—ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་ཆབ་སྲིད་དང་རིགས་པའི་གཞུང་ལུགས། ལག་ལེན་བཅས་ཀྱི་ཐད་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཐོབ་ཡོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། དོན་འཁྱོལ་ནན་མོ་བཅས་བྱ་རྒྱུ་ནི་མིག་སྔར་དང་རྗེས་ཕྱོགས་དུས་སྐབས་ཤིག་གི་རིང་ཏང་ཡོངས་ཀྱི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་རེད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་མུ་མཐུད་དུ་སློབ་སྦྱོང་དང་དྲིལ་བསྒྲགས། དོན་འཁྱོལ་ནན་མོ་བཅས་བྱ་རྒྱུར་བླང་བྱ་གསལ་པོ་བཏོན་པ་དང་།“སློབ་སྦྱོང་དང་དྲིལ་བསྒྲགས་བྱ་རྒྱུ་དེ་ནན་ཏན་སྒོས་ལག་བསྟར་བྱེད་པ་དང་། དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས”ཞེས་ནན་གྱིས་བསྟན་ཡོད་པ་དང་། “ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དངོས་གནས་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས”ཞེས་བླང་བྱ་བཏོན་ཡོད།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་བརྗིད་ཉམས་ཆེ་བའི་འཆར་གཞི་བཀོད་པ་དང་། དུས་རབས་གསར་པའི་སྐྱོད་ལམ་གསར་པར་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་དམིགས་འབེན་དང་ལས་འགན་གཏན་འཁེལ་གསལ་པོ་བྱས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། དོན་འཁྱོལ་ནན་མོ་བཅས་བྱ་རྒྱུ་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སྔ་འཛིན་ཕྱི་གཏོད་དང་འབྲེལ་བ་ཡོད་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མདུན་ལམ་དང་ལས་དབང་ལ་ཡང་འབྲེལ་བ་ཡོད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཡང་འབྲེལ་བ་ཡོད། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་སྐུལ་སློང་བྱས་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་བགྲོད་ལམ་གྱི་རང་རྟོན་དང་། རིགས་པའི་གཞུང་ལུགས་ཀྱི་རང་རྟོན། ལམ་ལུགས་ཀྱི་རང་རྟོན། རིག་གནས་ཀྱི་རང་རྟོན་བཅས་ཇེ་བརྟན་དུ་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་པར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་ཟབ་མོ་ལྡན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། དོན་འཁྱོལ་བཅས་བྱས་བྱ་རྒྱུ་ནི་རྒྱུན་མཐུད་ངང་སྐུལ་སྤེལ་དང་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བའི་བརྒྱུད་རིམ་ཞིག་ཡིན། ད་ཡོད་ཀྱི་བྱ་བའི་རྨང་གཞིའི་ཐོག་བབ་བསྟུན་སྐུལ་འདེད་གཏོང་བ་དང་། ཕན་འབྲས་དངོས་ཐོན་པའི་བྱེད་ཐབས་མུ་མཐུད་དུ་སྤྱོད་པ། སློབ་སྦྱོང་དང་དྲིལ་བསྒྲགས་ཀྱི་ལས་དོན་གཏིང་ཟབ་ཏུ་སྤེལ་བ་དང་། ལག་ལེན་དངོས་སུ་བསྟར་བར་སྐུལ་འདེད་གཏོང་བ། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་བསམ་བློ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཐོག་གཅིག་གྱུར་བྱེད་པ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་གཏན་འཁེལ་བྱས་པའི་ལས་འགན་སོ་སོའི་སྟེང་སྟོབས་ཤུགས་གཅིག་སྒྲིལ་བཅས་བྱས་ཏེ། སེམས་པ་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བརྗིད་རྔམ་ལྡན་པའི་སྟོབས་ཤུགས་གཅིག་ཏུ་འགྲིལ་བར་བྱ་དགོས། གཞི་རྟེན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་བྱེད་ཐབས་གསར་སྐྲུན་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ལྟ་འདོད་ལ་ཉན་སྤྲོ་བའི་རྣམ་པའི་ཐོག་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དེ་ལས་ཁུངས་དང་། ཁེ་ལས་ལས་ཁུངས། གྲོང་ཁྱེར་དང་ཡུལ་ཚོའི་སྡེ་ཁུལ། སློབ་གྲྭ། དམག་སྒར། རིགས་མང་པོའི་དཔལ་འབྱོར་རྩ་འཛུགས་གསར་པ། སྤྱི་ཚོགས་རྩ་འཛུགས་གསར་པ། དྲ་ཚིགས་བཅས་སུ་བསྐྱོད་རྒྱུར་སྐུལ་འདེད་བཏང་སྟེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་མི་སེམས་ལ་དངོས་སུ་ཟུག་ཐུབ་པ་བྱེད་དགོས།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ། ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱེད་པའི་ཐད་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་མུ་མཐུད་དུ་སྣེ་ཡག་པོ་འཁྲིད་པ་དང་མིག་དཔེ་སྟོན་དགོས། མིག་རྒྱང་སྔར་ལས་ཡངས་ཤིང་རྒྱ་ཆེ་བ། ཕུན་སུམ་ཚོགས་ཤིང་གསོན་ཉམས་ལྡན་པའི་ལག་ལེན་དང་ཟུང་འབྲེལ་བྱེད་པ། དུས་རབས་གསར་པའི་ལོ་བཅུའི་རླབས་ཆེན་འཕོ་འགྱུར་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ཟབ་མོ་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་སྲིད་ཇུས་དང་བྱེད་ཕྱོགས་གལ་ཆེན། འཐབ་ཇུས་བཀོད་སྒྲིག་སྐོར་གྱི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ལོ་རྒྱུས་ཀྱི་གཏན་ཚིགས་དང་། རིགས་པའི་གཞུང་ལུགས་ཀྱི་གཏན་ཚིགས། ལག་ལེན་གྱི་གཏན་ཚིགས་བཅས་ཁོང་དུ་ཟབ་མོ་ཆུད་པར་བྱེད་པ། ཅི་ཞིག་ཡིན་པ་དང་ཅི་ཞིག་བྱེད་པ། ཇི་ལྟར་སྒྲུབ་པ་བཅས་ཁོང་དུ་བརྟན་པོར་ཆུད་པ་བཅས་བྱས་ནས། ལག་ལེན་མཐར་ཕྱིན་དང་དོན་འཁྱོལ་བྱེད་པར་རྨང་གཞི་བརྟན་པོ་ཞིག་འདིང་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ། དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ། བྱ་ཐབས་བཅས་ཁོང་དུ་ཆུད་པ་བྱས་ཏེ་དུས་བབ་ལ་བརྡར་ཤ་གཅོད་པ་དང་གནད་དོན་ཞིབ་འཇུག་དང་ཐག་གཅོད་བྱེད་དགོས། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཐོག་ངེས་པར་དུ་དུས་རབས་གསར་པའི་ཏང་གི་གསར་སྐྲུན་གྱི་རིགས་པའི་གཞུང་ལུགས་དང་འཐབ་ཇུས་བཀོད་སྒྲིག འཐབ་ཇུས་བྱ་ཐབས་བཅས་རྒྱུན་འཁྱོངས་བྱ་རྒྱུར་གཡོ་འགུལ་མི་གཏོང་བ་དང་འཐབ་ཇུས་ཀྱི་རང་རྟོན་ཇེ་བརྟན་དུ་གཏོང་རྒྱུར་གོ་བ་ཟབ་མོ་ལེན་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་རིགས་པའི་གཞུང་ལུགས་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ཀྱི་བཀོད་པའི་འབྲེལ་བ་ཁོང་དུ་ཟབ་མོ་ཆུད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ཀྱི་བཀོད་པ་ཚན་རིག་རང་བཞིན་དང་ལྡོག་མེད་ཀྱི་རང་བཞིན་ལ་གོ་བ་ཟབ་མོ་ལེན་དགོས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་རྒྱུའི་དམིགས་འབེན་ལས་འགན་སོ་སོ་མངོན་འགྱུར་བྱ་རྒྱུའི་དཀའ་ཚེགས་ཆེ་བའི་རང་བཞིན་དང་རྙོག་འཛིང་ཆེ་བའི་རང་བཞིན་ལ་ངོས་འཛིན་ཟབ་མོ་བྱས་ནས། ལག་ལེན་མཐར་ཕྱིན་བྱེད་པའི་རང་རྟོགས་རང་བཞིན་དང་བློ་རྩ་བརྟན་པོའི་རང་བཞིན་ཆེ་རུ་གཏོང་དགོས། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་དང་འཐབ་ཇུས་བཀོད་སྒྲིག