མགོ་མཇུག་བར་གསུམ་དུ་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད། དག་ཐེར་འཚོལ་བཤེར་བཅས་ཁྱབ་པར་བྱེད་དགོས།
2023.04.11 ཁུངས། མི་དམངས་ཉིན་རེའི་ཚགས་པར། ཀློག་གྲངས། 18

—སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྗོད་དོན་སློབ་གསོའི་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་པས།

“ཐེངས་འདིའི་བརྗོད་དོན་སློབ་གསོར་དུས་མཚམས་དངརིམ་པ་མི་དབྱེ།”  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་བྱ་བའི་ཚོགས་འདུའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཙོ་གནད་བྱེད་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པར་བླང་བྱ་གསལ་བོ་བཏོན་པ་དང་།མགོ་མཇུག་བར་གསུམ་དུ “རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད། དག་ཐེར་འཚོལ་བཤེར་བཅས་ཁྱབ་པར་བྱས་ནས་ཟུང་འབྲེལ་ནུས་ལྡན་དང་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས”ཞེས་ནན་བཤད་གནང་།

རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པར་མ་རྩོམ་ཀློག་པ་དང་། མ་ཡིག་སྦྱོང་བ། མ་དོན་རྟོགས་པ་བཅས་རྒྱུན་འཁྱོངས་དང་། བསམ་བློ་མང་ཙམ་གཏོང་བ་དང་ཟབ་སྦྱོང་མཐིལ་རྟོགས་རྒྱུན་འཁྱོངས་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མ་ལག་དང་། སྙིང་བཅུད་ཀྱི་དོན་སྙིང་། ལག་ལེན་གྱི་བླང་བྱ་བཅས་ཕྱོགས་ཡོངས་ནས་སློབ་སྦྱོང་དང་གོ་བ་ལེན་པ་བཅས་བྱས་ཏེ། སྤྱི་ཡོངས་ལ་དམ་འཛིན་དང་ཡོངས་ཁྱབ་མཐིལ་རྟོགས་ཐུབ་པར་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་ནི་དུས་རབས་གསར་པ་དང་སྐྱོད་ལམ་གསར་པར་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་རྩ་བའི་བླང་བྱ་ཞིག་ཡིན་པ་ངེས་པར་དུ་ངོས་འཛིན་ཟབ་མོ་བྱེད་དགོས། མར་ཁེ་སི་རིང་ལུགས་ཀྱི་སློབ་སྲོལ་དར་སྤེལ་ཤུགས་ཆེན་བཏང་ནས། ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པ། དུས་ཐོག་ཏུ་རྗེས་སྙེག་རྒྱུན་འཁྱོངས་དང་། ཤེས་སྦྱོར་ཟུང་འབྲེལ་དང་སྦྱངས་པ་གོ་ཆོད་རྒྱུན་འཁྱོངས། དོན་དངོས་དང་ཟུང་འབྲེལ་དང་ལས་གནས་སུ་གཞི་ཚུགས་པ་རྒྱུན་འཁྱོངས་བཅས་བྱས་ཏེ། ལས་དོན་གང་ཞིག་སྒྲུབ་ཀྱང་གཙོ་གནད་སྦྱོང་བ་དང་དེའི་ཚིག་དོན་ཙམ་མ་ཟད་དེའི་དོན་སྙིང་སྔར་ལས་ཤེས་རྟོགས་ཐུབ་པ་དང་། དེ་ཇི་ལྟར་ཡིན་ལུགས་རྟོགས་དགོས་ལ་དེ་ལྟར་ཡིན་པའི་གནས་ལུགས་ཀྱང་སྔར་ལས་རྟོགས་ཐུབ་པར་བྱས་ནས་ཟབ་སྦྱོང་དང་། ཞིབ་བསྡུར། ལག་ལེན་བཅས་ཀྱི་ཁྲོད་ནས་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་མཐོ་རུ་གཏོང་བ་དང་། ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་གཏོང་བ། གོ་རྟོགས་སད་ཚད་མཐོ་རུ་གཏོང་བ། འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ཏེ། བློ་བརྟན་འགྱུར་མེད་ངང“གཏན་འཁེལ་གཉིས”ལ་བརྩི་བཀུར་བྱེད་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པོར་སྒྲུབ་པའི་བསམ་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས།

