“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ཉམས་ལེན་ཁང”ཐོག་མ་སྒོ་ཕྱེ་བ།
2023.03.31 ཁུངས། ཀྲུ་གོ་བོད་ལྗོངས་དྲ་བ། ཀློག་གྲངས། 17

 ཟླ3པའི་ཚེས28ཉིན།  མི་ཚོགས་མང་བའི་ཞིས་ཏན་བྱང་ལམ་དུ་གནས་པའི་རྫ་གཡམ་ཐལ་མདོག་གི་རྒྱ་ཕིབས་ཀྱིས་བརྒྱན་པའི་སྒོ་ར་ཆེན་པོ་ཞིག་ཐོག་བརྩེགས་ཁང་ཆེན་གྱིས་བསྐོར་ཡོད།  དེ་ནི་ལོ་ངོ600ལྷག་གི་ལོ་རྒྱུས་ལྡན་པའི་བོད་སོག་སློབ་གྲྭའི་གནས་རྙིང་ཡིན་ཞིང་།  པེ་ཅིན་གྲོང་ཁྱེར་མཁར་ནུབ་ཆུས་ཞའོ་ཧྲི་ཧུའུ་སྲང་ལམ་སྒོ་རྟགས་ཨང33པར་གནས་ཡོད།  རྒྱལ་ཡོངས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ཉམས་ལེན་ཁང་ཐོག་མ་དེ་ཡིན་པའི་ངོས་ནས“གནས་རྙིང་ཉམས་གསོ་བྱས་ནས་གནའ་ཉམས་མངོན་པར་བྱེད་པའི”རྩ་དོན་ལ་བརྩི་སྲུང་བྱས་པ་དང་།  རྣམ་པ་གསར་རྐྱང་གི་ཐོག་ནས་ལོ་རྒྱུས་ཀྱི་ཉམས་འགྱུར་སླར་ཡང་མངོན་པར་བྱས་ཏེ་ཕྱོགས་བཞི་མཚམས་བརྒྱད་ཀྱི་ལྟ་སྐོར་བ་བསུ་བཞིན་མཆིས།

ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པའམ་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་ཕན་ཡུའེ་དང་།  པེ་ཅིན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲི་ཀྲང་དབྱིན་ཡུང་། རིག་གནས་དང་ཡུལ་སྐོར་པུའི་པུའུ་ཀྲང་གཞོན་པའམ་རྒྱལ་ཁབ་རིག་དངོས་ཅུས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཅུས་ཀྲང་ལིས་ཆུན་བཅས་ཀྱིས་མཉམ་དུ་གནས་རྙིང་གི་ཡོལ་བ་ཕྱེ་བ་མ་ཟད་ཤིས་ཚིག་ཕུལ་བ་དང་། པེ་ཅིན་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་དྲིལ་བསྒྲགས་པུའི་པུའུ་ཀྲང་མོ་ཀའོ་དབྱི་ཡིས་སྒོ་མོ་ཕྱེ་བའི་མཛད་སྒོར་གཙོ་སྐྱོང་གནང་ཞིང་།  རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཁོངས་མིའམ་ཀྲུའུ་རིན་གཞོན་པ་ཀའོ་བིས་ཕེན་དང་། པེ་ཅིན་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་དབྱང་ཅིན་པའེ། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་དྲུང་ཡིག་ཆེན་མོ་ཡུས་པོ་བཅས་མཛད་སྒོར་ཞུགས་པར་མ་ཟད། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་རིག་དངོས་ཅུས་བཅས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་། པེ་ཅིན་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན། པེ་ཅིན་དང་ཐེན་ཅིན། ཀན་སུའུ། ཡུན་ནན། ཀོས་ཀྲིག  ཞིན་ཅང་སོགས་ཉམས་ལེན་ཁུལ་གྱི་དུས་སྐབས་དང་པོའི་ལས་གཞི་འཛུགས་སྐྲུན་གྱི་འགན་འཁུར་མཁན་ཞིང་ཆེན་དང་། གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་ཀྱི་མི་རིགས་ལས་དོན་སྡེ་ཁག་གི་འགན་འཁུར་བློ་མཐུན། པེ་ཅིན་གྲོང་ཁྱེར་གྱི་གསར་བརྗེའི་རིག་གནས་ཀྱི་བརྗོད་དོན་གཙོ་བོའི་ཚོམས་ར་ཆེ་གྲས་གསུམ་གྱི་འཐུས་མི། རྒྱལ་སའི་ན་གཞོན་ལོ་ཆུང་གི་འཐུས་མི་བཅས་གནས་རྙིང་གི་སྒོ་མོ་ཕྱེ་བའི་མཛད་སྒོར་ཞུགས།

