རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ཏང་གཤིས་ཇེ་དྲག་ཏུ་གཏོང་བའི་ཐད་ནུས་ཤུགས་འདོན་དགོས།
2023.04.20 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 16

 ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བའི་སྐོར་གླེང་བ།

དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པ་ནི་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཐོག་ལས་དོན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གསར་གཏོད་བྱེད་པའི་རྩ་བའི་བླང་བྱ་ཡིན། ཞིང་ཆེན་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ཏང་གཤིས་ཇེ་དྲག་ཏུ་གཏོང་བའི་ཐད་ཤུགས་སྣོན་བྱས་ཏེ།  མ་རྩོམ་ཀློག་པ་དང་མ་ཡིག་སློབ་པ། རྩ་བའི་རིག་པ་རྟོགས་པ། སྣེ་ཁྲིད་ནས་སློབ་སྦྱོང་བྱེད་པ། སློབ་སྦྱོང་གཏིང་ཟབ་བྱེད་པ།  ཡུན་རིང་སློབ་སྦྱོང་བྱེད་པ་བཅས་བྱས་ནས།  རྒྱུན་འཁྱོངས་ལྷོད་མེད་སྒོས་ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་ལ་བརྟེན་ནས་དད་མོས་དང་དད་སེམས་འཕེལ་བར་བྱེད་པའི “བློ་སྟོབས”གཅིག་སྒྲིལ་བྱེད་པ་དང་།   ལྷག་བསམ་རྣམ་དག་གི “སེམས་ཤུགས”སྐྱེད་ནས།   ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་།  ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་མཐོར་འདེགས་གཏོང་དགོས།

དེང་རབས་ཀྱི་ཀྲུང་གོའི་མར་ཁེ་སིའི་རིང་ལུགས་དང་། དུས་རབས་ཉེར་གཅིག་པའི་མར་ཁེ་སིའི་རིང་ལུགས། ཀྲུང་ཧྭའི་རིག་གནས་དང་ཀྲུང་གོའི་སྙིང་སྟོབས་ཀྱི་དུས་རབས་ཀྱི་སྙིང་བཅུད་བཅས་ཡིན་པའི་ངོས་ནས།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཁྲོད་ཏང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་དགོངས་པ་གལ་ཆེན་འདུས་པར་མ་ཟད། ཀྲུང་གོ་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་གཤིས་སྤྱོད་དང་། རིན་ཐང་དོན་གཉེར། བསམ་བློའི་གོ་རྟོགས།   སྤྱོད་ཚུལ་བཅས་ཀྱི་བླང་བྱ་ཡང་ཁྱབ་ཡོད་པས། དུས་རབས་གསར་པའི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་ཏང་གཤིས་བློ་སྦྱོང་མཐོ་རུ་གཏོང་བའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡིན་པ་རེད།  ང་ཚོས་དགོངས་པ་གལ་ཆེན་འདིའི་ནང་དོན་གཙོ་བོ་ཆ་ཚང་ཞིང་ཡང་དག་པ་དང་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱེད་དགོས་ལ། དེའི་ཁྲོད་ཀྱི་བསམ་བློའི་སྙིང་བཅུད་དང་།  དོན་སྙིང་གཙོ་བོ།   འཇིག་རྟེན་ལྟ་བ། བརྟག་ཐབས་སྨྲ་བ་བཅས་ལ་ཕྱོགས་ཡོངས་ནས་གོ་བ་ཟབ་མོ་ལེན་དགོས་པར་མ་ཟད། ད་དུང་དེའི་ཁྲོད་དུ་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་ལའང་གོ་བ་ཟབ་མོ་ལེན་དགོས། རིགས་པའི་གཞུང་ལུགས་སློབ་སྦྱོང་བྱ་རྒྱུར་ཤུགས་སྣོན་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཡང་དག་པས་ཁོང་དུ་ཆུད་པར་བྱེད་པ་དང་།   གོམ་གང་མདུན་སྤོས་སྒོས“འདུ་ཤེས་བཞི” ཇེ་དྲག་ཏུ་གཏོང་བ་དང་།“རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ནས། དུས་རབས་གསར་པ་དང་སྐྱོད་ལམ་གསར་པས་དཀྲིས་པའི་འགན་འཁྲི་དང་ལས་འགན་སྔར་ལས་ལེགས་པར་ཕྲག་ཏུ་ལེན་དགོས།

