མཚོ་སྔོན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།
2023.03.14 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 17

—མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་པ།

བསྟུད་མར་ཉིན་འགའི་རིང་ལ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། སྲིད་གྲོས་ཚོགས་འདུར་ཞུགས་མཁན་དམངས་གཙོ་རྒྱལ་འཛུགས་ཚོགས་པ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་རིགས་ཁག་གི་ཨུ་ཡོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་གོ་བ་ཟབ་མོ་བླངས་པ་རེད། ཚང་མས་བསྟན་དོན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་གཉིས་ཀྱི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་མཚོ་སྔོན་བྱ་བའི་བླང་བྱ་གལ་ཆེན་འབྲེལ་མཐུད་བྱས་ཏེ། དགོངས་དོན་གྱི་ངོ་བོར་གོ་བ་ཟབ་མོ་ལེན་པ་དང་། སྲིད་གྲོས་ཀྱི་འགན་ནུས་ཁྱད་སྟོབས་འདོན་སྤེལ་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོ་དེ་གཏན་འཁེལ་བྱེད་པ། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་སྡུད་བཅས་བྱས་ནས། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་ཆེད་མི་དམངས་སྲིད་གྲོས་ཀྱི་ལེགས་སྐྱེས་གསར་པ་འབུལ་དགོས་ཟེར།

ཨུ་ཡོན་མགོན་པོ་བཀྲ་ཤིས་ཀྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིས་སྲིད་གྲོས་ཚོགས་འདུར་ཞུགས་མཁན་དམངས་གཙོ་རྒྱལ་འཛུགས་ཚོགས་པ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་རིགས་ཁག་གི་ཨུ་ཡོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱིས་དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་བ་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ལ། སྒུལ་ཤུགས་ཆེན་པོ་སྦྱིན་ཡོད། “གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་བྱེད་པ་དང་། སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པོར་སྒྲུབ་རྒྱུ་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་ཐོག་མཚོན་པ་བྱས་ནས། དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་པས་ཏང་ཀྲུང་དབྱང་གི“གཡོ་འགུལ་སྤུ་ཙམ་མེད་པ་གཉིས”དང“འགྱུར་བ་མེད་པ་གསུམ”གྱི་བྱེད་ཕྱོགས་དང་སྲིད་ཇུས་ལ་གོ་བ་ཡང་དག་ལེན་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ། ཁོ་ཚོའི་བློ་རྒྱ་ཇེ་ཡངས་སུ་གཏོང་བ་དང་བློ་གཅིག་སེམས་གཅིག་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཐོག་མཐའ་བར་གསུམ་དུ་དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་པ་རང་ཉིད་ཀྱི་མིར་བརྩིས་ནས། ཁོ་ཚོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱ་རྒྱུར་ཁྲིད་སྟོན་བྱེད་པ་དང་། འཕེལ་རྒྱས་