སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་“བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ནི་སྤྱི་ཚོགས་རིང་ལུགས་དམངས་གཙོའི་ཆབ་སྲིད་ཀྱི་ངོ་བོའི་ཁྱད་ཆོས་ཡིན་པ་དང་། ཆེས་རྒྱ་ཆེ་བ་དང་ཆེས་དོན་དངོས་དང་མཐུན་པ། ཆེས་གོ་ཆོད་པ་བཅས་ཀྱི་དམངས་གཙོ་ཡིན་”ཞེས་ནན་གྱིས་བསྟན། དེ་ལ་གཤམ་གྱི་ཕྱོགས་འགའི་ཐད་ནས་གོ་བ་བླངས་ཆོག
བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ཀྱི་ངོ་བོའི་ཁྱད་ཆོས་ཡིན། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོས་ཏང་གི་འགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་རྒྱུན་འཁྱོངས་བྱས་ནས། བཟོ་པའི་གྲལ་རིམ་གྱིས་འགོ་ཁྲིད་ཅིང་བཟོ་ཞིང་མནའ་འབྲེལ་གྱིས་རྨང་གཞི་བྱས་པའི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་རྒྱལ་ཁབ་ཀྱི་ལམ་ལུགས་ལག་བསྟར་བྱེད་པ་དང་། དམངས་འཐུས་ཚོགས་ཆེན་གྱི་ལམ་ལུགས་ལག་བསྟར་བྱས་ནས། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས། གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་ལུགས་སོགས་གཞི་རྩའི་ཆབ་སྲིད་ལམ་ལུགས་ལག་བསྟར་བྱེད་པ་དང་། ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་ལས་མངོན་པའི་བརྒྱུད་རིམ་དམངས་གཙོ་དང་གྲུབ་འབྲས་དམངས་གཙོ། གོ་རིམ་དམངས་གཙོ་དང་ངོ་བོའི་དམངས་གཙོ། ཐད་ཀར་དམངས་གཙོ་དང་གཞན་བརྒྱུད་དམངས་གཙོ། མི་དམངས་དམངས་གཙོ་དང་རྒྱལ་ཁབ་ཀྱི་འདོད་བློ་གཅིག་གྱུར་བཅས་ཀྱི་ཁྱད་ཆོས་མངོན་གསལ་གྱིས་མཚོན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ཀྱི་ངོ་བོའི་ཁྱད་ཆོས་གང་ལེགས་ཀྱིས་མཚོན་ཡོད།
བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ནི་ཆེས་རྒྱ་ཆེ་བའི་དམངས་གཙོ་ཡིན། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ནི་སྦྲེལ་ཐག་ཧྲིལ་པོ་དང་ཕྱོགས་ཡོངས་དང་ཁྱོན་ཡོངས་ལ་ཁྱབ་པའི་དམངས་གཙོ་ཡིན་ཞིང་། མི་དམངས་ཀྱིས་དམངས་གཙོའི་འདེམས་བསྐོའི་དབང་ཆ་ལོངས་སྤྱོད་གང་ལེགས་བྱེད་པ་དང་། དམངས་གཙོས་གྲོས་མོལ་བྱེད་པ་དང་དམངས་གཙོས་ཇུས་ཐག་གཅོད་པ། དམངས་གཙོས་དོ་དམ་བྱེད་པ། དམངས་གཙོས་ལྟ་སྐུལ་བྱེད་པ་བཅས་ཀྱི་དབང་ཆ་གང་ལེགས་ཀྱིས་ལོངས་སྤྱོད་བྱས་ཆོག་པར་མ་ཟད། རྒྱལ་ཁབ་ཀྱི་ལས་དོན་དོ་དམ་བྱེད་པའི་ཁྲོད་ཞུགས་ཡོད་ལ། དཔལ་འབྱོར་དང་རིག་གནས་བྱ་གཞག་དང་སྤྱི་ཚོགས་ཀྱི་ལས་དོན་དོ་དམ་བྱེད་པའི་ཁྲོད་དུ་ཡང་ཞུགས་ཡོད། རྒྱལ་ཁབ་འཕེལ་རྒྱས་སུ་གཏོང་བའི་རྩེ་རིམ་ཇུས་འགོད་ཀྱི་བསམ་འཆར་དང་གྲོས་མགོ་འདྲི་རྩད་བྱེད་པར་ཞུགས་པར་མ་ཟད་ས་གནས་ཀྱི་སྤྱི་པའི་ལས་དོན་བཅོས་སྐྱོང་བྱེད་པར་ཡང་ཞུགས་ཡོད་པ་དང་། ཏང་ཨུ་དང་དམངས་འཐུས་ཚོགས་ཆེན། སྲིད་གཞུང་། སྲིད་གྲོས། ལྟ་ཞིབ་ལས་ཁུངས། ཁྲིམས་འཛིན་ལས་ཁུངས་སོགས་ཐབས་ལམ་སྣ་ཚོགས་བརྒྱུད་དེ་རང་གི་འདོད་བློ་མཚོན་པར་བྱེད་པ་དང་། མི་དམངས་ཚོགས་པ་དང་ཁེ་ལས་དང་ལས་དོན་ལས་ཁུངས། གཞི་རིམ་གྱི་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་དང་སྤྱི་ཚོགས་ཀྱི་རྩ་འཛུགས། དེ་མིན་རྩ་འཛུགས་གཞན་དག་སོགས་ཀྱི་ཐབས་ལམ་བརྒྱུད་དེ་བདེ་སྡུག་ཡར་ཞུ་ཡང་བྱས་ཆོག དེར་བརྟེན་རང་རྒྱལ་གྱི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ནི་མི་དམངས་དུང་ཕྱུར་14ལྷག་ཐུན་མོང་རྒྱུན་མཐུད་ངང་ཞུགས་པ་དང་། མི་རིགས་56གིས་ཐུན་མོང་འདྲ་མཉམ་ངང་ལོངས་སུ་སྤྱོད་པ། ས་ཁོངས་མི་འདྲ་བ་དང་ཁྱབ་ཁོངས་མི་འདྲ་བ། རིམ་པ་མི་འདྲ་བ། ཚོགས་པ་མི་འདྲ་བ་བཅས་ཚང་མར་ཁྱོན་ཡོངས་ནས་ཁེབས་པའི་དམངས་གཙོའི་མ་ལག་མངོན་འགྱུར་བྱུང་བ་དེ་ནི་ཆེས་རྒྱ་ཆེ་བའི་དམངས་གཙོ་ཡིན་ཞེས་བཤད་ཆོག
བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་ནི་ཆེས་དངོས་ཡོད་ཀྱི་དམངས་གཙོ་ཡིན། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོར་ལམ་ལུགས་ཀྱི་གོ་རིམ་ཆ་ཚང་ཞིག་ཡོད་པར་མ་ཟད། དེའི་ནང་ཞུགས་པའི་ལག་ལེན་ཆ་ཚང་ཞིག་ཀྱང་ཡོད་པས། མི་དམངས་ཀྱིས་དངོས་གནས་རང་ཁྱིམ་རང་བདག་བྱེད་ཐུབ་པ་རེད། ཕྱོགས་གཅིག་ནས་ཁྱོན་ཡོངས་དང་ཁྱབ་རྒྱ་ཆེ་བ། མཐུན་སྦྱོར་བཅས་ཀྱི་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་ཀྱི་མ་ལག་ཆགས་ཟིན་པ་དང་། སྣ་མང་དང་ཤར་བགྲོད། གོ་རིམ་ལྡན་པ་བཅས་ཀྱི་དམངས་གཙོའི་ཐབས་ལམ་བཏོད་ཟིན་པས། མི་དམངས་གོ་རིམ་ལྡན་པའི་སྒོ་ནས་ཆབ་སྲིད་ལ་ཞུགས་ཐུབ་པར་འགན་ལེན་ཏན་ཏིག་བྱེད་ཐུབ། ཕྱོགས་གཞན་ཞིག་ནས་མི་དམངས་ཀྱི་འདོད་བློ་དང་འབོད་སྐད་དེ་དམངས་གཙོས་ཇུས་ཐག་གཅོད་པའི་གོ་རིམ་བརྒྱུད་དེ་བདེ་བླག་ངང་ཏང་དང་རྒྱལ་ཁབ་ཀྱི་བྱེད་ཕྱོགས་དང་སྲིད་ཇུས་སུ་གྱུར་པ་དང་། དེ་ནས