བྱ་ཐབས་གལ་ཆེན་བཅས་ཕྱོགས་ཡོངས་ནས་དམ་འཛིན་བྱེད་པ་དང་། རང་ས་ཁུལ་དང་རང་སྡེ་ཁག་གི་ཞིབ་ཕྲའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས། གཏན་འབེབས་ཡག་པོ་དང་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པའི་ཞིབ་ཕྲའི་ཇུས་གཞི་དང་ཞིབ་ཕྲའི་བྱེད་ཐབས་ལག་བསྟར་ཡག་པོ་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་རེ་རེ་བཞིན་དང་གོ་རིམ་རེ་རེ་བཞིན་དོན་འཁྱོལ་ཏན་ཏིག་བྱེད་དགོས།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་འཆར་འགོད་བྱས་པའི་བརྗིད་ཉམས་ཆེ་བའི་འཆར་གཞི་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་བསྒྱུར་དགོས་ན། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་འགན་འཁྲི་འཁུར་ཕོད་པ་བྱ་དགོས། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་རང་ཉིད་ཏང་ནང་ཞུགས་པ་དང་། ཉིན་མཚན་ཀུན་ཏུ་སྤྱི་དོན་ལ་གཞོལ་ཞིང་། དུས་དང་རྣམ་པ་ཀུན་ཏུ་སེམས་མི་བདེ་བའི་འགན་འཁྲི་འཁུར་སེམས་དང་། འགན་འཁྲི་ཧུར་ཐག་གིས་འཁུར་ཕོད་པའི་སྙིང་སྟོབས་དེ་ཏང་དང་མི་དམངས་ཀྱི་ཆེད་དུ་འགན་འཁྲི་ཡག་པོ་སྒྲུབ་པ་དང་འགན་འཁྲི་ཡག་པོ་འཁུར་དགོས། ལས་དོན་སྒྲུབ་པ་དང་ལས་སྐྲུན་བྱེད་པར་ཕན་པའི་ཁོར་ཡུག་བཟང་པོ་ཧུར་ཐག་གིས་བསྐྲུན་ནས་ལས་འགན་འཁུར་མཁན་ལ་འགན་འཁུར་ཕོད་པ་དང་། འགན་འཁུར་མཁན་ལ་འགན་འཁུར་བ། ལས་དོན་སྒྲུབ་མཁན་ལ་རྒྱབ་སྐྱོར་བྱེད་པ། འགན་འཁུར་ཕོད་པ་དང་ལས་དོན་སྒྲུབ་ཕོད་པའི་ལས་བྱེད་པ་འཚོལ་རྙེད་དང་གསོ་སྐྱོང་། བཀོལ་སྤྱོད་བཅས་བྱེད་མཁས་པོ་བྱས་ནས། ལས་བྱེད་པས་འགན་འཁུར་ཕོད་པ་དང་བྱས་རྗེས་འཇོག་པར་འགོག་རྐྱེན་བཟོ་བའི་རྒྱུ་རྐྱེན་སྣ་ཚོགས་སེལ་བར་ཤུགས་རྒྱག་པ། འགན་འཁུར་བསམ་པ་དང་འགན་འཁུར་ཕོད་པ་བཅས་ཀྱི་སྲོལ་བཟང་དུ་འགྱུར་བ་བཅས་བྱེད་དགོས། ངེས་པར་དུ་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་ཧུར་ཐག་འཇལ་བ། ཞུམ་མེད་ཀྱི་འཐབ་རྩོད་ལ་བརྟེན་ནས་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས།
ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་མགོ་རྩོམ་པའི་ལོ་ཡིན་ཞིང་། ལས་མགོ་བརྩམས་པ་དེ་ཕྱོགས་ཡོངས་དང་འབྲེལ་བ་ཡོད་པ་དང་། ལས་མགོ་བརྩམས་པ་དེས་མ་འོངས་པ་ཐག་གཅོད་བྱས་ཡོད། དུས་ཚོད་དང་གོ་སྐབས་ཀྱིས་མི་ལ་སྒུག་མི་སྲིད་ལ། འཕེལ་རྒྱས་ཀྱིས་ཀྱང་མི་ལ་སྒུག་མི་སྲིད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏང་འཛུགས་སྐྲུན་བྱེད་པའི་རླབས་ཆེན་སྙིང་སྟོབས་དར་སྤེལ་གཏོང་བ།“ངེས་པར་དུ་བྱ་དགོས་པ་གསུམ”ཡིད་ལ་བརྟན་པོར་བཅངས་བ། རང་གིས་རང་ལ་ཡིད་ཆེས་དང་བདེན་སྲུང་གསར་གཏོད་བྱེད་པ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་བློ་བརྟན་འགྱུར་མེད་ཀྱིས་འབད་བརྩོན་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་སྤེལ་ཏན་ཏིག་གཏོང་བ་བཅས་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་གཏན་ཁེལ་བྱས་པའི་དམིགས་འབེན་དང་ལས་འགན་མངོན་འགྱུར་བྱེད་ཆེད་ཐུན་མོང་གིས་འབད་འཐབ་བྱ་དགོས།
ཡིག་སྒྱུར་བ། ཤ་བོ་རིན་མཚོ།