བརྟག་དཔྱད་ཞིབ་འཇུག་བྱེད་པར་ཏང་ཡོངས་སུ་བརྟག་དཔྱད་ཞིབ་འཇུག་ཤུགས་ཆེན་དར་བ་བྱེད་པའི་སྐོར་གྱི་ཏང་ཀྲུང་དབྱང་གི་བྱ་བའི་ཇུས་གཞི་གཞིར་བཟུང་ནས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་དང་། ལྷག་པར་དུ་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པ་རྩ་འཛུགས་བྱས་ཏེ་སེམས་རྣལ་དུ་ཕབ་པ་དང་ལས་ཡུལ་དང་པོར་སྐྱོད་པ། ཞིང་སྡེ་དང་སྡེ་ཁུལ། ཁེ་ལས། སྨན་ཁང་། སློབ་གྲྭ “གསར་གཉིས”རྩ་འཛུགས་སོགས་གཞི་རིམ་ལས་ཁུངས་སུ་སྐྱོད་པ་དང་། རྩ་བརྟག་ནད་བཅོས་དང་ཆུང་རྩད་ཆེ་ཤེས་བྱེད་པ། གནད་དོན་གསེད་བཀྲོལ་དང་དཀའ་གནད་གྲལ་བཤེར་བཅས་བྱས་ནས། ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་སྤྱད་དེ་གནས་ཚུལ་གསར་པར་ཞིབ་འཇུག་དང་གནད་དོན་གསར་པ་ཐག་གཅོད་བྱེད་དགོས། བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་ནི་བྱ་བ་སྒྲུབ་པའི་རྨང་གཞི་ཡིན་ལ། དོན་དག་ལེགས་འགྲུབ་འབྱུང་བའི་རྩ་བ་ཡང་ཡིན། གནས་ཚུལ་དངོས་དང་དམངས་ཀྱི་གནས་ཚུལ། བསམ་འདུན་ཤེས་རྟོགས་བཅས་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གོ་བ་ལོན་ཚད་ཇེ་ཟབ་ཏུ་གཏོང་བ་དང་། བརྟག་དཔྱད་ཞིབ་འཇུག་བྱེད་པའི་བརྒྱུད་རིམ་དེ་རིགས་པའི་གཞུང་ལུགས་སློབ་སྦྱོང་ནས་ལག་ལེན་དངོས་ཀྱི་བཀོལ་སྤྱོད་ལ་བསྒྱུར་བའི་བརྒྱུད་རིམ། སྤྱོད་ཚུལ་ལེགས་གཏོང་དང་མང་ཚོགས་དང་བརྩེ་དུང་ཇེ་ཟབ་ཏུ་གཏོང་བའི་བརྒྱུད་རིམ། འགན་འཁྲི་སྒྲུབ་པའི་འཇོན་ཐང་ཆེ་རུ་གཏོང་བ་དང་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བའི་བརྒྱུད་རིམ་བཅས་སུ་འགྱུར་བར་བྱེད་དགོས།

འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པའི་ལས་འགན་ཨང་དང་པོ་ཡིན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམ་པོར་དམིགས་ནས། རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་འཕེལ་རྒྱས་ཀྱི་ལག་ལེན་ལ་མཛུབ་ཁྲིད་བྱེད་པ་དང་། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པར་བརྟེན་ནས་འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་ལ་སྐུལ་འདེད་གཏོང་བ། སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག་དེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་བཀོད་སྒྲིག་བྱས་པའི་ལས་འགན་ཁག་ལེགས་སྒྲུབ་བྱེད་པའི་ཁྲོད་དོན་འཁྱོལ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་གསར་པའི་ཐོག་ནས་བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་དགོས། འཕེལ་རྒྱས་ནི་ཏང་སྲིད་འཛིན་རྒྱལ་དར་གྱི་ལས་འགན་གཙོ་བོ་ཡིན་ལ། དངོས་པོའི་ལག་རྩལ་གྱི་རྨང་གཞི་བརྟན་པོ་མེད་ན། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ཡོངས་འགྲུབ་བྱེད་མི་ཐུབ། དཀའ་གནད་སེལ་བ་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་འཐབ་ཇུས་ཀྱི་རིག་པ་དྭངས་གསལ་དང་། འཐབ་ཇུས་ཀྱི་རང་རྟོན། འཐབ་ཇུས་ཀྱི་རང་འགུལ་བཅས་རྒྱུན་འཁྱོངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས། བྱ་བ་དངོས་སྒྲུབ་པ་དང་། དམངས་ཀྱི་དཀའ་སྡུག་སེལ་བ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་འཛུགས་པ་བཅས་བྱས་ཏེ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་དངོས་ཐག་གཅོད་བྱེད་དགོས།

