དྲི་བ་ཞེ་དྲུག་པ། མི་གང་འདྲ་ཞིག་སྐྱེད་སྲིང་བྱེད་པ་དང་། མི་ཇི་ལྟར་སྐྱེད་སྲིང་བྱེད་པ། སུའི་ཆེད་དུ་མི་སྐྱེད་སྲིང་བྱེད་པ་བཅས་ནི་སློབ་གསོའི་རྩ་བའི་གནད་དོན་ཡིན་པར་གོ་བ་ཇི་ལྟར་ལེན་དགོས་སམ།
2023.03.20 ཁུངས། ཏང་གི་ཚོགས་ཆེན་ཐངས་ཉི་ཤུ་བའི་སྙན་ཞུའི་སློབ་སྦྱོང་དང་དྲི་བ་བརྒྱ་རྩ། ཀློག་གྲངས། 24

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་“སློབ་གསོ་ནི་རྒྱལ་ཁབ་ཀྱི་ཇུས་ཆེན་དང་ཏང་གི་ཇུས་ཆེན་ཡིན། མི་གང་འདྲ་ཞིག་སྐྱེད་སྲིང་བྱེད་པ་དང་། མི་ཇི་ལྟར་བྱས་ནས་སྐྱེད་སྲིང་བྱེད་པ། སུའི་ཆེད་དུ་མི་སྐྱེད་སྲིང་བྱེད་པ་བཅས་ནི་སློབ་གསོའི་རྩ་བའི་གནད་དོན་ཞིག་རེད། མི་སྐྱེད་སྲིང་བྱ་རྒྱུའི་རྩ་བ་ནི་སྤྱོད་བཟང་ལ་རག་ལས་ཡོད། ཏང་གི་སློབ་གསོའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྐྱེད་སྲིང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱས་ཏེ། ཀུན་སྤྱོད་ལ་བརྟེན་ནས་མི་སྐྱེད་སྲིང་བྱེད་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་མཁན་དང་རྒྱུན་འཛིན་བྱེད་མཁན་སྐྱེད་སྲིང་བྱ་དགོས”ཞེས་བསྟན་ཡོད། འདི་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དུས་རབས་གསར་པའི་སློབ་གསོའི་ལས་དོན་ལ་བཏོན་པའི་སྤྱིའི་འཐབ་ཇུས་ཀྱི་བཀོད་སྒྲིག་རེད། མི་གང་འདྲ་ཞིག་སྐྱེད་སྲིང་བྱེད་པ་དང་། མི་ཇི་ལྟར་བྱས་ནས་སྐྱེད་སྲིང་བྱེད་པ། སུའི་ཆེད་དུ་མི་སྐྱེད་སྲིང་བྱེད་པ་བཅས་ནི་སློབ་གསོའི་རྩ་བའི་གནད་དོན་ཡིན་པར་གཤམ་གསལ་གྱི་ཕྱོགས་གསུམ་ནས་གོ་བ་ཟབ་མོ་ལེན་ཆོག་སྟེ།

དང་པོ། མི་གང་འདྲ་ཞིག་སྐྱེད་སྲིང་བྱེད་པ་དང་། མི་ཇི་ལྟར་བྱས་ནས་སྐྱེད་སྲིང་བྱེད་པ། སུའི་ཆེད་དུ་མི་སྐྱེད་སྲིང་བྱེད་པ་བཅས་ཀྱི་སློབ་གསོའི་རྩ་བའི་གནད་དོན་དེ་ཏང་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་རྩ་བ་དང་འབྲེལ་བ་ཡོད། ཏང་གི་སློབ་གསོའི་བྱེད་ཕྱོགས་ལོ་བརྒྱའི་རིང་གཅིག་རྒྱུད་གཅིག་འཛིན་བྱས་པ་དང་། དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་དུས་སྐབས། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་དུས་སྐབས་གསར་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པ་བཅས་སུ། ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་མི་གང་འདྲ་ཞིག་སྐྱེད་སྲིང་བྱེད་པ་དང་། མི་ཇི་ལྟར་བྱས་ནས་གསོ་སྐྱོང་བྱེད་པ། སུའི་ཆེད་དུ་མི་སྐྱེད་སྲིང་བྱེད་པ་བཅས་ཀྱི་རྩ་བའི་གནད་དོན་འདིར་དམིགས་ཏེ། མི་དམངས་ཀྱི་ཆེད་དུ་སློབ་གསོ་སྒྲུབ་པ་དང་། མི་དམངས་ཡིད་ཚིམས་པའི་སློབ་གསོ་སྒྲུབ་དགོས།ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དུས་རབས་གསར་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཕྱོགས་ཡོངས་ལ་རྐང་བཙུགས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་ཞབས་འདེགས་ཞུ་རྒྱུ་དེ་སློབ་གསོའི་ལས་འགན་གལ་ཆེན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྐྱེད་སྲིང་བྱེད་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་མཁན་དང་རྒྱུན་འཛིན་བྱེད་མཁན་སྐྱེད་སྲིང་བྱེད་པ་དེ་སློབ་གསོའི་གཞི་རྩའི་འགན་འཁྲི་རུ་བརྩིས་ནས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གི་ཆེད་དུ་འབད་འཐབ་དང་མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་འཁུར་བའི་དུས་རབས་ཀྱི་མི་གསར་པ་ཧུར་ཐག་སྒོས་སྐྱེད་སྲིང་བྱེད་དགོས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ཡིས་རྩ་བའི་གནད་དོན་འདིར་དམིགས་ནས་འཆད་འགྲེལ་ཟབ་མོ་བྱས་པ་ལས། ཏང་གི་སློབ་གསོའི་བྱེད་ཕྱོགས་བབ་བསྟུན་མདུན་སྐྱོད་བྱེད་ཚུལ་གང་ལེགས་མཚོན་པ་དང་། མི་དམངས་ཀྱི་སློབ་གསོའི་བྱེད་ཕྱོགས་ཏེ་དུས་བབ་དང་བསྟུན་ནས་མདུན་སྐྱོད་བྱེད་པ་དང་། མི་རིགས་སློབ་གསོའི་ལས་དོན་ཏེ་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཐོག་དཔའ་ངར་ཞུམ་མེད་ཀྱིས་མདུན་དུ་སྐྱོད་པའི་འོད་སྟོང་འཕྲོ་བའི་སྒྲོན་འོད་དུ་གྱུར་བ་རེད།

གཉིས་པ། མི་གང་འདྲ་ཞིག་སྐྱེད་སྲིང་བྱེད་པ་དང་། མི་ཇི་ལྟར་བྱས་ནས་སྐྱེད་སྲིང་བྱེད་པ། སུའི་ཆེད་དུ་མི་སྐྱེད་སྲིང་་བྱེད་པ་བཅས་ཀྱི་སློབ་གསོའི་རྩ་བའི་གནད་དོན་འདིས་རང་རྒྱལ་གྱི་སློབ་གསོ་དེང་རབས་ཅན་དུ་བསྒྱུར་རྒྱུའི“ཀ་བཞི་གདུང་བརྒྱད”ཐག་གཅོད་བྱས་ཡོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་མི་གང་འདྲ་ཞིག་སྐྱེད་སྲིང་བྱེད་པ་དང་། མི་ཇི་ལྟར་བྱས་ནས་སྐྱེད་སྲིང་བྱེད་པ། སུའི་ཆེད་དུ་མི་སྐྱེད་སྲིང་བྱེད་པ་བཅས་ཀྱི་སློབ་གསོའི་རྩ་བའི་གནད་དོན་ལ་གཞིགས་ནས། “མི་དམངས་ཡིད་ཚིམས་པའི་སློབ་གསོ་ཡག་པོ་སྒྲུབ་རྒྱུའི་ཐད”བཀོད་སྒྲིག་རབ་དང་རིམ་པ་བྱས་ཏེ། དུས་རབས་གསར་པར་ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་དང་། དེང་རབས་ཅན་འཛུགས་སྐྲུན་གྱི་འཇོན་མིའི་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་པ་དེ་སྤྱི་ཡོངས་ཀྱི་འཆར་འགོད་ནང་བཞག་ནས། མི་སྣ་སྐྱེད་སྲིང་གི་རྩ་བ་དེ་ཀུན་སྤྱོད་ལ་བརྟེན་ནས་ཏང་གི་སློབ་གསོའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་སྐྱེད་སྲིང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་དགོས་པ་ནན་བཤད་གནང་། སྲིད་ཇུས་ཀྱི་ཁྲིད་ཕྱོགས་ཐད། མི་དམངས་ལྟེ་བར་བཟུང་ནས་སློབ་གསོ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་བ་དང་། བྱང་ཚད་སློབ་གསོ་འཕེལ་རྒྱས་གཏོང་བ། སློབ་གསོ་དྲང་གཞག་ཡོང་བར་སྐུལ་སྤེལ་གཏོང་རྒྱུ་བཅས་གཙོ་གནད་དུ་འཛིན་པ། ཀུན་སྤྱོད་ལེགས་སྐྱོང་དང་མི་སྐྱེད་སྲིང་བྱ་རྒྱུ་དེ་བསམ་བློ་དང་ཀུན་སྤྱོད་སློབ་གསོ། རིག་གནས་ཤེས་བྱའི་སློབ་གསོ། སྤྱི་ཚོགས་ལག་ལེན་སློབ་གསོ་བཅས་རིམ་པ་ཁག་ཏུ་འདྲེས་པར་བྱས་ནས། འོས་འགན་སློབ་གསོ་སྤུས་བཟང་དོ་མཉམ་ངང་འཕེལ་རྒྱས་གཏོང་བ་དང་གྲོང་ཁྱེར་དང་ཡུལ་ཚོ་གཞི་གཅིག་ཅན་དུ་འགྱུར་ཚད་ཇེ་མགྱོགས་སུ་གཏོང་བ། སློབ་སྔོན་སློབ་གསོ་དང་དམིགས་བསལ་སློབ་གསོ་ཀུན་ལ་ཕན་པའི་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་པ་དང་། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གྲྭ་སྣ་མང་ཅན་དུ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། ལས་རིགས་སློབ་གསོ་དང་མཐོ་རིམ་སློབ་གསོ། རྒྱུན་མཐུད་སློབ་གསོ་མཐུན་སྦྱོར་གསར་སྐྲུན་སོགས་ཕྱོགས་སོ་སོར་སྤྱི་འདོམས་བྱས་ནས། སློབ་གསོའི་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་། བྱང་ཚད་མཐོ་བའི་དགེ་རྒན་གྱི་དཔུང་ཁག་སྐྱེད་སྲིང་བྱེད་པ། དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་སྤྱི་ཚོགས་ཀྱི་དར་སྲོལ་དར་སྤེལ་གཏོང་བ་བཅས་ཀྱི་ཐད་རྒྱུན་ཆད་མེད་པར་གསར་གཏོད་མདུན་སྐྱོད་བྱེད་དགོས།

གསུམ་པ། མི་གང་འདྲ་ཞིག་སྐྱེད་སྲིང་བྱེད་པ་དང་། མི་ཇི་ལྟར་བྱས་ནས་སྐྱེད་སྲིང་བྱེད་པ། སུའི་ཆེད་དུ་མི་སྐྱེད་སྲིང་བྱེད་པ་བཅས་ཀྱི་སློབ་གསོའི་རྩ་བའི་གནད་དོན་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་རྒྱུན་འཛིན་པའི་ཁྱོན་ཡོངས་དང་འབྲེལ་བ་ཡོད། སློབ་གསོ་ནི་རྒྱལ་ཁབ་ཀྱི་ཇུས་ཆེན་དང་ཏང་གི་ཇུས་ཆེན་ཡིན་པས། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་ཁ་ཕྱོགས་ཇེ་བརྟན་དུ་གཏོང་རྒྱུ་དེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རླབས་ཆེན་བྱ་གཞག་དང་འབྲེལ་བ་ཡོད་པས། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