ཤེས་རྟོགས་བྱུང་བ་ལྟར་ན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ཉམས་ལེན་ཁང་ནི་རྒྱལ་ཁབ་རིག་དངོས་ཅུས་ཀྱི་རྒྱབ་སྐྱོར་འོག རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་པེ་ཅིན་གྲོང་ཁྱེར་དང་མཉམ་འབྲེལ་སྒོས་བསྐྲུན་པ་ཞིག་ཡིན་ཞིང་། ཉམས་ལེན་ཁང་དེས་སོག་བོད་སློབ་གྲྭའི་གནས་རྙིང་ལ་ལྡན་པའི་ཏང་གི་མི་རིགས་ལས་དོན་གྱི་ལོ་རྒྱུས་ལ་བརྟེན་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བྱས་ཏེ་བརྗོད་དོན་གཙོ་བོའི་འགྲེམས་སྟོན་དང་། ཆེད་དོན་འགྲེམས་སྟོན། ཉམས་ལེན་ཁུལ་བཅས་ཕྱོགས་གསུམ་གཞི་གཅིག་དང་།  འགུལ་སྡོད་ཟུང་འབྲེལ་གྱི་གནས་རྙིང་རིག་དངོས་ཀྱི་བར་སྟོང་སྤྱད་པའི་རྣམ་པ་ཞིག་གྲུབ་པར་བྱས་ཡོད་ལ།  “འགྲེམས་སྟོན་དང་ཉམས་ལེན”ཟུང་འབྲེལ་གྱི་བྱེད་ཐབས་བརྒྱུད་དེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ཉམས་ལེན་ཁང་ཐོག་མ་དེ་བསྐྲུན་ཡོད།

སོག་བོད་སློབ་གྲྭའི་གནས་རྙིང་དེ་ར་སྐོར་ཤར་མ་དང་ནུབ་མ་གཉིས་སུ་ཕྱེ་བ་དང་།  སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི་གཅིག་དང་སྟོང་གཅིག་བརྒྱད་བརྒྱ་ཟིན་པའི་ཁྲོད་གནའ་བོའི་བཟོ་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་སྟོང་གསུམ་དང་ཉིས་བརྒྱ་ཟིན་པ་དེས་སྤྱིའི་རྒྱ་ཁྱོན་གྱི་གསུམ་ཆའི་གཅིག་ཙམ་ཟིན་ཡོད། གནས་འདི་ནི་སྔོན་ཆད་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་མ་ཐག་པའི་དུས་འགོར་མི་རིགས་ལས་དོན་སྤེལ་སའི་གཡུལ་ས་གཙོ་བོ་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་གིས་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་སྐྱེད་སྲིང་བྱེད་ས་ཞིག་ཀྱང་ཡིན།