རྣམ་པར་འགྱུར་ལྡོག་གཏོང་བ། ཐོན་ལས་ཀྱི་གྲུབ་ཚུལ་ལེགས་སྒྲིག་བྱེད་པ། འཕར་བའི་སྒུལ་ཤུགས་ལ་འགྱུར་ལྡོག་གཏོང་བ། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་རྒྱུ་ལྟེ་བར་བྱེད་པའི་འགྲན་རྩོད་ཀྱི་ཁྱད་སྟོབས་གསར་པ་སྐྱེད་སྲིང་བཅས་བྱེད་དགོས། དམངས་གཉེར་ཁེ་ལས་པས་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་ཆེ་རུ་གཏོང་བར་ཁྲིད་སྟོན་བྱས་ཏེ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རང་རྟོགས་ངང་ལག་བསྟར་བྱས་ནས། སྔོན་ལ་ཕྱུག་པོ་ཆགས་མཁན་གྱིས་རྗེས་སུ་ཕྱུག་འགྱུར་ལ་སྣེ་ཁྲིད་དང་མཉམ་དུ་ཕྱུག་པོ་ཡོང་བར་སྐུལ་འདེད་གཏོང་བའི་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་སྟེ། ཕྱུག་འགྱུར་ལ་འགན་འཁྲི་ཡོད་པ་དང་ཕྱུག་འགྱུར་ལ་ལྷག་བསམ་ཡོད་པ། ཕྱུག་འགྱུར་ལ་བརྩེ་སེམས་ཡོད་པ་བཅས་བྱེད་དགོས། རྒྱུ་ནོར་བདག་དབང་སྲུང་སྐྱོབ་དང་ཁྲོམ་རར་འཇུག་འཁྲོལ། དྲང་གཞག་འགྲན་རྩོད་བྱེད་པ། སྤྱི་ཚོགས་ཀྱི་ཡིད་རྟོན། ཆབ་སྲིད་དང་ཚོང་ལས་བར་གྱི་འབྲེལ་བ་ཉེ་གཙང་སོགས་ཀྱི་ནང་དོན་ལ་དམིགས་ཏེ་སྲིད་གླེང་ཇུས་འདོན་ཧུར་ཐག་བྱས་ནས། དམངས་གཉེར་དཔལ་འབྱོར་གྱི་རྣམ་པ་བཟང་པོ་ཆགས་པར་སྐུལ་འདེད་གཏོང་དགོས་ཟེར།

ཨུ་ཡོན་པད་གོས་བཤད་རྒྱུར། ལོ་རེའི་ཚོགས་ཆེན་གཉིས་ཀྱི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བར་བསམ་བློ་བརྗེ་རེས་ཟབ་མོ་བྱས་ནས་རྒྱལ་དོན་མཉམ་གྲོས་བྱ་རྒྱུ་དེ་ཀྲུང་གོའི་ལུགས་ཀྱི་དམངས་གཙོ་ལྡན་པའི་མཛེས་ལྗོངས་ཤིག་ཏུ་གྱུར་ནས། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་བདེན་ལུགས་གསོན་ཉམས་དོད་པོས་གསལ་འགྲེལ་བྱས་པ་དང་། མི་དམངས་ཀྱི་གཙོ་འཛིན་གྱིས་མི་དམངས་ལ་དགའ་ཞེན་དང་། མི་དམངས་ཀྱི་གཙོ་འཛིན་ལ་མི་དམངས་ཀྱིས་དགའ་ཞེན་བྱེད་པའི་བརྩེ་སེམས་ཇེ་ཟབ་ཏུ་བཏང་ཡོད། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་འགོ་ཚུགས་པའི་ཉིན་མོར།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས། ངེས་བརྒྱུད་ལམ་བུ་དང་འཐབ་ཇུས་ཀྱི་གནས་གཞི། ལྡོག་མེད་ཀྱི་བླང་བྱ། མཐར་ཐུག་གི་དམིགས་ཡུལ། དེ་མིན་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་སོགས་ཀྱི་ཐད་ནས་ཅང་སུའུ་དང་ཐ་ན་རྒྱལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བཀོད་སྒྲིག་གལ་ཆེན་གནང་ཡོད་པས། སྐྱོད་ལམ་གསར་པའི་སྟེང་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལམ་བུའི་ཐོག་བརྟན་པོའི་ངང་བསྐྱོད་པར་སྐུལ་འདེད་གཏོང་རྒྱུར་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་ནན་མོ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོ་དེ་དམ་འཛིན་ནན་མོ་བྱས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་འཕྱུགས་པ་མེད