སེམས་ཤུགས་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་གྱིས་སྐྱོད་ལམ་གསར་བར་ཞུགས་ཏེ།མཐུན་སྒྲིལ་འབད་འཐབ་ཀྱིས་གྲུབ་འབྲས་གསར་པ་བསྐྲུན་དགོས།
2023.04.19 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 17

—སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྗོད་དོན་སློབ་གསོའི་བྱ་བའི་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་མཚོ་སྔོན་ཞིང་ཆེན་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཁྲོད་ཚུར་སྣང་དྲག་པོ་བྱུང་།

དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་བྱ་བའི་ཚོགས་འདུ་དེ་ཟླ4ཚེས3ཉིན་པེ་ཅིང་དུ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་། རང་ཞིང་གི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རྒྱུན་འཁྱོངས་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བླ་སྲོག་བསྐྲུན་པ་དང་། ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བསམ་བློ་གཅིག་གྱུར་དང་། བློ་སྟོབས་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་ཡོང་བ་བྱས་ཏེ། སྙིང་སྟོབས་ཆེར་བསྐྱེད་དང་ཞུམ་མེད་མདུན་སྐྱོད་བྱེད་པ་དང་། སྐྱོད་ལམ་གསར་པའི་སྟེང་དུས་རབས་ལ་ངོ་གནོང་མི་དགོས་པ་དང་། ལོ་རྒྱུས་ལ་ངོ་གནོང་མི་དགོས་པ། མི་དམངས་ལ་ངོ་གནོང་མི་དགོས་པ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་བརྗིད་ཆེའི་དམིགས་འབེན་ལ་སྐུལ་འདེད་གཏོང་བའི་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱ་དགོས་ཟེར།

དམིགས་འབེན་ལས་འགན་ལ་དམ་པོར་དམིགས་ནས། དུས་རབས་ཀྱི་དུང་བརྡ་བསྒྲགས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཐོ་ཚད་ནས། བརྗོད་དོན་སློབ་གསོའི་དོན་སྙིང་གལ་ཆེན་དང་དམིགས་འབེན་བླང་བྱར་རྒྱས་བཤད་ཟབ་མོ་གནང་བ་དང་། བརྗོད་དོན་སློབ་གསོའི་བྱ་བ་སྣ་ཚོགས་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་སྟེ། ཏང་ཡོངས་ཀྱིས་བརྗོད་དོན་སློབ་གསོ་སྤེལ་རྒྱུར་རྩ་བའི་གཞི་འཛིན་ས་འདོན་སྤྲོད་གནང་།

ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ལས་ཁུངས་ཀྱི་ཏང་ཨུའི་ལས་བྱེད་པ་ཕིན་ཡུས་ཁྲའོ་ཡིས་བཤད་རྒྱུར། “ང་ཚོས་བཀོད་སྒྲིག་ལྟར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ཁོངས་གཏོགས་ཀྱི་བརྗོད་དོན་སློབ་གསོའི་བྱ་བ་གྲ་སྒྲིག་ནན་མོ་བྱས་ཏེ། འགོ་འཛུགས་ས་མཐོན་པོའི་ཐོག་ནས་ཇུས་འགོད་དང་། ཚད་གཞི་མཐོ་བའི་འགོ་འཛུགས་པ། སྤུས་ཚད་མཐོ་བའི་དོན་འཁྱོལ་བཅས་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། སེམས་ནུས་གཅིག་སྒྲིལ་གྱིས་རྩ་བ་ཇེ་བརྟན་དུ་གཏོང་བ། ཀུན་སྤྱོད་ལ་བརྟེན་ནས་བློ་དཀར་དྲང་བདེན་བྱེད་ཤུགས་ཆེ་རུ་གཏོང་བ། དངོས་སྒྲུབ་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམིགས་ཡུལ་སྒྲུབ་ནས་དམངས་ལ་བདེ་སྐྱིད་སྐྲུན་པ། སྤྱོད་གཙང་གཞུང་དྲང་བྱེད་པ་བཅས་ཀྱི་སྔོན་དཔག་དམིགས་འབེན་མངོན་འགྱུར་བྱེད་དགོས”ཟེར།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ཁྱོན་རྒྱས་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལན་ཧའེ་ལུང་གིས་བཤད་རྒྱུར། “ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་ང་ཚོའི་ཏང་གི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་ཤོས་དེ་ཡིན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་ནས། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བླ་སྲོག་བསྐྲུན་ཚད་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་།‘གཏན་འཁེལ་གཉིས’ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་ལས་རང་རྟོགས་ངང་གོ་བ་ཟབ་མོ་ལེན་པ། ‘འདུ་ཤེས་བཞི’ཇེ་དྲག་ཏུ་གཏོང་བ་དང་། ‘རང་རྟོན་བཞི’ཇེ་བརྟན་དུ་གཏོང་བ། ‘སྲུང་སྐྱོང་གཉིས’ལེགས་པོར་སྒྲུབ་པ་བཅས་བྱས་ནས། བསམ་བློའི་སྟེང་དང་ཆབ་སྲིད་སྟེང་། བྱ་སྤྱོད་སྟེང་བཅས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས།” གཞི་རིམ་གྱི་ཏང་ཡོན་ཞིག་ཡིན་པའི་ངོས་ནས་ཐེངས་འདིའི་བརྗོད་དོན་སློབ་གསོའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ཏེ། ཁྱོན་རྒྱས་ཡུལ་ཚོའི་འཕེལ་རྒྱས་ཀྱི་འགག་གནད་དང་དཀའ་གནད་ལ་བརྟག་དཔྱད་ཞིབ་འཇུག་ཟབ་མོ་བྱས་ནས། ཡུལ་ཚོ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་ལས་དོན་སྣ་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་ཏང་ཨུའི་རྩ་འཛུགས་པུའུ་ཡི་ལས་བྱེད་པ་དབང་ཆེན་རྒྱལ་གྱིས་བཤད་རྒྱུར། “ང་ཚོས‘དགོངས་པར་སློབ་སྦྱོང་དང་། ཏང་གཤིས་ཇེ་དྲག་ཏུ་གཏོང་བ། ལག་ལེན་ལ་མཐོང་ཆེན་བྱེད་པ། བྱས་རྗེས་གསར་པ་འཇོག་པ”བཅས་ཀྱི་སྤྱིའི་བླང་བྱ་ཡང་དག་པར་ཁོང་དུ་ཆུད་པ་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོ་དམ་པོར་དམིགས་ཏེ། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་འཕེལ་རྒྱས་ཀྱི་ལག་ལེན་ལ་མཛུབ་ཁྲིད་བྱེད་པ་དང་། བརྟག་དཔྱད་ཞིབ་འཇུག་ཟབ་མོ་བྱས་ནས་འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་བཀོད་སྒྲིག་གི་ལས་འགན་སྣ་ཚོགས་དོན་འཁྱོལ་བྱས་ནས་བརྗོད་དོན་སློབ་གསོའི་དྲོད་ཚད་དང་། ཞིབ་ཚད། ཤུགས་ཚད། མཐོ་ཚད་བཅས་སྔར་ལས་ལྡན་པར་བྱ་དགོས།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་ཡི་ལས་བྱེད་པ་ཉིས་ཧྲོན་ཞང་གིས་བཤད་རྒྱུར། རྩ་འཛུགས་ལས་དོན་གྱི་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་བསམ་བློ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཕུན་སུམ་ཚོགས་པའི་ནང་དོན་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་སློབ་སྦྱོང་ཡག་པོ་བྱས་ཏེ། ཏང་འཛུགས་སྐྲུན་གྱིས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་གདོང་ལེན་པ་དང་། ཏང་འཛུགས་སྐྲུན་སོ་སོའི་རུ་སྣེ་ཁྲིད་མཁན། མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་མཁན་ཡག་པོ་བཅས་བྱེད་དགོས།

རྒྱལ་ཁབ་སྨན་རྫས་ཡོ་བྱད་མཚོ་སྔོན་ཚད་ཡོད་ཀུང་སིའི་ཏང་ཀྲི་པུའུ་ཧྲུའུ་ཅི། སྤྱིའི་ལས་འཛིན་པ་སུང་ཅན་མིན་གྱིས་བཤད་རྒྱུར། “‘འགག་རྩའི་ཉུང་ཤས’ཡིན་པའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་སྣེ་ཁྲིད་ཕན་འབྲས་འདོན་སྤེལ་གང་ལེགས་བྱས་ནས་མདུན་དུ་སྐྱོད་པ་དང་། སློབ་སྦྱོང་ནན་མོ་བྱེད་པ། སྐུལ་ཁྲིད་བྱེད་པ་བཅས་རྒྱུན་འཁྱོངས་ཀྱིས་ཁྱབ་འགྱེད་ཀྱི་ནུས་པར་བརྟེན་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བློ་རུ་ངེས་པ་དང་། ལག་ལེན་ནན་མོ་བྱེད་པ། ལག་ལེན་དངོས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས་ལ། སློབ་སྦྱོང་དང་སློབ་གསོ་སྤེལ་བ་བརྒྱུད་ཏང་ཡོན་ལས་བྱེད་པར་བསམ་བློའི་ཐོག་སྦྱོང་བརྡར་ཐེབས་པ་དང་། གོ་རྟོགས་མཐོ་རུ་གཏོང་བ། བྱ་བའི་གྲུབ་འབྲས་དངོས་ཐོབ་པ་བཅས་བྱེད་དུ་འཇུག་དགོས”ཟེར།