མིག་སྔར་མཚོ་སྔོན་འདི་ཉིད་འཕེལ་རྒྱས་ཀྱི་འགག་རྩའི་དུས་སྐབས་དང་།  སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དཀའ་གནད་སྒྲོལ་བའི་མཁྲེགས་གཏོར་དུས་སྐབས། ལྗང་མདོག་ནུས་རྒྱུ་འཕེལ་རྒྱས་ཀྱི་འཐབ་ཇུས་གོ་སྐབས་དུས་སྐབས། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་གནད་འགག་དུས་སྐབས་བཅས་སུ་སླེབས་ཡོད་པས།   དེ་ཡིས་ང་ཚོར་ཐེངས་འདིའི་བརྗོད་དོན་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ནས།   དགོངས་པར་སློབ་སྦྱོང་དང་།  ཏང་གཤིས་ཇེ་དྲག་ཏུ་གཏོང་བ། ལག་ལེན་ལ་མཐོང་ཆེན་བྱེད་པ། བྱས་རྗེས་གསར་པ་འཇོག་པ་བཅས་ཀྱི་སྤྱིའི་བླང་བྱ་ཁོང་དུ་ཆུད་པར་བྱེད་པ་དང་།    བརྗོད་དོན་སློབ་གསོ་སྤེལ་བ་བརྒྱུད་ནས།   རང་ཉིད་ཀྱི་བསམ་བློར“ཡང་བསྐྱར་སྦྱོང་བརྡར”དང་།    ཐོག་མའི་བསམ་འདུན“ཡང་བསྐྱར་ཤེས་རྟོགས།”  འགན་འཁྲི“ཡང་བསྐྱར་བཙོ་སྦྱང་། ”བློ་དཀར་སེམས་དཀར“ཡང་བསྐྱར་ཞུན་བརྡར།”འཇོན་ཐང“ཡང་བསྐྱར་མཐོར་གཏོང”བཅས་ཏན་ཏིག་ཡོང་བར་བྱེད་དགོས་པའི་བླང་བྱ་བཏོན་ཡོད།     རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པར་ཤུགས་སྣོན་བྱས་ཏེ། རྒྱུན་འཁྱོངས་ལྷོད་མེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དེ་ཕུགས་བསམ་བརྟན་པོ་འཛུགས་པ་དང་། ཏང་གཤིས་ཞུན་བརྡར་བྱེད་པ། ལག་ལེན་ལ་མཛུབ་སྟོན་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་བསྒྱུར་ཚེ། གཞི་ནས་དོན་གཉེར་དང་ལས་ཕྱོད་ཆེ་བའི་ལས་དོན་ལ་བརྟེན་ནས་མཚོ་སྔོན་གྱི་བྱ་བ་བཟང་པོར་བསྒྲུབས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ཡག་པོ་ཞིག་འབྲི་ཐུབ།