་པ། ཕྱོགས་ཡོངས་ནས་ལག་བསྟར་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་གནད་དུ་བྱས་ནས། རིགས་སོ་སོའི་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་དང་མཛེས་སྡུག་ལྡན་པའི་འཚོ་བ་བསྐྲུན་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་བཏང་སྟེ་མཚོ་སྔོན་དུ་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཤིག་མངོན་དགོས་ཟེར།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ནི་རྒྱལ་ཁའི་དཔྱིད་རླུང་དང་བླ་སྲོག་ལ་གདོང་གཏུག་པ། འབད་འབུངས་ཡར་བརྩོན་གྱི་སྟོབས་ཤུགས་སྩོལ་ཐུབ་པ་ཞིག་རེད།”སྤྱི་ཁྱབ་ཧྲུའུ་ཅིའི་ཞལ་མདུན་དང་བཅར་བའི“དྲོད་སྐྱིད་ལྡན་པའི་དུས་སྐབས”ལ་ཕྱིར་དྲན་བྱས་ཚེ། ཚོགས་རའི་ཡུལ་དངོས་སུ་གཏམ་བཤད་པ་དང་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ལ་ཡུལ་དངོས་སུ་གསན་མཁན་ཨུ་ཡོན་ལི་ཆིན་ལ་སེམས་འགུལ་ཆེན་པོ་ཐེབས་ཡོད། ཁོ་མོས་བཤད་རྒྱུར། ཐེངས་འདིའི་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན་གྱི་ནང་དོན་ངོ་མ་ཡིན་པ་དང་ང་ཚོས་མི་སེམས་གཅིག་ཏུ་སྒྲིལ་བའི་བརྗིད་ཆེའི་སྟོབས་ཤུགས་ཚོར་ཐུབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་དོ་ཁུར་ནི་ང་ཚོའི་བརྟན་ཤུགས་དང་གཏིང་ཤུགས་ཡིན་ལ། ང་ཚོའི་ཆོད་སེམས་དང་ཡིད་ཆེས་གནས་ས་ཡང་རེད། བཟོ་ཚོང་མཉམ་འབྲེལ་ཚོགས་པའི་རིགས་ཁོངས་ཀྱི་སྲིད་གྲོས་ཨུ་ཡོན་དང་དམངས་གཉེར་ཁེ་ལས་ཀྱི་ཞབས་ཞུ་བ་ཡིན་པའི་ཆ་ནས། ངས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངག་ནན་མོ་བློ་ལ་བརྟན་པོར་ངེས་ཏེ། དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་པ་དང་། དམངས་གཉེར་དཔལ་འབྱོར་གྱི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཐད་བརྟན་པོའི་ངང་སྐྱོད་པ། དུས་རབས་ཀྱི་བརྗོད་བྱ་གཙོ་བོར་དམ་པོར་བསྟུན་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རོགས་སྐྱོར་བྱེད་པའི་ཐད་གོམ་སྟབས་བརྟན་པོ་སྤོ་དགོས། དུས་རབས་ཀྱི་གོམ་སྟབས་དང་བསྟུན་ནས། ཁེ་ལས་ཀྱི་དཀའ་ངལ་བརྟན་པོའི་ངང་འཕེལ་རྒྱས་གཏོང་བའི་ཐད་གོམ་སྟབས་ཆེན་པོས་རོགས་རམ་བྱས་ཏེ། དུས་རབས་ཀྱི་རྗེས་སུ་དམ་པོར་སྙེགས་དགོས། སྤྱི་ཚོགས་ཀྱི་འགན་འཁྲི་སྔར་ལས་ལེགས་པར་བསྒྲུབ་རྒྱུའི་ཐད་གོམ་སྟབས་བརྟན་པོ་ཞིག་སྤོས་ནས། རྒྱ་ཆེའི་དམངས་གཉེར་དཔལ་འབྱོར་མི་སྣས་རྒྱལ་གཅེས་ལས་བཀུར་དང་ཁྲིམས་སྲུང་གཉེར་སྐྱོང་། ལས་སྐྲུན་གསར་གཏོད། སྤྱི་ཚོགས་ལ་དྲིན་ལན་འཇལ་བ་བཅས་ཀྱི་དཔེ་བཟང་བརྩོན་ལེན་བྱ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཛུགས་སྐྲུན་བྱེད་མཁན་ཚད་ལྡན་ཞིག་བྱེད་པ་དང་། རྒྱ་ཆེའི་དམངས་གཉེར་དཔལ་འབྱོར་མི་སྣའི་སྣེ་ཁྲིད་དེ་སེམས་ནུས་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