོས། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བའི་དུས་རབས་སུ་ཉོ་ཚོང་གི་གལ་ཆེན་རང་བཞིན་དེ་ལོ་རྒྱུས་ཀྱི་དུས་སྐབས་གང་ཞིག་ལས་ཀྱང་ཆེ་བ་ཡིན། ཉོ་ཚོང་གི་སྟོབས་ལྡན་རྒྱལ་ཁབ་མྱུར་དུ་འཛུགས་སྐྲུན་བྱས་ནས། སྒོ་འབྱེད་ཀྱི་མཐོ་གནས་མཐོ་ཤོས་དེ་ལས་མང་བ་བསྐྲུན་པ་དང་སྒོ་འབྱེད་མཉམ་ལས་ཀྱི་སྟེགས་བུ་གསར་པ་སྔར་ལས་མང་བ་བསྐྲུན་རྒྱུ་དེ་གོ་ལ་ཧྲིལ་པོའི་ཁྲོམ་ར་བསྐྲུན་རྒྱུ་དང་གོ་ལ་ཧྲིལ་པོའི་ཐོན་ཁུངས་ནུས་ལྡན་ངང་སྤྱོད་པ། མཁོ་སྤྲོད་ཀྱི་གྲུབ་ཚུལ་ཇེ་ལེགས་སུ་གཏོང་བ་དང་མཁོ་སྤྲོད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། རྒྱལ་ནང་གི་ཁྲོམ་རའི་མི་མངོན་པའི་སྦས་ཤུགས་འཕེལ་བར་བཅས་བྱས་ནས།རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་ར་གཉིས་ཀྱི་ཐོན་ཁུངས་རིགས་གཉིས་མཉམ་འདྲེས་གཏིང་ཟབ་བྱེད་པ་མངོན་འགྱུར་བྱུང་སྟེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་སྒུལ་ཤུགས་ཆེན་པོ་བསྣོན་ཐུབ།
ཉོ་ཚོང་གི་སྟོབས་ལྡན་རྒྱལ་ཁབ་མྱུར་དུ་འཛུགས་སྐྲུན་བྱེད་རྒྱུ་ནི་ཆ་ཚང་ཞིང་ཡང་དག་པ། ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པའི་བྱ་སྤྱོད་དངོས་རེད། ཉོ་ཚོང་གི་སྟོབས་ལྡན་རྒྱལ་ཁབ་མྱུར་དུ་འཛུགས་སྐྲུན་བྱེད་པར། སྔར་ལས་ལྷག་པའི་སྒོ་ནས་ཉོ་ཚོང་ལས་རྣམ་གྱི་མ་དཔེ་གསར་གཏོད་བྱེད་པའི་གསོན་ཤུགས་ཆེ་རུ་གཏོང་བ་དང་། ནང་མཁོ་དང་ཕྱི་མཁོ། ནང་འདྲེན་དང་ཕྱིར་གཏོང་། དངོས་ཟོག་ཉོ་ཚོང་དང་ཞབས་ཞུའི་ཉོ་ཚོང་། ཉོ་ཚོང་དང་ཕྱོགས་གཉིས་མ་དངུལ་གཏོང་བ། ཉོ་ཚོང་དང་ཐོན་ལས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་བ་བཅས་ལ་སྐུལ་འདེད་བཏང་ནས། ལྗང་མདོག་ཐཱན་ཉུང་རིགས་བསྒྱུར་ཇེ་མགྱོགས་སུ་གཏོང་བ། སྒོ་འབྱེད་མཉམ་ལས་དང་། ཁོང་ཡངས་ཀུན་ཕན། མཉམ་སྤྱོད་མཉམ་རྒྱལ་བཅས་ཀྱི་རྒྱལ་སྤྱིའི་ཉོ་ཚོང་གི་རྣམ་པ་གསར་སྐྲུན་བྱས་ན། ཉོ་ཚོང་ཁྱབ་ཁོངས་གསར་གཏོད་འཕེལ་རྒྱས་དང་མཐུན་སྦྱོར་འཕེལ་རྒྱས། ལྗང་མདོག་འཕེལ་རྒྱས། སྒོ་འབྱེད་འཕེལ་རྒྱས། མཉམ་སྤྱོད་འཕེལ་རྒྱས་བཅས་མྱུར་དུ་མངོན་འགྱུར་འབྱུང་བར་ཕན་ཐོགས་ཡོད།
ཉོ་ཚོང་གི་སྟོབས་ལྡན་རྒྱལ་ཁབ་མྱུར་དུ་འཛུགས་སྐྲུན་བྱེད་རྒྱུ་ནི་རང་རྒྱལ་གྱི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཞིག་རེད། མིག་སྔར། ལོ་བརྒྱའི་འགྱུར་ལྡོག་དང་དུས་རབས་ཀྱི་རིམས་ནད་གཉིས་བསྣོལ་མར་གནས་པ་དང་།རྒྱལ་སྤྱིའི་ཐོན་ལས་ལས་བགོས་ལེགས་སྒྲིག་གཏིང་ཟབ་བྱེད་པ། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་ཐོན་ལས་ཕྱིར་ལོག་ཇེ་མགྱོགས་སུ་གཏོང་བ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་ཧུར་ཐག་གིས་ཐོན་ལས་གཞན་སྒྱུར་འགན་ལེན་བྱེད་པ། རྒྱལ་ནང་གི་ཕྱོགས་བསྡུས་རྒྱུ་རྐྱེན་གཙོ་བོའི་མ་གནས་འཕར་བ། རང་རྒྱལ་ཕྱི་ཕྱོགས་ཉོ་ཚོང་འཕེལ་རྒྱས་ཀྱི་རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་ལ་འགྱུར་ལྡོག་གཏིང་ཟབ་བཅས་བྱུང་ཡོད། ཉོ་ཚོང་གི་སྟོབས་ལྡན་རྒྱལ་ཁབ་མྱུར་དུ་འཛུགས་སྐྲུན་བྱས་ཏེ། ཕྱི་ཕྱོགས་ཉོ་ཚོང་གི་གྲུབ་ཚུལ་ཇེ་ལེགས་སུ་གཏོང་བ་དང་སྒུལ་ཤུགས་གཞན་སྒྱུར་བྱེད་རྒྱུར་སྐུལ་འདེད་བཏང་ཚེ། ཁྱད་ལྡན་ཐོན་ལས་ཀྱི་རྒྱལ་སྤྱིའི་སྔོན་ཐོན་གོ་གནས་སྲ་བརྟན་དང་མཐོ་རུ་གཏོང་རྒྱུར་ཕན་ཐོགས་ཡོད་པ་དང་། རྒྱལ་སྤྱིའི་ཐོན་ལས་སྦྲེལ་ཐག་གིས་རང་རྒྱལ་དང་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་ཇེ་ཟབ་ཏུ་འགྲོ་རྒྱུར་ཕན་ཐོགས་ཡོད་ལ། སྣ་མང་བརྟན་ལྷིང་གི་རྒྱལ་སྤྱིའི་དཔལ་འབྱོར་རྣམ་པ་དང་དཔལ་འབྱོར་ཉོ་ཚོང་གི་འབྲེལ་བ་སྲུང་སྐྱོང་བྱེད་ཐུབ།
ཉོ་ཚོང་གི་སྟོབས་ལྡན་རྒྱལ་ཁབ་མྱུར་དུ་འཛུགས་སྐྲུན་བྱེད་རྒྱུ་ནི། སྒོ་འབྱེད་ཅན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་འདེགས་སྐྱོར་གལ་ཆེན་ཞིག་ཡིན། སྒོ་འབྱེད་ཅན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་རྒྱུ་དེ་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་དང་མཐུན་པ་རེད། རང་རྒྱལ་གྱི་དངོས་ཟོག་ཉོ་ཚོང་དེ་གོ་ལ་ཧྲིལ་པོའི་ཨང་དང་པོ་དང་ཞབས་ཞུའི་ཉོ་ཚོང་དེ་གོ་ལ་ཧྲིལ་པོའི་ཨང་གཉིས་པར་བརྟན་པོར་གནས་པ་དང་། དངོས་ཟོག་དང་ཞབས་ཞུའི་ཉོ་ཚོང་གི་སྤྱི་འབོར་དེ་ལོ་གཉིས་རིང་བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོར་བསླེབས་པ་དང་། རང་རྒྱལ་འདི་ཉིད་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ140ལྷག་ཙམ་གྱི་ཉོ་ཚོང་རོགས་ཟླ་གཙོ་བོར་གྱུར་ནས་འཛམ་གླིང་གི་དཔལ་འབྱོར་ལ་ལེགས་སྐྱེས་སྔར་ལས་ཆེ་བ་ཕུལ་ཡོད། ཉོ་ཚོང་གི་སྟོབས་ལྡན་རྒྱལ་ཁབ་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་གཉིས་ཁེ་གཉིས་ཕན་རྒྱུན་འཁྱོངས་བྱེད་པ། ཉོ་ཚོང་ཁྱབ་ཁོངས་ཀྱི་སྒོ་འབྱེད་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཚེ་ཉོ་ཚོང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་དང་། ཉོ་ཚོང་རོགས་ཟླའི་ཁེ་ཕན་འབྲེལ་མཐུད་བྱེད་པའི་ཁྱབ་རྒྱ་ཆེ་རུ་གཏོང་བ། ཀྲུང་གོས་སྒོ་འབྱེད་ལ་བརྟེན་ནས་འཛམ་གླིང་ལ་ཐུན་མོང་སྒོས་སྒོ་འབྱེད་པར་སྐུལ་འདེད་གཏོང་བ། སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་ལ་ཕན་པ་ཡོད།
ཉོ་ཚོང་གི་སྟོབས་ལྡན་རྒྱལ་ཁབ་མྱུར་དུ་འཛུགས་སྐྲུན་བྱེད་པར་ངེས་པར་དུ་རང་རྒྱལ་གྱི་གཞི་ཁྱོན་ཤིན་ཏུ་ཆེ་བའི་ཁྲོམ་རའི་ལེགས་ཆར་བརྟེན་ནས་དངོས་ཟོག་ཉོ་ཚོང་ཇེ་ལེགས་དང་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། ཞབས་ཞུའི་ཉོ་ཚོང་འཕེལ་རྒྱས་ཀྱི་སྒྲིག་སྲོལ་གསར་གཏོད་བྱེད་པ། གྲངས་འཛིན་ཉོ་ཚོང་འཕེལ་རྒྱས་གཏོང་བ། ཉོ་ཚོང་སྟེགས་བུའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། ཉོ་ཚོང་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བཅས་བྱས་ནས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་མཉེན་གཤིས་དང་བདེ་འཇགས་ཆུ་ཚད་མཐོ་རུ་གཏོང་ཆེད་སྔར་ལས་ལེགས་པའི་དཔལ་འབྱོར་ཁོར་ཡུག་དང་རྨང་གཞིའི་ཆ་རྐྱེན་བསྐྲུན་དགོས།
ཡིག་སྒྱུར་བ། གཡང་འབུམ་རྒྱལ།