ཀྲུང་གོ་གུང་ཁྲན་ཏང་མིའི་ཕུགས་བསམ་དད་སེམས་ནི་མར་ཁེ་སིའི་རིང་ལུགས་ལ་གོ་བ་ཟབ་མོ་ལེན་པ་དང་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ་ལས་བྱུང་བ་ཞིག་ཡིན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་མཆོང་སྐྱོད་གསར་པ་མངོན་འགྱུར་བྱས་པ་དང་། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་ཡུལ་ཁམས་གསར་པ་བཏོད་ཡོད་པས།  ནང་དོན་དེ་བཅོས་སྒྱུར་འཕེལ་རྒྱས་བརྟན་བརླིང་དང་། ནང་སྲིད་ཕྱི་འབྲེལ་རྒྱལ་སྲུང་། ཏང་སྐྱོང་རྒྱལ་སྐྱོང་དམག་སྐྱོང་སོགས་ཕྱོགས་གང་ཅིའི་ཐད་ལ་ཁྱབ་ནས་ཚན་རིག་གི་མ་ལག་ཆ་ཚང་ཞིག་གྲུབ་ཡོད།  “སློབ་སྦྱོང”གི་སྤུས་ཚད་མཐོ་རུ་གཏོང་བར་ངེས་པར་དུ་སློབ་སྦྱོང་ལེགས་པོ་དང་སློབ་སྦྱོང་གཏིང་ཟབ་བྱེད་པའི་ཐད་འབད་བརྩོན་བྱེད་དགོས་པ་དང་། བསམ་བློ་མང་ཙམ་གཏོང་བ་དང་སློབ་སྦྱོང་གཏིང་ཟབ་དང་གོ་བ་ཟབ་མོ་ལེན་དགོས།   སྣེ་ཁྲིད་ནས་སློབ་སྦྱོང་དང་། སློབ་སྦྱོང་གཏིང་ཟབ། ཡུན་རིང་སློབ་སྦྱོང་བཅས་བྱས་པ་བརྒྱུད།  དངོས་གནས་སློབ་སྦྱོང་དང་དངོས་གནས་རྟོགས་པ།  དངོས་གནས་ཡིད་ཆེས།  དངོས་གནས་བེད་སྤྱོད་བཅས་བྱས་ནས།  དེའི་དུས་རབས་ཀྱི་དོན་སྙིང་དང་། རིགས་པའི་གཞུང་ལུགས་ཀྱི་དོན་སྙིང་། ལག་ལེན་གྱི་དོན་སྙིང་། འཛམ་གླིང་གི་དོན་སྙིང་བཅས་ལ་ངོས་འཛིན་དང་གོ་བ་ཟབ་མོ་ལེན་པ་དང་། དེའི་དོན་སྙིང་གཙོ་བོ་དང་། དགོངས་དོན་གྱི་ངོ་བོ། ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་ལ་གོ་བ་ཟབ་མོ་བླངས་ཏེ། མར་ཁེ་སིའི་རིང་ལུགས་ཀྱི་འཇོན་ཐང་ཆེན་ཤོས་ཡང་དག་པས་ཁོང་དུ་ཆུད་པར་བྱེད་པ་དང་མར་ཁེ་སིའི་རིང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་ཁོང་དུ་ཆུད་པར་བྱས་ནས། ཆབ་སྲིད་ཀྱི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་ཕུགས་བསམ་དད་སེམས་ཇེ་བརྟན་དུ་གཏོང་བ། བློ་དཀར་སེམས་དཀར་གྱི་གཤིས་རྒྱུད་སྦྱོང་བརྡར་བཅས་བྱེད་དགོས།

མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་ཤོས་ཀྱིས་ཏང་ཡོངས་ལ་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་ཁྲིད་སྟོན། བྱ་བར་སྐུལ་འདེད་གཏོང་བ་བཅས་རྒྱུན་འཁྱོངས་བྱེད་རྒྱུ་ནི།  ང་ཚོས་ཏང་གིས་ལོ་རྒྱུས་གསར་སྐྲུན་དང་། འོད་སྟོང་འབར་བའི་གྲུབ་འབྲས་ཐོབ་པར་བྱེད་པའི་ཉམས་མྱོང་གལ་ཆེན་ཞིག་ཡིན། ང་ཚོས་ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་རྒྱུན་འཁྱོངས་བྱས་ཏེ།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་རྒྱུན་ཆད་མེད་པར་གཏིང་ཟབ་པའི་ཕྱོགས་སུ་ཁྲིད་སྟོན་བྱེད་པ་དང་། ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བསམ་བློ་གཅིག་གྱུར་དང་། བློ་སྟོབས་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་བྱས་ཏེ།  སྐྱོད་ལམ་གསར་པར་ཡག་པོ་སྐྱོད་པ་དང་བྱ་གཞག་གསར་པ་གསར་གཏོད་བྱེད་དགོས།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།