དྲི་བ་ཞེ་བཞི་པ། སློབ་གསོ་དང་ཚན་རྩལ། འཇོན་མི་བཅས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྨང་གཞི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་ཡིན་ཞེས་པར་གོ་བ་ཇི་ལྟར་ལེན་དགོས་སམ།
2023.03.16 ཁུངས། ཏང་གི་ཚོགས་ཆེན་ཐངས་ཉི་ཤུ་བའི་སྙན་ཞུའི་སློབ་སྦྱོང་དང་དྲི་བ་བརྒྱ་རྩ། ཀློག་གྲངས། 29

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང“སློབ་གསོ་དང་ཚན་རྩལ། འཇོན་མི་བཅས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྨང་གཞི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་ཡིན”ཞེས་བསྟན་ཡོད། བརྡར་གཅོད་གལ་ཆེན་འདིས་དུས་རབས་གསར་པར་ཚན་རིག་སློབ་གསོ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་དང་། དེང་རབས་ཅན་འཛུགས་སྐྲུན་ལ་འཇོན་མིའི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བའི་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་རྒྱས་བཤད་བྱས་པ་དང་། སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་དང་། ཚན་རྩལ་སྟོབས་ལྡན་རྒྱལ་ཁབ། འཇོན་མིའི་སྟོབས་ལྡན་རྒྱལ་ཁབ་བཅས་འཛུགས་སྐྲུན་བྱེད་པའི་གཞི་འཛིན་ས་གསལ་བོར་གཏན་འཁེལ་བྱས་ཡོད། དེར་བརྟེན། གཤམ་གསལ་གྱི་ཕྱོགས་གསུམ་ཐད་ནས་ངོས་འཛིན་གཏིང་ཟབ་ཏུ་གཏོང་དགོས།

དང་པོ། སློབ་གསོ་དང་ཚན་རྩལ། འཇོན་མི་བཅས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཁྲོད་ཀྱི་གོ་གནས་དང་ནུས་པར་ཕྱོགས་ཀུན་ནས་གོ་བ་ལེན་དགོས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་སློབ་གསོ་ནི་རྨང་གཞི་དང་། ཚན་རྩལ་ནི་གནད་འགག འཇོན་མི་ནི་རྩ་བ་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་འཛམ་གླིང་ལ་ལོ་ངོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོར་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་།“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་མཁྲེགས་གཏོར་དཀའ་སེལ་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད་ལ། སློབ་གསོ་དང་། ཚན་རྩལ། འཇོན་མི་བཅས་ཀྱི་ལས་དོན་ཐད་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། ལོ་ངོ་བཅུའི་རིང་། རང་རྒྱལ་གྱི་སློབ་གསོ་ཁྱབ་གདལ་བཏང་བའི་ཆུ་ཚད་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ་དང་། དུས་མཉམ་དུ་གོ་ལ་ཧྲིལ་པོའི་ཡོང་སྒོ་འབྲིང་གྲས་དང་མཐོ་གྲས་ཀྱི་རྒྱལ་ཁབ་གྲས་སུ་བརྟན་པོར་ཚུད་པ་དང་། འཛམ་གླིང་སྟེང་གཞི་ཁྱོན་ཆེ་བའི་སློབ་གསོའི་མ་ལག་ཤིག་བཙུགས་ཤིང་། ལོ་རེར་ལས་རིགས་སློབ་གྲྭ་དང་མཐོ་རིམ་སློབ་གྲྭས་སྤྱི་ཚོགས་ལ་ཆེད་ལས་ལག་རྩལ་འཇོན་མི་ཁྲི་སྟོང་མང་པོའི་རྗེས་གྲབས་སྟོབས་ཤུགས་སྐྱེལ་བཞིན་ཡོད་པ་དང་། ལས་ཞུགས་མི་སྣས་རྒྱུན་མཐུད་སློབ་གསོའི་ཟབ་སྦྱོང་ལ་ཞུགས་ཚད་མི་ཐེངས་དུང་ཕྱུར་ཡན་ཟིན་པ་དང་། སྤྱི་ཚོགས་ཡོངས་ཀྱི་ཞིབ་འཇུག་གསར་སྤེལ་གྱི་ཐད་གྲོན་དངུལ་བཏང་ཚད་འཛམ་གླིང་གི་ཨང་གཉིས་པར་སླེབས་ལ། ཞིབ་འཇུག་གསར་སྤེལ་མི་སྣའི་བསྡོམས་འབོར་འཛམ་གླིང་གི་ཨང་དང་པོར་སླེབས་ཅིང་། རྨང་གཞིའི་ཞིབ་འཇུག་དང་ཐོག་མའི་གསར་སྐྲུན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བྱས་པ་དང་། གནད་འགག་གི་ལྟེ་བའི་ལག་རྩལ་ཐད་ཐོད་བརྒལ་གལ་ཆེན་མངོན་འགྱུར་བྱུང་ཞིང་། རང་རྒྱལ་གསར་སྐྲུན་རྣམ་པའི་རྒྱལ་ཁབ་ཀྱི་གྲས་སུ་ཚུད་ཡོད་པ་རེད།