་སྲིད་དབང་གི་མ་ལག་བརྒྱུད་དེ་བདེ་བླག་ངང་མི་དམངས་ཀྱི་འདོད་བློ་མངོན་འགྱུར་བྱེད་པའི་བྱེ་བྲག་གི་ལག་ལེན་དུ་གྱུར་ཏེ། མི་དམངས་ཀྱིས་དངོས་གནས་རང་ཁྱིམ་རང་བདག་བྱེད་པར་ཁག་ཐེག་བྱེད་ཐུབ་ཡོད། དེར་བརྟེན། རང་རྒྱལ་གྱི་བརྒྱུད་ཧྲིལ་བོའི་མི་དམངས་དམངས་གཙོ་ནི་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བ་དང་སྤྱི་ཚོགས་འཚོ་བའི་ཕྱོགས་སོ་སོའི་ཐད། དམངས་ཡོངས་ཀྱིས་དྲིན་ཚོར་དང་ཁས་ལེན་ཟོལ་མེད་བྱེད་པའི་དམངས་གཙོའི་མ་ལག་ངོ་མ་ཞིག་ཡིན་པས། དེ་ནི་ཆེས་དོན་དངོས་དང་མཐུན་པའི་དམངས་གཙོ་ཞིག་རེད།
བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ནི་ཆེས་གོ་ཆོད་པའི་དམངས་གཙོ་ཡིན། དམངས་གཙོ་ནི་རྒྱན་ཆ་དང་སྒྲིག་གཤོམ་ལྟ་བུ་མིན་པར་ངེས་པར་དུ་ཐག་གཅོད་བྱེད་དགོས་པའི་མི་དམངས་ཀྱི་གནད་དོན་ཐག་གཅོད་བྱེད་པར་སྤྱོད་དགོས། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོས་དམངས་གཙོ་དར་སྤེལ་བཏང་ཡོད་ལ་ཡང་དག་པའི་གཅིག་སྡུད་ཀྱང་བྱས་ཡོད་པས། ཏང་གི་འདོད་ཚུལ་དང་རྒྱལ་ཁབ་ཀྱི་འདོད་བློ། མི་དམངས་ཀྱི་འདོད་བློ་བཅས་མཉམ་འདྲེས་དམ་ཟབ་བྱས་ཏེ། ཕྱོགས་གང་ཅིའི་ཐད་ཀྱི་ཐུན་མོང་གི་བསམ་བློ་དང་ཐུན་མོང་གི་ཁེ་ཕན། ཐུན་མོང་གི་དམིགས་འབེན་བཅས་ཀྱི་རྨང་གཞིའི་སྟེང་མཐུན་སྒྲིལ་གཅིག་གྱུར་ཡོང་བ་བྱས་ཏེ། ཏང་དང་རྒྱལ་ཁབ། མི་དམངས་བཅས་དམིགས་འབེན་གཅིག་མཚུངས་དང་། ཁེ་ཕན་གཅིག་མཐུན། ཕན་ཚུན་འདྲེས་པ། བློ་སེམས་གཅིག་མཐུན་བཅས་ཀྱི་སྤྱི་ཡོངས་ཤིག་ཏུ་འགྱུར་བར་བྱས་ན། སྟོབས་ཤུགས་ཆེན་པོ་ལྡན་པས་སྟོབས་ཤུགས་གཅིག་བསྡུས་ཀྱིས་དོན་ཆེན་སྒྲུབ་པ་དང་། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་ནུས་ལྡན་གཏོང་བ། དེང་རབས་ཅན་འཛུགས་སྐྲུན་གྱི་བྱ་གཞག་སོ་སོར་སྐུལ་འདེད་གཏོང་བ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བར་སྐུལ་འདེད་གཏོང་བ་བཅས་ལ་ཕན་ཐོགས་ཡོད། དེར་བརྟེན་རང་རྒྱལ་གྱི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོར་ལག་ལེན་གྱི་ཁྱད་འཕགས་རང་བཞིན་མངོན་གསལ་ལྡན་པས་ཆེས་གོ་ཆོད་པའི་དམངས་གཙོ་ཡིན་ཞེས་བརྗོད་ཆོག་པ་རེད།
བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་སུ་གཏོང་རྒྱུ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་དགོས་ངེས་ཀྱི་དོན་སྙིང་ལྡན། དམངས་གཙོ་མེད་ན་སྤྱི་ཚོགས་རིང་ལུགས་མེད་ལ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཡང་མེད། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ནི་དེའི་དམིགས་ཚད་ལས་འགན་ཡིན་ལ་དེའི་འགན་ལེན་གལ་ཆེན་ཞིག་ཀྱང་ཡིན། ངེས་པར་དུ་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ཀྱི་ལམ་བུའི་སྟེང་བསྐྱོད་དེ། ཏང་གི་འགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཟབ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་ཀྱི་གཙོ་བདག་གནས་བབ་རྒྱུན་འཁྱོངས་བྱས་ནས། མི་དམངས་ཀྱི་འདོད་བློ་གང་ལེགས་ཀྱིས་མཚོན་པ་དང་མི་དམངས་ཀྱི་ཁེ་དབང་འགན་ལེན་བྱེད་པ། མི་དམངས་ཀྱི་གསར་གཏོད་གསོན་ཤུགས་འཕེལ་བར་བྱེད་པར་འགན་སྲུང་བྱེད་དགོས། ངེས་པར་དུ་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་ཀྱི་མ་ལག་འཐུས་ཚང་དུ་གཏོང་བ་དང་རྒྱ་ཆེའི་མི་དམངས་གོ་རིམ་ལྡན་པའི་ངང་ནས་ཆབ་སྲིད་ལ་ཞུགས་ཚད་ཆེ་རུ་གཏོང་བ། མི་དམངས་ཀྱིས་ཁྲིམས་ལྟར་དམངས་གཙོས་འདེམས་བསྐོ་བྱེད་པ་དང་དམངས་གཙོས་གྲོས་མོལ་བྱེད་པ། དམངས་གཙོས་ཇུས་ཐག་གཅོད་པ། དམངས་གཙོས་དོ་དམ་བྱེད་པ། དམངས་གཙོས་ལྟ་སྐུལ་བཅས་བྱེད་པར་འགན་ལེན་བྱས་ནས། མི་དམངས་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་རང་རྟོགས་རང་བཞིན། གསར་སྐྲུན་རང་བཞིན་བཅས་འདོན་སྤེལ་བྱས་ཏེ། སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་བདེ་འཇགས་མཐུན་སྒྲིལ་གྱི་ཆབ་སྲིད་ཀྱི་རྣམ་པ་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་དགོས། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་དེ་ངེས་པར་དུ་ཏང་གིས་རྒྱལ་སྐྱོང་སྲིད་གཉེར་བྱེད་པའི་སྲིད་ཇུས་བྱེད་ཐབས་སྟེང་ཞིབ་ཕྲ་དང་དོན་དངོས་ཀྱིས་མཚོན་པར་བྱེད་པ་དང་། ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཕྱོགས་སོ་སོ་དང་རིམ་པ་སོ་སོའི་བྱ་བའི་ཞིབ་ཕྲ་དང་དོན་དངོས་ཀྱི་སྟེང་ནས་མཚོན་པར་བྱེད་པ། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་ཡིད་སྨོན་བྱེད་པའི་བྱ་བ་མངོན་འགྱུར་བྱེད་པའི་ཞིབ་ཕྲ་དང་དོན་དངོས་ཀྱི་སྟེང་ནས་མཚོན་པར་བྱེད་པ་བཅས་བྱེད་དགོས།
ཡིག་སྒྱུར་བ། གཡང་འབུམ་རྒྱལ།