ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་མི་དམངས་བླ་ན་མེད་པའི་རྩ་བའི་བླང་བྱ་རྒྱུན་འཁྱོངས་བྱས་ཏེ། སྲིད་གཞུང་གི་དམངས་ཚིས་ལས་དོན་གྱི་ཚན་རིག་རང་བཞིན་དང་། དམིགས་སའི་རང་བཞིན། ཀུན་ཕན་རང་བཞིན་བཅས་སྔར་ལས་ཇེ་མཐོར་བཏང་སྟེ། མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་སྔར་ལས་ཇེ་མཐོར་འགྲོ་བར་འགན་ལེན་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་ནས། དོན་དངོས20གཏན་ལ་ཕབ་པ་གཤམ་གསལ་ལྟར།
གཅིག རིག་གནས་སློབ་གསོ་དང་འཕྲོད་བསྟེན་ལས་དོན་ཐད་སྒོར་དུང་ཕྱུར་གཅིག་དང་ས་ཡ་བརྒྱད་བཏང་སྟེ། ཡུལ་སྐོར་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་བྱ་རྒྱུ།
གཉིས། སྒོར་དུང་ཕྱུར་གཅིག་དང་བྱེ་བ་དྲུག་ས་ཡ་བརྒྱད་བཏང་སྟེ། རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭའི་ཆ་རྐྱེན་ལེགས་བསྒྱུར་བྱ་རྒྱུ།
གསུམ། སྒོར་བྱེ་བ་དགུ་ས་ཡ་དགུ་འབུམ་གཅིག་ཁྲི་བཞི་བཏང་སྟེ། གཞི་རིམ་གྱི་སྨན་བཅོས་སྒྲིག་གཞིའི་ཞབས་ཞུའི་ནུས་ཤུགས་མཐོར་འདེགས་གཏོང་རྒྱུ།
བཞི། སློབ་མ110ཞིང་ཆེན་ཕྱི་ནང་གི་དཔེ་སྟོན་མཐོ་འབྲིང་དུ་བསྐྱལ་ནས་སྤུས་ལེགས་སློབ་གསོ་མྱོང་དུ་འཇུག་པ་དང་། ཅང་སུའུ་སོགས་མཐོ་རིམ་སློབ་གྲྭ་དཀྱུས་མ་དང་འབྲེལ་མཐུད་བྱས་ནས་ཁ་གཏད་ཁ་ཕྱོགས་གཏན་འཁེལ་གྱིས་རང་ཁུལ་གྱི་སློབ་མ50བསྡུ་ལེན་དང་ས་ཆ་གཞན་གྱི་འབྲིང་རིམ་ལས་རིགས་འཛིན་གྲྭར་སློབ་མ200བསྡུ་ལེན་བྱེད་རྒྱུ།
ལྔ། སྤྱི་ཚོགས་འགན་སྲུང་ཐད་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བརྒྱད་བཏང་སྟེ། དཀའ་ངལ་ཡོད་པའི་ཚོགས་སྤྱིའི་གཞི་རྩའི་འཚོ་བའི་འགན་སྲུང་དོན་འཁྱོལ་བྱེད་རྒྱུ།
དྲུག ལས་ཞུགས་ཆེད་སྤྱོད་མ་དངུལ་སྒོར་བྱེ་བ་དྲུག་བརྩོན་ལེན་བྱས་ནས། ལས་ཞུགས་གསོ་སྦྱོང་གི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་གཏོང་བར་སྐུལ་འདེད་གཏོང་རྒྱུ།
བདུན། སྨན་བཅོས་རོགས་སྐྱོབ་མ་དངུལ་སྒོར་བྱེ་བ་བརྒྱད་བརྩོན་ལེན་བྱས་ནས། དམིགས་བསལ་དཀའ་ངལ་ཡོད་པའི་ཚོགས་སྤྱིའི་སྨན་བཅོས་རོགས་སྐྱོར་ཞབས་ཞུར་ཤུགས་སྣོན་བྱེད་རྒྱུ།
བརྒྱད། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གསུམ་བཏང་སྟེ། རོང་འབྲོག་ཁུལ་གྱི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་བྱེད་རྒྱུ།
དགུ། མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་དྲུག་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ།
