ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གིས《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་བསྒྲིགས་ཀློག་དེབ》པོད་དང་པོ་དང་གཉིས་པ་སློབ་སྦྱོང་བྱེད་དགོས་པའི་སྐོར་གྱི་བརྡ་ཐོ་བཏང་ཞིང་། བརྡ་ཐོའི་ནང་དོན་ཆ་ཚང་གཤམ་གསལ་ལྟར།
《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་བསྒྲིགས་ཀློག་དེབ》རྩོམ་སྒྲིག་དང་དཔེ་སྐྲུན་བྱས་པ་ནི་ཏང་ཀྲུང་དབྱང་གི་གཏན་འབེབས་གལ་ཆེན་ཞིག་ཡིན། ད་ལྟ《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་བསྒྲིགས་ཀློག་དེབ》པོད་དང་པོ་དང་གཉིས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་ཟིན་པས། འདི་ནི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན།
《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་བསྒྲིགས་ཀློག་དེབ》སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2012ལོའི་ཟླ11པ་ནས2022ལོའི་ཟླ10པའི་བར་དུ་བརྩམས་པའི་གསུང་རྩོམ་གལ་ཆེན་བདམས་བསྒྲིགས་བྱས་ཡོད། གསུང་རྩོམ་གལ་ཆེན་དེ་དག་གི་ནང་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་རླབས་ཆེན་གྱི་འཐབ་རྩོད་སྤེལ་བ་དང་། རླབས་ཆེན་གྱི་བཟོ་འགོད་འཛུགས་སྐྲུན་བྱས་པ། རླབས་ཆེན་གྱི་བྱ་གཞག་ལ་སྐུལ་འདེད་བཏང་བ། རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བྱས་པ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བར་སྐུལ་འདེད་བཏང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པའི་ལོ་རྒྱུས་ཀྱི་འཕེལ་རིམ་བཏོད་པ་བཅས་གསོན་ཉམས་ལྡན་པའི་ངང་བཀོད་པ་དང་། ང་ཚོའི་ཏང་གིས་མི་དམངས་ལ་འགོ་ཁྲིད་དེ་དུས་བཅད་ལྟར་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་པར་བསྐྱོད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་བཏང་བ་བཅས་ཀྱི་ཉམས་མྱོང་རྩ་ཆེན་ལ་ཚན་རིག་དང་མཐུན་པའི་ངང་ཕྱོགས་སྡོམ་བྱས་པ། ང་ཚོའི་ཏང་གིས་མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་བྱེ་བྲག་གི་དོན་དངོས་དང་ཟུང་འབྲེལ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་ལ་སྐུལ་འདེད་གཏོང་བར་ཐོབ་པའི་རིགས་པའི་གཞུང་ལུགས་གསར་སྐྲུན་གྱི་གྲུབ་འབྲས་གལ་ཆེན་གཅིག་སྡུད་སྒོས་མངོན་པར་བྱས་ཡོད། དེ་ནི་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པའི་དབང་ཟིལ་ལྡན་པའི་བསླབ་གཞི་ཞིག་རེད། 《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་བསྒྲིགས་ཀློག་དེབ》ལ་སློབ་སྦྱོང་ནན་ཏན་བྱེད་པ་ནི་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། “འདུ་ཤེས་བཞི” ཇེ་དྲག་ཏུ་གཏོང་བ། “ རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱེད་པ། རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བཅས་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་མདུན་ཕྱོགས་སུ་སྐུལ་འདེད་གཏོང་བའི་ངོས་ནས་བརྗོད་ན་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད།