ལྟ་བཤེར་བཅོས་སྒྲིག་བྱེད་པར་སློབ་སྦྱོང་བྱེད་ཞོར་ལྟ་བསྡུར་དང་། ལྟ་བཤེར། དག་ཐེར་བཅས་རྒྱུན་འཁྱོངས་བྱས་ཏེ། གནད་དོན་དག་ཐེར་དེ་བརྗོད་དོན་གཙོ་བོའི་སློབ་གསོའི་མགོ་ནས་མཇུག་བར་ཁྱབ་པར་བྱས་ནས། མི་དམངས་མང་ཚོགས་ཚོས་གནད་དོན་ཐག་གཅོད་ཀྱི་ཕན་འབྲས་དངོས་ཚོར་བར་བྱེད་དགོས། གནད་དོན་ལ་ཐད་ཀར་གདོང་གཏད་ཕོད་པ་དང་ནོར་འཁྲུལ་ཡོ་བསྲང་བྱེད་ཕོད་པ་ནི་ང་ཚོའི་ཏང་གི་མངོན་གསལ་གྱི་ཁྱད་ཆོས་དང་ཁྱད་སྟོབས་ཡིན། ནང་ཁུལ་བཅོས་སྒྱུར་གྱི་རང་ངོས་གསར་བརྗེའི་སྙིང་སྟོབས་དར་སྤེལ་བཏང་སྟེ་རིགས་དབྱེ་དག་ཐེར་དང་གཅིག་སྡུད་བཅོས་སྐྱོང་ཟུང་འབྲེལ་རྒྱུན་འཁྱོངས་ཀྱིས་མི་འདང་བའི་ཆ་བཤེར་འདོན་ཟབ་མོ་བྱེད་པ་དང་། གནད་དོན་གྱི་གསལ་ཐོ་འགོད་པ། གནད་དོན་མངོན་གསལ་ཅན་དག་ཐེར་དང་བཅོས་སྒྲིག་ལ་དམ་འཛིན་བཅས་བྱས་ཏེ་ཕན་འབྲས་དངོས་ཐོན་པར་བྱེད་དགོས། “མིག་སྔར་བཅོས་སྒྲིག”དང“ཡུན་རིང་འཛུགས་པ”ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། བརྗོད་དོན་སློབ་གསོའི་ཁྲོད་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བྱེད་ཐབས་བཟང་པོ་དང་ཉམས་མྱོང་བཟང་པོ་དུས་ཐོག་ཏུ་ལམ་ལུགས་ཀྱི་རྣམ་པའི་ཐོག་ནས་གཏན་འཁེལ་བྱེད་དགོས།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་རང་སྣང་གི་འཇིག་རྟེན་དང་ཕྱི་རོལ་ཡུལ་གྱི་འཇིག་རྟེན་ལ་སྒྱུར་བཀོད་བྱེད་པའི་བསམ་བློའི་མཚོན་ཆ་སྟོབས་ཆེན་ཞིག་ཡིན་པས། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད། ལྟ་བཤེར་བཅོས་སྒྲིག་བཅས་མགོ་མཇུག་བར་གསུམ་དུ་ཁྱབ་པར་བྱེད་དགོས་ན། ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་ཏེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་ཐད་སྤྱོད་དགོས། བསམ་བློ་དེ་སྤྱད་དེ་དུས་རབས་ལ་ལྟ་ཞིབ་དང་། དུས་རབས་ཁོང་དུ་ཆུད་པ། དུས་རབས་ཀྱི་སྣེ་ཁྲིད་བཅས་བྱེད་མཁས་པོ་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཁྱོན་ཡོངས་དང་འཛམ་གླིང་གི་ལོ་ངོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་སྔར་ལས་སྤྱི་འདོམས་ཡག་པོ་བྱས་ནས། དུས་བབ་དང་གནས་བབ། ཉེན་ཁ་དང་གོ་སྐབས་བཅས་ལ་རྟོག་ཞིབ་ཟབ་མོ་བྱས་ཏེ་བྱ་བ་དང་དངོས་པོའི་འགྱུར་ལྡོག་ལ་ཁ་གཏད་ནུས་ལྡན་འཇལ་དགོས། བསམ་བློ་སྤྱོད་མཁས་པོ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འཕེལ་རྒྱས་གསར་པ་དང་ཐོལ་བརྒལ་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་བ་དང་། ཆབ་སྲིད་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། འཐབ་ཇུས་ཀྱི་འདེགས་སྐྱོར་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ལག་ལེན་གྱི་ཐབས་ལམ་རྒྱ་ཆེར་གཏོང་བ། འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ། སྒུལ་ཤུགས་ཀྱི་གསོན་ཤུགས་འཕེལ་བ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་སྔར་ལས་མངོན་གསལ་དུ་གཏོང་བ་དང་། ཁྱད་སྟོབས་སྔར་ལས་མངོན་པར་བྱེད་པ། མདུན་ལམ་སྔར་ལས་འོད་སྟོང་ལྡན་པ་བཅས་བྱེད་དགོས། བསམ་བློ་དེ་སྤྱད་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་འགལ་བ་དང་གནད་དོན་སྣ་ཚོགས་ཐག་གཅོད་བྱེད་མཁས་པོ་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་ཡང་དག་པ། ཕྱོགས་ཡོངས་ནས་ལག་བསྟར་བཅས་བྱས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་སྒོས་འཛུགས་སྐྲུན་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་བཅས་བྱེད་དགོས། བསམ་བློ་འདི་སྤྱོད་མཁས་པོ་བྱས་ཏེ་ཉེན་ཁ་ཆེན་པོ་འགོག་ཟོན་དང་སེལ་བ། སྡུག་འབྱུང་གི་འདུ་ཤེས་ཆེ་རུ་གཏོང་བ། གཞི་ཐིག་གི་བསམ་བློ་རྒྱུན་འཁྱོངས། བདེ་སྡོད་ཉེན་བསམ།  མ་འོངས་སྔོན་འགོག  དུས་དང་རྣམ་པ་ཀུན་ཏུ་དམག་གྲབས་ཀྱི་རྣམ་པ་རྒྱུན་འཁྱོངས་བྱེད་པ། སྔོན་ལ་དམག་འཐབ་ཡག་པོ་རྒྱག་པ། རང་འགུལ་དམག་འཐབ་ཡག་པོ་རྒྱག་པ། ཉེན་ཁ་སྣ་ཚོགས་ཐོན་པ་ནས་མེད་པར་བཟོ་བ། ཉེན་ཁ་སྣ་ཚོགས་ཚོད་འཛིན་མ་ཐུབ་པར་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ནས་མ་ལག་རང་བཞིན་གྱི་ཉེན་ཁ་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས། བསམ་བློ་དེ་སྤྱད་དེ་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུར་སྐུལ་འདེད་ནན་མོ་གཏོང་བ་དང་། ཏང་ཆེན་མོའི་ཐུན་མོང་མ་ཡིན་པའི་དཀའ་གནད་ཐག་གཅོད་བྱེད་པའི་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་རྒྱུན་འཁྱོངས་བྱེད་པ། གསར་དུ་བྱུང་བའི་གནད་དོན་ཐག་གཅོད་བྱ་རྒྱུར་མཐོང་ཆེན་བྱེད་པ།  གནས་པའི་གནད་དོན་ཐག་གཅོད་བྱ་རྒྱུར་ཡང་མཐོང་ཆེན་བཅས་བྱས་ནས། ཏང་གི་ངོ་བོ་མི་འགྱུར་བ་དང་། རང་མདངས་མི་འགྱུར་བ། བྲོ་བ་མི་འགྱུར་བ་བཅས་ཁག་ཐེག་བྱེད་དགོས།