བཅུ། མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་གསུམ་བཏང་སྟེ། རོང་འབྲོག་ཁུལ་གྱི་གནོད་འཚེའི་རང་བཞིན་གྱི་གནམ་གཤིས་ཀྱི་སྔོན་དཔག་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་བྱེད་རྒྱུ།
བཅུ་གཅིག མ་དངུལ་སྒོར་བྱེ་བ་བཞི་དང་ས་ཡ་གཅིག་འབུམ་གཅིག་ཁྲི་གཅིག་བཏང་སྟེ། དྲ་བའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ།
བཅུ་གཉིས། མ་དངུལ་སྒོར་བྱེ་བ་དྲུག་དང་ས་ཡ་དགུ་འབུམ་བཞི་ཁྲི་ལྔ་བཏང་སྟེ། གྲོང་གསེབ་ཀྱི་གློག་དྲའི་རིམ་སྤར་ཇེ་མགྱོགས་སུ་གཏོང་རྒྱུ།
བཅུ་གསུམ། རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་གསུམ་ས་ཡ་བཞི་དངོས་འབེབས་བྱས་ཏེ། ཁ་གཏད་རོགས་སྐྱོར་གྱི་ཕན་འབྲས་ཆེ་རུ་གཏོང་བར་རོགས་སྐྱོར་བྱེད་རྒྱུ།
བཅུ་བཞི། མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་བཞི་ས་ཡ་བདུན་བཏང་སྟེ། ནུས་རྒྱུ་གཙང་མའི་དྲོད་རླངས་མཁོ་འདོན་བཟོ་གྲྭའི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ།
བཅོ་ལྔ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་དགུ་ས་ཡ་གཉིས་བཏང་སྟེ། རྒྱལ་ཁོངས་ལྗང་སྒྱུར་དང་སྐྱེ་ཁམས་སླར་གསོ་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་རྒྱུ།
བཅུ་དྲུག མ་དངུལ་སྒོར་དུང་ཕྱུར་གཉིས་བཏང་སྟེ། འབབ་རྒྱུད་གཙོ་བོའི་ཆུའི་སྐྱེ་ཁམས་སྲུང་སྐྱོབ་དང་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་རྒྱུ།
བཅུ་བདུན། རོང་འབྲོག་ཁུལ་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་གཅིག་བཏང་སྟེ། སྐྱེ་ཁམས་ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་རྒྱུ།
བཅོ་བརྒྱད། མ་དངུལ་སྒོར་དུང་ཕྱུར་ལྔ་དང་བྱེ་བ་བདུན་བཏང་སྟེ། རོང་འབྲོག་ཁུལ་གྱི་ཆུ་བེད་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ།
བཅུ་དགུ། ཁུལ་རིམ་པའི་ནོར་སྲིད་རྒྱབ་སྐྱོར་ཐད་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཉིས་བཀོད་སྒྲིག་བྱས་ནས། ནོར་སྲིད་མ་དངུལ་གྱི་ཁྲིད་སྟོན་ནུས་པ་ཆེ་རུ་གཏོང་བ་དང་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་སྟེ། སྤྱི་ཚོགས་དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་རྒྱུ།
ཉི་ཤུ། དངུལ་རྩའི་རོགས་སྐྱོར་ཐད་དངུལ་རྩའི་སྒྲིག་གཞི་སོ་སོས་ཞིང་སྐྱོར་དངུལ་བུན་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་ལྔ་བྱེ་བ་ལྔ་གཏོང་རྒྱུར་མཐུན་སྦྱོར་དང་ཁྲིད་སྟོན་བྱས་ཏེ། ཁེ་ལས་ཆུང་བར་དངུལ་བུན་སྒོར་དུང་ཕྱུར་བདུན་དང་བྱེ་བ་ལྔ་གཏོང་རྒྱུ་བཅས་རེད།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།