སློབ་གསོ་དང་ཚན་རྩལ། འཇོན་མིའི་ལས་དོན་གྱིས་དུས་ལྟར་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་གྲུབ་པར་ལེགས་སྐྱེས་འབུར་དུ་ཐོན་པ་ཕུལ་ཡོད་པ་དང་། དེ་ནི་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་དེབ་ཐེར་ནང་བཀོད་ཡོད་ཅིང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་ཧུར་བརྩོན་བྱེད་པའི་སྐྱོད་ལམ་གསར་བའི་སྟེང་། སློབ་གསོ་དང་ཚན་རྩལ། འཇོན་མི་བཅས་ཀྱི་ལས་དོན་གྱིས་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་ནུས་པ་མུ་མཐུད་འདོན་སྤེལ་བྱ་དགོས།

གཉིས་པ། དུས་རབས་གསར་པས་སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་དང་། ཚན་རྩལ་སྟོབས་ལྡན་རྒྱལ་ཁབ། འཇོན་མིའི་སྟོབས་ལྡན་རྒྱལ་ཁབ་ཤིག་མྱུར་མོར་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་ལ་ངོས་འཛིན་གཏིང་ཟབ་མོ་བྱེད་དགོས། བཅོས་སྒྱུར་སྒོ་འབྱེད་བྱས་པའི་ཚུན་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། རང་རྒྱལ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱིས་ཐོག་མཐའ་བར་གསུམ་དུ་སློབ་གསོ་དང་། ཚན་རྩལ། འཇོན་མིའི་ལས་དོན་དེ་འཐབ་ཇུས་ཀྱི་གོ་གནས་ཧ་ཅང་གལ་ཆེན་ཞིག་ཏུ་བཞག་པ་དང་། ཚན་རྩལ་ནི་ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་ཡིན་པ་དང་། འཇོན་མི་ནི་ཐོན་ཁུངས་ཨང་དང་པོ་ཡིན་པ། གསར་སྐྲུན་ནི་སྒུལ་ཤུགས་ཨང་དང་པོ་ཡིན་པ་བཅས་རྒྱུན་འཁྱོངས་བྱས་ཏེ། ཚན་རིག་སློབ་གསོ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་། འཇོན་མིར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས། གསར་སྐྲུན་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཅས་ལག་བསྟར་བྱས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ནང་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་གྲུབ་པར་བྱེད་པའི་རྨང་གཞིའི་སྟེང་དང་གོམ་རིམ་གཉིས་སུ་དབྱེ་ནས་དུས་རབས་འདིའི་དུས་དཀྱིལ་དུ་འབྱོར་ཕྱུག་དང་། དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་རྒྱུའི་དམིགས་འབེན་གཏན་འཁེལ་བྱས་པ་དང་འབྲེལ་སློབ་གསོར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་དང་། ཚན་རྩལ་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ། འཇོན་མིར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་འཛུགས་སྐྲུན་ཐད་ལ་འཐབ་ཇུས་བཀོད་སྒྲིག་བྱས་ཡོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུས“སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་དང་། ཚན་རྩལ་སྟོབས་ལྡན་རྒྱལ་ཁབ། འཇོན་མིའི་སྟོབས་ལྡན་རྒྱལ་ཁབ”བཅས2035ལོའི་རང་རྒྱལ་འཕེལ་རྒྱས་ཀྱི་སྤྱིའི་དམིགས་འབེན་ནང་འཇོག་རྒྱུ་ཡིན་པ་དང་། ཏང་གིས་སློབ་གསོ་དང་། ཚན་རྩལ། འཇོན་མིའི་བྱ་བར་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་སྔར་ལས་ཤུགས་སྣོན་རྒྱག་དགོས་པ་དང་།“སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་དང་། ཚན་རྩལ་སྟོབས་ལྡན་རྒྱལ་ཁབ། འཇོན་མིའི་སྟོབས་ལྡན་རྒྱལ་ཁབ”མྱུར་དུ་འཛུགས་སྐྲུན་བྱེད་དགོས་པ་ནན་བཤད་བྱས་ཡོད། འཐབ་ཇུས་ཀྱི་ཁྲིད་སྟོན་གལ་ཆེན་འདི་གཞིར་བཟུང་ནས་སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་དང་། ཚན་རྩལ་སྟོབས་ལྡན་རྒྱལ་ཁབ། འཇོན་མིའི་སྟོབས་ལྡན་རྒྱལ་ཁབ་བཅས་འཛུགས་སྐྲུན་དང་སྟོབས་ལྡན་རྒྱལ་ཁབ་གཞན་པའི་འཛུགས་སྐྲུན་མཐུན་སྦྱོར་ལ་སྐུལ་འདེད་བཏང་ན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་བསྐྲུན་པར་སྲ་ཞིང་བརྟན་པའི་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་ངེས་རེད།

གསུམ་པ། སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བ་དང་། ཚན་རྩལ་རང་སྟོབས་རང་སྤེལ། འཇོན་མིས་སྣེ་ཁྲིད་དེ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་པའི་ཕན་ཚུན་གྱི་འབྲེལ་བ་ཡང་དག་པར་ཁོང་དུ་ཆུད་དགོས། དུས་རབས་གསར་བའི་ལོ་བཅུའི་ནང་རང་རྒྱལ་གྱི་དཔལ་འབྱོར་དངོས་ཤུགས་དང་། ཚན་རྩལ་དངོས་ཤུགས། ཕྱོགས་བསྡུས་རྒྱལ་ཤུགས་བཅས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་། རྨང་གཞི་དེའི་སྟེང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་བའི་སྟེང་བསྐྱོད་པར་ཕྱོགས་མང་པོའི་ཐད་ཀྱི་དགེ་མཚན་དང་ཆ་རྐྱེན་ལྡན་ཡོད། དུས་མཚུངས་སུ། རང་རྒྱལ་ནི་སྔར་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་པ་དང་། སྔར་བཞིན་འཛམ་གླིང་ཐོག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པ་ལ། ལྷག་པར་དུ་ལོ་ངོ་བརྒྱའི་འགྱུར་ལྡོག་དང་དུས་རབས་ཀྱི་རིམས་ནད་མཉམ་དུ་གནས་པས། རང་རྒྱལ་གྱི་འཕེལ་རྒྱས་དེ་འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁ་དང་འགྲན་སློང་མཉམ་དུ་གནས་པ་དང་། གཏན་འཁེལ་བྱེད་དཀའ་བ་དང་སྔོན་དཔག་དཀའ་བའི་རྒྱུ་རྐྱེན་ཇེ་མང་དུ་འགྲོ་བའི་དུས་སྐབས་སུ་སླེབས་ཡོད། དེ་བས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ཡིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་ངེས་པར་དུ“ཁྱབ་ཁོངས་གསར་པ་དང་འགྲན་ལམ་གསར་པ་བཏོད་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པ་མུ་མཐུད་དུ་སྐྲུན་པའི”ཆེ་ཕྱོགས་ལ་རྐང་བཙུགས་ཏེ། ཕྱོགས་ཡོངས་ནས“སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་ དང་། ཚན་རྩལ་རང་སྟོབས་རང་སྤེལ། ཤེས་ལྡན་མི་སྣས་སྣེ་ཁྲིད་དེ་སྐུལ་འདེད་གཏོང་བའི” འཐབ་ཇུས་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་གཏིང་ཟབ་བྱེད་དགོས་པ་ནན་བཤད་བྱས་ཡོད། སྤྱིའི་ཆ་ནས་བལྟས་ན། སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་ན་གཙོ་བོ་མི་ཤུགས་ཐོན་ཁུངས་གསར་སྤེལ་ཟབ་མོ་བྱེད་པའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་པ་དང་། ཚན་རྩལ་ལ་བརྟེན་ནས་རང་སྟོབས་རང་སྤེལ་བྱ་རྒྱུའི་གནད་འགག་ནི་རང་ཚུགས་རང་བདག་གིས་གསར་སྐྲུན་རྒྱ་སྐྱེད་པ་རྒྱུན་འཁྱོངས་བྱ་རྒྱུ་དེ་ཡིན། འཇོན་མིས་སྣེ་ཁྲིད་དེ་སྐུལ་འདེད་གཏོང་བ་ནི་གཙོ་བོ་འཕེལ་རྒྱས་ཀྱི་ཁྱད་སྟོབས་སྲ་བརྟན་དུ་བཏང་སྟེ་འགྲན་རྩོད་ཀྱི་རང་འགུལ་ཐོབ་པར་བྱེད་དགོས། དེ་གསུམ་ཕན་ཚུན་མཉམ་འདྲེས་བྱེད་ལ་སོ་སོར་གཙོ་གནད་རེ་ཡང་ཡོད། གཅིག་གྱུར་གྱིས་འཆར་འགོད་དང་། མཉམ་དུ་མདུན་སྐྱོད་བྱས་ཏེ། ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པར་སྐུལ་འདེད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་དགོས་མཁོ་དང་རང་འགུལ་ངང་འཚམ་པར་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་སྟོབས་ཤུགས་གཅིག་སྒྲིལ་དང་། སློབ་གསོ་དང་། ཚན་རྩལ། འཇོན་མིའི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་འཇོན་མིའི་འདེགས་སྐྱོར་དང་ཤེས་བྱ་གསར་སྐྲུན་གྱི་བྱས་རྗེས་ཆེན་པོ་འདོན་སྤྲོད་བྱེད་དགོས།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།