ང་ཚོའི་ཏང་གིས་ལོ་ངོ་བརྒྱའི་རིང་འབད་འཐབ་བྱས་པའི་གྲུབ་འབྲས་རླབས་ཆེན་ཚང་མ་ཏང་གིས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་འབད་འཐབ་བྱས་པ་ལས་བྱུང་བ་ཤ་སྟག་ཡིན་པས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་བཀོད་པའི་བརྗིད་ཆེའི་འཆར་གཞི་དེ་དག་དོན་དངོས་ལ་བསྒྱུར་བར་བྱེད་དགོས་ན། སྔར་བཞིན་ཧུར་ཐག་འབད་ཐག་བྱེད་དགོས། སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་བསྐྲུན་པ་དང་སློབ་སྦྱོང་ལ་བརྟེན་ནས་བློ་གྲོས་འཕེལ་བ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་ཕུགས་བསམ་ཇེ་བརྟན་དུ་གཏོང་བ་དང་། ཏང་གཤིས་ལ་ཞུན་བརྡར། ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བར་བྱས་ནས། ཏང་ཡོངས་སུ་བསམ་བློ་གཅིག་གྱུར་དང་། བློ་རྩ་བརྟན་པ། བྱ་སྤྱོད་གཅིག་མཐུན། འཐབ་ནུས་ཆེན་པོ་བཅས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ཐུབ་ཚེ། ང་ཚོས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་སྐྱོད་ལམ་གསར་པའི་སྟེང་བྱས་རྗེས་སྔར་ལས་ངོ་མཚར་བ་དང་སྔར་ལས་ཆེ་བ་འཇོག་ཐུབ་ངེས་རེད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།