་ཏང་གི་ཆེད་དུ་མི་སྣ་སྐྱེད་སྲིང་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་པ་སྐྱེད་སྲིང་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པའི་ཐད་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས། མིག་སྔར།“སློབ་གསོ་ལྔ་དུས་གཅིག་ཏུ་སྤེལ་བ”ཕྱོགས་ཡོངས་ནས་སྐྱེད་སྲིང་བྱེད་པའི་སློབ་གསོའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། སློབ་གྲྭའི་དཔེ་ཁྲིད་མི་སྐྱོང་གི་གཡུལ་ས་གཙོ་བོའི་ནུས་པ་འདོན་སྤེལ་བྱས་ཏེ། ཁོངས་མི་ཡོངས་དང་རྒྱུད་རིམ་ཧྲིལ་པོ། ཕྱོགས་གང་ཅིའི་ཐད་བཅས་ཀྱི“གསོ་སྦྱོང་གསུམ”དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསལ་པོར་བསྟན་དོན།“སློབ་གསོའི་ལས་དོན་ཡག་པོ་སྒྲུབ་པར་ཁྱིམ་ཚང་དང་སློབ་གྲྭ སྲིད་གཞུང་། སྤྱི་ཚོགས་བཅས་ཚང་མར་འགན་འཁྲི་ཡོད།” ཁྱིམ་ཚང་ནི་མི་འཚར་ལོངས་འབྱུང་བ་དང་འཚོ་གནས་ཀྱི་རྟེན་གཞི་གཙོ་བོ་ཡིན་པ་དང་། སློབ་གྲྭ་ནི་རིག་གནས་རྒྱུན་འཛིན་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ལས་སྟེགས་གཙོ་བོ་ཡིན་པ། སྤྱི་ཚོགས་ནི་མིའི་འཚོ་ཐབས་འཕེལ་རྒྱས་དང་ཕན་ཚུན་འགྲོ་འོང་བྱེད་པའི་གཞི་རྩའི་ཁོར་ཡུག་ཡིན། དེ་གསུམ་ལས་མི་རྣམས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་རྨང་གཞིའི་རིམ་པ་གྲུབ་ཡོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང“སློབ་གྲྭ་དང་ཁྱིམ་ཚང་། སྤྱི་ཚོགས་བཅས་ཀྱིས་མི་སྐྱེད་སྲིང་བྱེད་པའི་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས”ཞེས་ནན་བཤད་གནང་ཡོད། དེ་ནི་སློབ་གྲྭའི་ཁོངས་གཏོགས་དང་ཁྱིམ་ཚང་གི་ཁྱིམ་བདག སྡེ་ཁུལ་གྱི་སྤྱི་ཚོགས། ལས་འགན་སྒྲུབ་ས། དེ་མིན་དྲ་རྒྱ་སོགས་ཕྱོགས་སོ་སོའི་འབྲེལ་གཏུག་ལ་ཤུགས་སྣོན་དང་། མཉམ་ལས་དམ་ཟབ་མཐུན་སྦྱོར་བཅས་ཀྱི་བྱ་སྤྱོད་སྤེལ་ནས་སློབ་གྲྭའི་ཁོར་ཡུག་དང་། ཁྱིམ་ཚང་གི་རྣམ་པ། སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོ་བཅས་ཀུན་སྤྱོད་ལ་བརྟེན་ནས་མི་སྐྱེད་སྲིང་བྱེད་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། བྱིས་པ་དང་གཞོན་ནུ་ལོ་ཆུང་ཚང་མ་བདེ་ཐང་ངང་འཚར་ལོངས་ཡོང་བར་རོགས་རམ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་གོ་ཆོད་མི་སྣ་དང་རྐང་འཛིན་མི་སྣ་ཞིག་ཏུ་འགྱུར་རྒྱུར་འབད་བརྩོན་བྱེད་དགོས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།