གནས་རྙིང་གི་ར་སྐོར་ནུབ་མའི“སོག་བོད་སློབ་གྲྭའི་གནས་རྙིང་གི་ཆེད་དོན་འགྲེམས་སྟོན”ནང་གཙོ་བོ་གནས་རྙིང་གི་ལོ་རྒྱུས་འཕེལ་རིམ་དང་གསར་བརྗེའི་བྱེད་སྒོ།  སོག་བོད་སློབ་གྲྭའི་སློབ་མ་ལྔ་བཞིའི་ལས་འགུལ་ནང་ཞུགས་པ་བཅས་དང་། ལིས་ཏ་ཀྲའོ་དང་། ཏིན་ཀྲུང་ཞ།  ཀྲའོ་ཧྲི་ཡན་སོགས་ཀྱིས་སོག་བོད་སློབ་གྲྭའི་ན་གཞོན་ཚོར་མར་ཁེ་སིའི་རིང་ལུགས་ཀྱི་བློ་སྒོ་ཕྱེ་བ་དང་གསར་བརྗེའི་ཁྲིད་སྟོན་བྱེད་པ། ཝུའུ་ལན་ཧྥུའུ་དང་ཏུའོ་སུང་ཉན་སོགས་སོག་བོད་སློབ་གྲྭའི་ཡར་ཐོན་ན་གཞོན་དག་སློབ་གྲྭའི་ཕྱི་ནང་གི་གསར་བརྗེའི་ལས་འགུལ་ནང་ཞུགས་པ་སོགས་འགྲེམས་སྟོན་བྱས་ནས། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་རྗེས་གནས་དེར་གསར་བརྗེའི་འཐབ་རྩོད་རྩ་འཛུགས་བྱས་ཏེ་སྤེལ་བའི་ལོ་རྒྱུས་མཚོན་པར་བྱས་ཡོད།  “ཀྲུང་ཧྭ་རྒྱུད་པ་གཅིག་ལས་བྱུང་། ཀུན་སེམས་གཅིག་སྒྲིལ་ཕུགས་འདུན་གཏོད”ཅེས་པའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་དེ“མཉམ་དུ་ཀྲུང་གོ་གསར་པ་གཏོད་པ”དང“མཐུན་སྒྲིལ་བྱས་ཏེ་སྤྱི་ཚོགས་གསར་པ་བསྐྲུན”། “དར་རྒྱས་ལམ་བུར་མཉམ་དུ་འབད་འཐབ་བྱེད”། “སེམས་མཐུན་ཡར་བརྩོན་གྱི་དུས་རབས་གསར་བ ”བཅས་ཁག4ལ་བགོས་ཡོད།   པར་རིས420ལྷག་དང་།  དངོས་པོ་དང་ཚད་ལྡན་ཡིག་ཆ། ཡིག་ཚགས་བཅས280ལྷག  སྒྱུ་རྩལ་འགྲེམས་དངོས18བཅས་འགྲེམས་སྟོན་བྱས་ཡོད་ལ། དུས་རབས་གསར་པའི་མི་རིགས་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་པ་ཐོབ་པ་གཙོ་གནད་ཐོག་འགྲེམས་སྟོན་བྱས་ཡོད།

ཁ་ལཱ་ཆིན་དཔོན་ཚང་གི“བུ་རབས་ཚ་རྒྱུད་ཀྱིས་ནང་སོག་སྲུང་བའི”ཧྲིག་ཧྲན་ཧྲི་དང་། པཎ་ཆེན་སྐུ་ཕྲེང་བཅུ་པས་ཀྲུའུ་ཞི་མའོ་ཙེ་ཏུང་ལ་ཕུལ་བའི་གསེར་གྱི་སྐར་ལྔའི་དར་དམར། རི་འགོག་དཔའ་བོ་པའེ་དབྱི་ཧྭ་ཡི་ཕྱག་བྲིས་སོགས་གནས་རྙིང་ཁང་ནུབ་མའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་དང་ཆེད་དོན་འགྲེམས་སྟོན་ཁྲོད་ཀྱི་ལོ་རྒྱུས་ཀྱི་པར་རིས་རེ་རེ་དང་རིག་དངོས་རེ་རེ་ལས་ལོ་རྒྱུས་ཀྱི་གཏམ་རྒྱུད་དངོས་ཇི་མ་ཇི་བཞིན་དུ་མངོན་ཡོད།

གནས་རྙིང་ཁང་ཤར་མས“འགྲེམས་སྟོན་དང་ཉམས་ལེན”གྱི་རྣམ་པ་བརྒྱུད་ནས་ལྟ་སྐོར་བ་རྣམས་ལ་མཐོང་ཐོས་གསར་པ་ཞིག་སྦྱིན་ཞིང་།  གནས་འདི་ནས་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་རིག་གནས“མཐོང་བ་དང་ཐོས་ཐུབ་པར”མ་ཟད།  ད་དུང“མྱོང་ཚོར་ཐུབ་པ་དང་ཉམས་ལེན་ཐུབ་པ། འཁྱེར་ཐུབ་པ”བཅས་བྱེད་ཐུབ།   “ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་ཉམས་ལེན་ཁུལ”གྱིས་མི་རིགས་ཁག་གི་རོལ་དབྱངས་དང་།  སྨན་རྫས།  ལག་ཤེས་བཟོ་རྩལ་སོགས་ཀྱི་ཁྱད་ལྡན་ནང་དོན་ལེགས་འདེམས་བྱས་ནས། ཀྲུང་ཧྭ་མི་རིགས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་དང་།  ཀྲུང་ཧྭའི་ཁྱིམ་གཞིས། ཀྲུང་ཧྭའི་རོལ་དབྱངས། ཀྲུང་ཧྭའི་ཞབས་བྲོ། ཀྲུང་ཧྭའི་རྒྱན་གོས། ཀྲུང་ཧྭའི་གསོ་རིག ཀྲུང་ཧྭའི་རྩོམ་རིག ཀྲུང་ཧྭའི་ལག་ཤེས་བཟོ་རྩལ་བཅས་ནང་དོན་ཁག8ལ་བགོས་ཏེ། ཡུལ་སྣང་ཅན་གྱི་འགྲེམས་་སྟོན་དང་དབྱིངས་ཞུགས་རྣམ་པའི་ཉམས་ལེན་བརྒྱུད་ནས། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་ཁྲོད་ཀྱི་ཐུན་མོང་གི་བསམ་པའི་མཚོན་རྟགས་དང་རིག་གནས་མཉམ་སྤྱོད་ཀྱི་མཚོན་རྟགས་གསོན་ཉམས་ལྡན་པའི་ངང་མངོན་པར་བྱས་ཡོད།