་བྱས་ནས། ཧུར་ཐག་གིས་དུས་རབས་གསར་པའི་དམངས་གཉེར་དཔལ་འབྱོར་ཐད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་གཏོད་དགོས་ཟེར།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ནན་གྱིས་བསྟན་དོན། ངེས་པར་དུ་སྤུས་ཚད་ནུས་ལྡན་ངང་མཐོ་རུ་གཏོང་རྒྱུ་དང་གྲངས་འབོར་ལུགས་མཐུན་ངང་འཕར་རྒྱུར་སྤྱི་འདོམས་སྔར་ལས་ཡག་པོ་བྱས་ནས། སྤུས་ཚད་ཨང་དང་པོར་འཇོག་པ་དང་ཕན་འབྲས་སྔོན་ལ་སྤེལ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ནུས་ཤུགས་ཆེན་པོས་སྤུས་ཚད་ཀྱི་འདུ་ཤེས་ཇེ་ཟབ་ཏུ་བཏང་ནས་སྤུས་ཚད་དེ་ཚེ་སྲོག་ཏུ་བརྩི་བ་དང་སྤུས་ཚད་མཐོ་བ་དེ་དོན་གཉེར་དུ་བརྩི་དགོས།”ཨུ་ཡོན་ཝང་ཅན་གྱིས་བཤད་རྒྱུར། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཆ་ཚང་ལ་གནད་ལ་འཁེལ་བའི་སྒོ་ནས་དམ་འཛིན་བྱེད་པ་དང་། ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དེ་ཚེ་སྲོག་ཨང་དང་པོར་བརྩིས་ནས། ང་ཚོའི་ཐོན་རྫས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་བཏང་སྟེ་སྤུས་ཚད་མཐོར་གཏོང་ལ་བརྟེན་ནས་ང་ཚོའི་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་འདུན་པ་བསྐངས་ཏེ་མི་དམངས་ཀྱི་དགོས་མཁོ་སྐོང་དགོས། ཐོན་ལས་ཀྱི“གནས་བཞིའི”འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གཏོད་རྒྱུ་དམིགས་འབེན་དུ་བྱས་ཏེ། ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་། ལྗང་མདོག་སྤུས་རྟགས་བསྐྲུན་པ་བཅས་བྱས་ནས། སྐྱེ་ཁམས་ཁྱད་སྟོབས་ཏེ་དཔལ་འབྱོར་གྱི་ཁྱད་སྟོབས་སུ་བསྒྱུར་ནས་མཚོ་སྔོན་གྱི་ཞིང་ཕྱུགས་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།

“དམངས་གཉེར་དཔལ་འབྱོར་དེ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་རེད།” ཨུ་ཡོན་ཀྲུའུ་ཁྲུན་ཡོན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཙོ་རྒྱལ་འཛུགས་ཚོགས་པ་དང་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན་ལ་གཟིགས་པ་དང་། མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཞུགས་པ་དེའི་ཐོག་ནས་ཏང་དང་རྒྱལ་ཁབ་ཀྱིས་དམངས་གཉེར་དཔལ་འབྱོར་ལ་གཅེས་སྐྱོང་བྱེད་པའི་བསམ་པ་དང་རེ་བ་ནན་མོ་བཅངས་ཡོད་པ་མཚོན་ཐུབ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་།“བརྒྱ་ལོ་གཉིས་པའི”འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་རྒྱུ་ནི་ཀྲུང་ཧྭའི་བུ་བུ་མོ་ཡོངས་ཀྱི་ནང་གནས་ལས་དོན་ཡིན་པས“རང་མི”ལ་བརྟེན་ནས་བསྒྲུབ་དགོས། དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཏང་ཨུས་ཚན་རྩལ་རིགས་ཁོངས་ཀྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ནས། དམངས་གཉེར་ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ལ་རོགས་རམ་བྱས་ཏེ། ཧུར་ཐག་གིས་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་བདེ་འཇགས་ཐད་འཚོལ་ཞིབ་བྱེད་ཕོད་པ་དང་བྱས་རྗེས་འཇོག་དགོས་ཟེར།