གཟབ་ནན་དང་དྲང་གཞག ཕན་འབྲས་དངོས་ཐོན་པར་འབད་བརྩོན་བྱེད་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་འདིའི་བརྗོད་དོན་སློབ་གསོ་ནི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ཡིན་པས། དུས་ཚོད་ཐུང་བ་དང་ལས་འགན་ལྕི་ལ། བླང་བྱ་མཐོ་བ་ཞིག་རེད། རིམ་པ་སོ་སོའི་ཏང་ཨུ(ཏང་ཙུའུ)ཡིས་འགན་འཁྲི་གཙོ་བོ་ཁུར་ནས་བརྗོད་དོན་སློབ་གསོ་ཇུས་འགོད་ཡག་པོ་དང་། སྒྲིག་འཛུགས་ཡག་པོ། དོན་འཁྱོལ་ཡག་པོ་བྱེད་དགོས་ཞེས་བསྟན།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཏང་ཨུའི་ཧྲུའུ་ཅི་བཱང་ཅིས་ཏི་ཡིས་བཤད་རྒྱུར།  ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་གཏོང་རྒྱུ་དེ་དུས་དང་འཁེལ་ཡོད་པས། ཏང་ཡོངས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་མཐུན་སྒྲིལ་འབད་འཐབ་བྱ་རྒྱུར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་ཟབ་མོ་ལྡན་ཡོད་ཅེས་གསུངས། ང་ཚོས་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གི་བཀོད་སྒྲིག་གལ་ཆེན་ཐོག་གཅིག་གྱུར་ཡོང་བ་བྱས་ནས་སློབ་སྦྱོང་དང་བསམ་བློ་རྒྱུན་མཐུད། ཤེས་པ་དང་ཡིད་ཆེས་གཅིག་གྱུར་ཡོང་བ། བྱ་སྤྱོད་དངོས་ཀྱི་ཐོག་ནས་འགན་འཁྲི་ལྕི་མོ་འཁུར་བ། རྒྱུགས་ལེན་ཆེན་མོ་བསུ་བ་བཅས་བྱས་ཏེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དེ་རྩེ་ཁོག་ཏུ་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོབ་པར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས་ཟེར།

ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུའུ་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཧི་ཅིན་གྱིས་བཤད་རྒྱུར།“གཞི་རིམ་གྱི་རྩ་འཛུགས་བྱ་བའི་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་ཕུགས་བསམ་བརྟན་པོ་དང་། ཏང་གཤིས་སྦྱོང་བརྡར། ལག་ལེན་ལ་ཁྲིད་སྟོན། བྱ་བར་སྐུལ་འདེད་གཏོང་བ་བཅས་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་འགྱུར་རྒྱུ་རྒྱུན་འཁྱོངས་བྱས་ཏེ།‘འགན་ཁུར་ཕོད་པ་དང་། བྱས་རྗེས་འཇོག་མཁས་པའི’ལས་བྱེད་པའི་ཆེད་དོན་བརྟག་ཞིབ་ཏན་ཏིག་བྱས་ནས། ཕྱོགས་ཡོངས་ནས་འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་དབྱེ་ཞིབ་དང་བརྡར་ཤ་བཅད་དེ། ལས་བྱེད་པའི་ཆབ་སྲིད་བྱང་ཚད་ལ་དཔྱད་ཞིབ་ཏན་ཏིག་བྱེད་པ་དང་། ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་གནད་ལ་འཁེལ་བ། ཧུར་ཐག་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་སྡེའི་བྱ་བའི་ཁྲོད་གྲུབ་འབྲས་གཡུར་དུ་ཟ་བ་ལེན་དགོས”ཟེར།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་ལེང་ཧྲིན་ཞང་གིས་བཤད་རྒྱུར། “ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྗོད་དོན་སློབ་གསོའི་བྱ་བའི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ནས་འཇོན་མིའི་ས་ཞིང་གཤིན་ཚད་སྔར་ལས་ཇེ་ཟབ་དང་།‘ཐོན་ཁུངས་དང་པོ’གང་འགབ་ཅི་སྤྱོད་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་དང་ཐོན་ལས‘གནས་བཞིའི’འཛུགས་སྐྲུན་གྱི་དགོས་མཁོ་བཅས་སྔར་ལས་གཏན་འཁེལ་བྱས་ཏེ། གུང་ཧོ་གཞོང་སའི་ས་ཁོངས་ཀྱི་ལྟེ་བའི་གྲོང་ཁྱེར་བསྐྲུན་ཆེད་འཇོན་མིའི་འདེགས་སྐྱོར་ནུས་ལྡན་བྱ་རྒྱུ་ཡིན”ཟེར།།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་རྒྱལ་རྗེ་ཕོ་བྲང་གྲོང་རྡལ་འབྲི་ཆུ་སྲང་ལམ་སྡེ་ཁུལ་གྱི་ཧྲུའུ་ཅི་ངག་དབང་བསྟན་པས་བཤད་རྒྱུར།“གཞི་རིམ་སྡེ་ཁུལ་གྱི་ཧྲུའུ་ཅི་ཞིག་ཡིན་པའི་ངོས་ནས་ངས་བརྗོད་དོན་སློབ་གསོ་དང་རང་འཁྲིའི་བྱ་བ་ཡག་པོ་བསྒྲུབ་རྒྱུ་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཆབ་སྲིད་ཀྱི་བློ་སྦྱོང་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་སློབ་སྦྱོང་གི་གྲུབ་འབྲས་དེ་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་དང་ལས་སྒོ་མཐོར་གཏོང་། བྱ་བའི་ལག་ལེན། རང་ངོས་གསར་བརྗེ་སོགས་ཕྱོགས་སོ་སོའི་ཐོག་ནས་མཚོན་པར་བྱས་ཏེ། དཀའ་སྤྱད་འབད་འཐབ་ཀྱི་བྱ་བའི་སྤྱོད་ཚུལ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་། འགན་འཁྲི་སྒྲུབ་པ། རང་འགན་གཙང་སྒྲུབ་བྱེད་པ། རང་ཉིད་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས”ཟེར།

བསམ་བློ་མང་ཙམ་གཏོང་བ་དང་སློབ་སྦྱོང་ནན་མོ་བྱེད་པ། བརྗིད་རྔམ་ལྡན་པའི་སྟོབས་ཤུགས་གོང་བུར་འགྲིལ་དགོས།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཧོང་ཁྲིན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་ཁུལ་སོ་སོ་དང་། སྡེ་ཁག་སོ་སོ། ལས་ཁུངས་སོ་སོ་བཅས་ཀྱིས་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། བརྗོད་དོན་སློབ་གསོ་སྤེལ་རྒྱུ་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སོ་སོའི་སྟེང་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་བྱས་ནས། རང་ས་ཁུལ་དང་རང་སྡེ་ཁག རང་ལས་ཁུངས་བཅས་ཀྱི་ལྟེ་བའི་བྱ་བར་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་བྱེད་པ་དང་། ཕྱོགས་གཉིས་དམ་འཛིན་དང་ཕྱོགས་གཉིས་ཀར་སྐུལ་འདེད་བཏང་སྟེ། ཏང་ཡོན་དང་ལས་བྱེད་པས་སློབ་སྦྱོང་དང་བྱ་བའི་སྤྲོ་སེམས་འཕེལ་བ་དེ་མཁྲེགས་གཏོར་དཀའ་སེལ་དང་ལས་སྒྲུབ་ལས་སྐྲུན་གྱི་སྒུལ་ཤུགས་ཆེན་པོར་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད། རྩ་འཛུགས་སྡེ་ཁག་གི་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་སློབ་སྦྱོང་སློབ་གསོ་དང་ལས་དོན་སོ་སོར་ཟུང་འབྲེལ་བྱས་ཏེ། སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་བསྐྲུན་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་གྲོས་ཆེ་རུ་གཏོང་བ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བ། སློབ་སྦྱོང་ལ་བརྟེན་ནས་བྱ་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཏན་ཏན་ཏིག་ཏིག་གི་ཕན་འབྲས་ཐོན་པ་བྱས་ནས། སེམས་ནུས་གཅིག་སྒྲིལ་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་དོན་འཁྱོལ་ལ་དམ་འཛིན་བྱེད་པ། ལས་གནས་ལ་གཞི་ཚུགས་ནས་ལེགས་སྐྱེས་འབུལ་བའི་ཐད་འབད་བརྩོན་བྱེད་པ། ཚད་བརྒལ་ཡོང་བ་བཅས་བྱས་ནས་ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་བཤེར་དང་དུ་ལེན་ཕོད་པའི་གྲུབ་འབྲས་བཟང་པོ་བསྐྲུན་དགོས་ཟེར།

རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་གུང་ཁྲན་ཏང་ཡོན་ཞབས་ཞུ་རུ་ཁག་གི་རུ་དཔོན་ལིས་ཞའོ་ཅོན་གྱིས་བཤད་རྒྱུར། “ཞི་ཅིན་ཕིང་གི་བརྗོད་དོན་སློབ་གསོའི་བྱ་བའི་ཚོགས་འདུའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གནང་བ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་དང་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་འབྲེལ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་དཀའ་ཉེན་དང་སེམས་ཁྲལ། རེ་སྒུག་བཅས་བྱེད་པའི་གནད་དོན་ཧུར་ཐག་གིས་ཐག་གཅོད་བྱེད་དགོས་ཞེས་ནན་བཤད་གནང་ཡོད། གློག་དྲའི་ཁེ་ལས་ཀྱིས་མི་དམངས་མང་ཚོགས་དང་ཉེ་བར་བཅར་བ་དང་། ཁྱིམ་ཚང་ཁྲི་སྟོང་མང་པོར་འབྲེལ་གཏུག་བྱས་ནས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དོན་སྙིང་གཙོ་བོ་དང་ཕུན་སུམ་ཚོགས་པའི་ནང་དོན་ལ་གོ་བ་ཟབ་མོ་བླངས་ཏེ། བྱ་བའི་གནས་འཚོལ་ཞིབ་ཡང་དག་དང་འགན་འཁྲི་སྒྲུབ་ནུས་ཆེ་རུ་བཏང་སྟེ། དུས་རབས་གསར་པའི་གུང་ཁྲན་ཏང་ཡོན་གྱི་ཞབས་ཞུ་རུ་ཁག་གི་བྱ་བའི་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱས་ནས། འོད་ཟེར་གྱི་མདུན་ལམ་བསྐྲུན་དགོས་ཟེར།

མཚོ་ཤར་གྲོང་ཁྱེར་ཕིན་ཨན་ཆུས་ཞའོ་ཞ་སྲང་ལམ་ཞི་ཧྲང་ཀྲོང་སྡེ་བའི་ཏང་ཡོན་ལིག་ཧྲིན་ཝེ་ཡིས་བཤད་རྒྱུར།“ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲིད་སྟོན་འོག མང་ཚོགས་ཀྱི་འཚོ་བ་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་ཕྱིན་ཡོད། ང་ཚོས་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲང་སྟེ་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་ནས། རང་འགུལ་ངང་འགན་འཁྲི་འཁུར་བ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་མང་ཚོགས་ལ་བདེ་སྐྱིད་བསྐྲུན་ཏེ། དུས་རབས་གསར་པའི་ཏང་ཡོན་གྱི་འོད་སྟོང་འཕྲོ་བའི་ལེའུ་གསར་པ་རྩོམ་དགོས”ཟེར།

ད་ལོ་ལོ81ལ་སླེབས་པའི་ན་གོར་མོ་གྲོང་ཁྱེར་གྱི་ལས་འཁྱུར་ངལ་གསོ་བྱས་པའི་ཏང་ཡོན་རྒན་པ་མི་རིན་གྱིས་སེམས་འགུལ་ཆེན་པོ་ཐེབས་པའི་ངང་བཤད་རྒྱུར། “ངས་ཏང་ཡོན་རྒན་པ་རྩ་འཛུགས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ནས། བསམ་བློ་དང་བྱ་སྤྱོད་ཏང་དང་རྒྱལ་ཁབ་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ། ཐོག་མའི་བསམ་འདུན་བརྟན་སྲུང་གིས་མི་རབས་གསར་པའི་ན་གཞོན་ཚོར‘བརྒྱུད་ཁྲིད་རོགས་གསུམ’ཡག་པོ་བྱས་ནས། འབྱོར་ཕྱུག་དང་མཛེས་སྡུག་ལྡན་པའི་ན་གོར་མོ་བསྐྲུན་ཆེད་ནུས་ཤུགས་འབུལ་རྒྱུ་ཡིན”ཟེར།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།