“ཅིའི་ཕྱིར་ཀྲུང་ཧྭ་ཟེར”བའི་གྲངས་གཞིའི་འགྲེམས་སྟོན་དང“རྨ་ཆུའི་ནུབ་རྒྱུད་བར་ཁྱམས”གྱི་རྣམ་པ་ཉམས་ལེན། ཞིང་ཆེན་དང་གྲོང་ཁྱེར་སོ་སོས་སྤུས་ལེགས་རྣམ་གྲངས་དང་འཁྲབ་སྟོན་ཚོགས་པ་འོས་སྦྱོར་བྱས་ཏེ་སྐོར་ཁག་བགོས་ནས་ཉམས་ལེན་ཁུལ་དུ་འཁྲབ་སྟོན་བྱེད་པ་མ་ཟད། ད་དུང་སྲོལ་རྒྱུན་གྱི་ཤིང་བཟོ་དང་། འཚེམ་དྲུབ། ཚོས་རྒྱག མཛེས་བཟོ་སོགས་རྣམ་གྲངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པའི་སྤེལ་རེས་དང་རྩལ་ནུས་བརྒྱུད་སྤྲོད་སོགས་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་མཉམ་འགུལ་དང་གཙོ་ཕལ་མཉམ་འདྲེས་ཀྱི་དབྱིངས་ཞུགས་རྣམ་པའི་ཉམས་ལེན་དམིགས་འབེན་དུ་བྱས་ནས། ལྟད་མོ་བ་ཚོར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་གྲུབ་པ་དང་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་དངོས་སུ་ཚོར་ཐུབ་པར་བྱས་ཏེ།  ཀྲུང་ཧྭ་མི་རིགས་ལ་མོས་སེམས་དང་སྤོབས་སེམས་ཆེ་རུ་གཏོང་ཐུབ།

ཤེས་རྟོགས་བྱུང་བ་ལྟར་ན།  སྤྱི་དམངས་ཚོས“པེ་ཅིན་སློབ་ཆེན་གྱི་ཐོག་ཁང་དམར་པོའི”སྐད་འཕྲིན་སྤྱི་རྟགས་བརྒྱུད་དེ་མིང་ངོ་མའི་ཐོག་ནས་སྔོན་མངགས་བྱས་པའི་ཉིན་བདུན་ནང་ལྟ་སྐོར་དུ་བསྐྱོད་ཆོག་ལ།  ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ཉམས་ལེན་ཁང་དུ་མཉམ་དུ་བསྐྱོད་ནས་དད་སེམས་རྒྱུན་མཐུད་རྒྱུན་འཛིན་དང་།  སེམས་པ་རྒྱུན་ཆད་མེད་པར་ཉེ་བཅར་དང་གོང་བུ་གཅིག་ཏུ་འགྲིལ་ཐུབ་པ་བྱས་ནས།  ཀྲུང་གོ་གུང་ཁྲན་ཏང་གི་མི་རིགས་ལས་དོན་གྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུ་དང་རླབས་ཆེན་གྲུབ་འབྲས་མཉམ་དུ་མྱོང་རྟོགས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཕུན་སུམ་ཚོགས་པའི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་དངོས་སུ་ཚོར་ཐུབ་པར་བྱེད་དགོས།

རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།