《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་བསྒྲིགས་ཀློག་དེབ》ལ་སློབ་སྦྱོང་བྱེད་པར། རྒྱལ་སྤྱི་རྒྱལ་ནང་གི་གནས་བབ་ཀྱི་འཕེལ་རྒྱས་འགྱུར་ལྡོག་དང་ཟུང་འབྲེལ་དམ་པོ་བྱེད་དགོས་པ་དང་། དུས་རབས་གསར་པ་དང་སྐྱོད་ལམ་གསར་པར་ཏང་གི་ལས་འགན་མངོན་འགྱུར་བྱེད་པར་དམིགས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བསམ་བློ་གཅིག་གྱུར་དང་། འདུ་ཤེས་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་བྱེད་པའི་རང་རྟོགས་རང་བཞིན་དང་སྲ་བརྟན་རང་བཞིན་ཆེ་རུ་བཏང་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་སྟོན་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ལ་འབད་བརྩོན་ལེགས་པོ་བྱེད་དགོས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ནི་དེང་རབས་ཀྲུང་གོའི་མར་ཁེའི་སི་རིང་ལུགས་དང་དུས་རབས་ཉེར་གཅིག་པའི་མར་ཁེ་སིའི་རིང་ལུགས་ཡིན་པ་དང་། ཀྲུང་ཧྭའི་རིག་གནས་དང་ཀྲུང་གོའི་སྙིང་སྟོབས་ཀྱི་དུས་རབས་ཀྱི་སྙིང་བཅུད་ཡིན་པ། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་མཆོང་སྐྱོད་གསར་པ་མངོན་འགྱུར་བྱུང་བ་ཡིན་པ་བཅས་ལ་ཤེས་རྟོགས་ཟབ་མོ་བྱེད་དགོས་ཤིང་། དགོངས་པ་དེ་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏིན་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་རྒྱུན་འཛིན་དང་འཕེལ་རྒྱས་བཏང་བ་དང་། མཐོང་རྒྱ་གསར་རྐྱང་གི་ཐོག་ནས་གུང་ཁྲན་ཏང་གི་སྲིད་འཛིན་གྱི་ཆོས་ཉིད་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ལ་ངོས་འཛིན་ཟབ་མོ་བྱས་པ། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དེང་རབས་ཅན་གྱི་ཡུལ་ཁམས་གསར་པ་བཏོད་པ་བཅས་ལ་ངོས་འཛིན་གསལ་པོ་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་དོན་སྙིང་གལ་ཆེན་ལ་ཤེས་རྟོགས་ཟབ་མོ་བྱེད་དགོས་ཤིང་། དགོངས་པ་དེས་མར་ཁེ་སིའི་རིང་ལུགས་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་གཏོང་བར་ཐོག་མའི་གསར་རྩོམ་རང་བཞིན་གྱི་ལེགས་སྐྱེས་ཕུལ་བ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བར་ལོ་རྒྱུས་རང་བཞིན་གྱི་ལེགས་སྐྱེས་ཕུལ་བ། མིའི་རིགས་ཀྱི་དཔལ་ཡོན་ཡར་ཐོན་ལ་སྐུལ་འདེད་གཏོང་བར་འཛམ་གླིང་རང་བཞིན་གྱི་ལེགས་སྐྱེས་ཕུལ་བ་བཅས་ལ་ངོས་འཛིན་ཟབ་མོ་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་བདེན་དོན་གྱི་སྟོབས་ཤུགས་དང་ལག་ལེན་གྱི་སྟོབས་ཤུགས་རླབས་ཆེན་ཤེས་རྟོགས་ཟབ་མོ་བྱེད་དགོས་ཤིང་། དགོངས་པ་དེ་ནི་དུས་རབས་གསར་པའི་རླབས་ཆེན་ལག་ལེན་ལ་སྐུལ་འདེད་གཏོང་བ་དང་དུས་རབས་གསར་པའི་རླབས་ཆེན་འཕོ་འགྱུར་ལ་སྣེ་ཁྲིད་བྱེད་པའི་བསམ་བློའི་མཚོན་ཆ་ཆེན་པོ་ཞིག་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་ཁྲིད་སྟོན་བྱས་པར་ངོས་འཛིན་གང་ལེགས་བྱེད་དགོས།