ཨུ་ཡོན་ཝང་ཁུན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ནས་འཐུས་མི་དང་བསམ་བློ་བརྗེ་རེས་ཟབ་མོ་བྱས་པ་དང་། རྒྱལ་དོན་མཉམ་གྲོས་གནང་བ་དེའི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་བླ་ན་མེད་པའི་འདུ་ཤེས་དང་དམངས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་མངོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལས་འགན་ཨང་དང་པོ་ཡིན་ཞེས་ནན་གྱིས་བསྟན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་མཚོ་སྔོན་ལ་“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་དང་ཟུང་འབྲེལ་བྱས། ང་ཚོས་ངེས་པར་དུ་ཆུ་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྲོད་མཉམ་འདྲེས་ནུས་ལྡན་དང་ཕན་ཚུན་སྐུལ་འདེད་གཏོང་དགོས་པ་དང་། འབད་བརྩོན་བྱས་པ་བརྒྱུད་མཐོ་སྒང་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་མངོན་འགྱུར་ཡོང་བ་བྱེད་དགོས། དངོས་སྒྲུབ་བྱས་པ་བརྒྱུད་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་དེ་མཐོ་སྒང་མི་དམངས་ཀྱི་མྱོང་ཚོར་དངོས་ལ་འགྱུར་བ་བྱས་ནས། མདོ་དབུས་མཐོ་སྒང་གི་རི་བོ་སྔར་ལས་སྔོ་ལྗང་དང་ཆུ་མོ་སྔར་ལས་དྭངས་བ། ནམ་མཁའ་སྔར་ལས་སྔོན་པོ་བཅས་ཡོང་བ་བྱེད་དགོས་ཟེར།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མགྱོགས་མྱུར་སྒོས་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་འཕེལ་ཡོང་བ་བྱ་རྒྱུ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་ལམ་བུ་ཞིག་རེད”ཅེས་ནན་བཤད་གནང་བ་རེད། ཨུ་ཡོན་ཀའོ་ཆིན་པའོ་ཡིས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད་རྒྱུར། མཐོ་སྒང་སྐྱེ་དངོས་རིག་པའི་ཞིབ་འཇུག་གི་ལས་ཡུལ་དང་པོའི་ཚན་རྩལ་ལས་དོན་པ་ཞིག་ཡིན་པའི་ཆ་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་འབྲེལ་དྲིལ་བསྒྲགས་ཡག་པོ་བྱས་ཏེ། མཐོ་སྒང་སྐྱེ་དངོས་རིག་པའི་ཞིབ་འཇུག་གི་མདུན་གྲལ་ཚན་རིག་གནད་དོན་དང་། རྒྱལ་ཁབ་ཀྱི་ཚན་རྩལ་དགོས་མཁོ་གལ་ཆེན། འགག་རྩའི་ལྟེ་བའི་ལག་རྩལ་གྱི་དཀའ་གནད་བཅས་ལ་དམིགས་ཏེ། མཁྲེགས་གཏོར་དཀའ་སེལ་དང་ཚན་རྩལ་གྱི་གདོད་མའི་གསར་གཏོད་དང་རང་ཚུགས་རང་འབད་མངོན་འགྱུར་ཧུར་ཐག་བྱས་ནས། རྒྱལ་ཁབ་ཀྱི་སྐྱེ་དངོས་འཐབ་ཇུས་ཐོན་ཁུངས་ཀྱི་བདེ་འཇགས་དང་དེ་མིན་མ་འོངས་པའི་རྒྱལ་སྤྱིའི་སྐྱེ་དངོས་ཐོན་ལས་ཀྱི་འགྲན་རྩོད་ཁྲོད་སྔོན་ལ་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཟེར།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།