《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་བསྒྲིགས་ཀློག་དེབ》ལ་སློབ་སྦྱོང་བྱེད་པར། ངེས་པར་དུ་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་གྱིས་མར་ཁེ་སིའི་རིང་ལུགས་ཀྱི་སློབ་སྲོལ་ཤུགས་ཆེན་པོས་དར་སྤེལ་བཏང་སྟེ། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་བར་བྱེད་དགོས་པ་དང་། གནད་དོན་གྱི་ཁྲིད་ཕྱོགས་དང་། ལག་ལེན་གྱི་ཁྲིད་ཕྱོགས། དགོས་མཁོའི་ཁྲིད་ཕྱོགས་བཅས་ལ་ཤུགས་སྣོན་བྱེད་པ་དང་ བྱ་བའི་དོན་དངོས་དང་བསམ་བློའི་དོན་དངོས་དང་ཟུང་འབྲེལ་དམ་པོ་བྱས་ཏེ། སློབ་སྦྱོང་གི་ཕན་འབྲས་དེ་ཕུགས་བསམ་ཇེ་བརྟན་དུ་གཏོང་བ་དང་ཏང་གཤིས་ལ་ཞུན་བརྡར་བྱེད་པའི་ཚད་མཐོའི་རང་རྟོགས་དང་རང་འཁྲིའི་བྱ་བ་ཡག་པོར་སྒྲུབ་པ་དང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་དུ་འགྱུར་བར་བྱེད་དགོས།
བརྡ་ཐོའི་ནང་། རིམ་པ་སོ་སོའི་ཏང་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གིས《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་བསྒྲིགས་ཀློག་དེབ》དེ་སློབ་སྦྱོང་གི་འཆར་གཞིའི་ནང་བཅུག་ནས་སློབ་སྦྱོང་བཟང་བོ་དང་གོ་བ་ཟབ་མོ་བླངས་ནས། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་དང་། རིམ་པ་སོ་སོའི་ཏང་གི་སློབ་གྲྭ་དང་ལས་བྱེད་པའི་སློབ་གླིང་གིས《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་བསྒྲིགས་ཀློག་དེབ》དེ་གསོ་སྦྱོང་སློབ་ཁྲིད་ཀྱི་ནང་དོན་གལ་ཆེན་ནང་བཅུག་ནས་བགྲོ་གླེང་འཛིན་གྲྭ་དང་། གསོ་སྦྱོང་འཛིན་གྲྭ སློབ་སྦྱོང་འཛིན་གྲྭ་བཅས་སྣ་ཚོགས་གཉེར་ཏེ་རྣམ་པ་མང་བ་དང་། རིམ་པ་དབྱེ་བ། ཡོངས་སུ་ཁྱབ་པ་བཅས་ཀྱི་སྒོ་ནས་སློབ་སྦྱོང་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ། མཐོ་རིམ་སློབ་གྲྭ་སོ་སོས《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་བསྒྲིགས་ཀློག་དེབ》དེ་དགེ་སློབ་ཚོའི་རིགས་པའི་གཞུང་ལུགས་སློབ་སྦྱོང་གི་བསླབ་གཞིར་བརྩིས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དེ་སློབ་དེབ་ནང་འགོད་པ་དང་། སློབ་ཁྲིད་བྱེད་པ། བློ་ལ་ངེས་པ་བཅས་བྱ་རྒྱུར་སྔར་ལས་སྐུལ་འདེད་ཡག་པོ་གཏོང་དགོས་པ། རིམ་པ་སོ་སོའི་ཏང་ཨུའི་དྲིལ་སྒྲོག་སྡེ་ཁག་དང་རྩ་འཛུགས་སྡེ་ཁག་གིས་སློབ་སྦྱོང་ལ་མཛུབ་སྟོན་དང་ལྟ་སྐུལ་ཞིབ་བཤེར་བྱེད་པར་ཤུགས་སྣོན་བྱས་ཏེ། དྲིལ་བསྒྲགས་འཕྲིན་སྤེལ་ཡག་པོ་བྱེད་པ་དང་སྒྲོག་འགྲེལ་འོས་སྦྱོར་རྩ་འཛུགས་ཡག་པོ་བྱས་ནས་སློབ་སྦྱོང་དེ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།
རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།