ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བའི་སྐོར་གླེང་བ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཏང་གི་ལྟེ་བའི་ལས་འགན་ལ་དམིགས་ཏེ། ཐེངས་འདིའི་བརྗོད་དོན་སློབ་གསོའི་དོན་སྙིང་གལ་ཆེན་རྒྱས་བཤད་གཏིང་ཟབ་གནང་བ་དང་། ལག་བསྟར་ལ་སྐུལ་འདེད་གཏོང་བའི་དམིགས་འབེན་ལས་འགན་དང་བྱེད་ཐབས་གཙོ་བོར་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་བར་མ་ཟད། རིམ་པ་སོ་སོའི་ཏང་ཨུས་འགན་འཁྲི་གཙོ་བོ་ཕྲག་ཏུ་བླངས་ནས་བརྗོད་དོན་སློབ་གསོར་འཆར་འགོད་ཡག་པོ་དང་། རྩ་འཛུགས་ཡག་པོ། དོན་འཁྱོལ་ཡག་པོ་བཅས་བྱེད་དགོས་ཞེས་བསྟན་ཡོད། ཞིང་ཆེན་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་ཀྱི་བླང་བྱར་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། བརྗོད་དོན་སློབ་གསོའི་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་བྱེད་པ་དང་། གོང་གིས་འོག་ལ་སྣེ་ཁྲིད་དང་འགན་འཁྲི་ཏན་ཏིག་འཁུར་བ། སྤྱི་འདོམས་ལ་མཐོང་ཆེན་བྱེད་པ། དམིགས་འབེན་ཐབས་ཇུས་ལག་བསྟར་བྱེད་པ། མཛུབ་སྟོན་ལ་ཤུགས་སྣོན་བྱེད་པ། སྤུས་ཚད་ཇེ་མཐོར་གཏོང་བ། དྲིལ་བསྒྲགས་དམ་འཛིན་བྱེད་པ། སྣང་ཚུལ་ལེགས་པོ་བསྐྲུན་པ། ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་། དངོས་སྒྲུབ་ཀྱི་བྱ་བའི་བྱེད་ཐབས། སྒྲིག་ཁྲིམས་སྤྱོད་ཚུལ་གཟབ་ནན་བཅས་ཀྱི་ཐོག་ནས་བརྗོད་དོན་སློབ་གསོ་དེ་འགོ་རྩོམ་ས་མཐོ་བ་ནས་འགོ་རྩོམ་པ་དང་། ཚད་གཞི་མཐོན་པོ་ནས་སྐུལ་སྤེལ་བྱེད་པ། སྤུས་ཚད་མཐོན་པོ་ནས་ཕན་འབྲས་ལེན་པ་བཅས་ལ་འགན་ལེན་བྱེད་དགོས།
ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་ཏན་ཏིག་བྱེད་པ་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱའི་ཐོག་གཅིག་གྱུར་ཏན་ཏིག་བྱས་ཏེ། བསམ་བློའི་རང་རྟོགས་དང་ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཀྱིས་འགོ་རྩོམ་ས་མཐོ་ཞིང་ཚད་གཞི་མཐོ་ལ་སྤུས་ཚད་མཐོ་བ་བཅས་ཀྱི་སྒོ་ནས་བརྗོད་དོན་སློབ་གསོ་དམ་འཛིན་ཡག་པོ་བྱེད་དགོས། གཅིག་ནས་ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་བཏང་ནས་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པར་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱས་ཏེ། བརྗོད་དོན་སློབ་གསོའི་ཆབ་སྲིད་ཀྱི་དོན་སྙིང་དང་། རིགས་པའི་གཞུང་ལུགས་ཀྱི་དོན་སྙིང་། ལག་ལེན་གྱི་དོན་སྙིང་གལ་ཆེན་བཅས་ལ་གོ་བ་གཏིང་ཟབ་ལེན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱེད་པ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ།“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་།“རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱེད་པ། སྔར་ལས་རང་རྟོགས་སྒོས་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་པ་དང་། རང་རྟོགས་ངང་ཚད་གཞིར་བལྟོས་ནས་མི་འདང་ས་དང་གནད་འགག་འཚོལ་ཞིབ་བྱེད་པ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ། གནད་དོན་བཅོས་སྒྲིག་དམ་འཛིན་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ལ་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པར་འཕེལ་རིམ་གསར་པ་དང་ཕན་འབྲས་གསར་པ་ཐོབ་པར་བྱེད་དགོས། གཉིས་ནས་སྤྱིའི་བླང་བྱ་ཁོང་དུ་ཆུད་པར་བྱས་ནས་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས། “ དགོངས་པར་སློབ་སྦྱོང་དང་། ཏང་གཤིས་ཇེ་དྲག་ཏུ་གཏོང་བ། ལག་ལེན་ལ་མཐོང་ཆེན་བྱེད་པ། བྱས་རྗེས་གསར་པ་འཇོག་པ”བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་གཙོ་རྐང་ལ་དམ་པོར་དམིགས་པ་དང་། དམིགས་འབེན་ལས་འགན་ལ་དམིགས་པ། ལས་དོན་སྣ་ཚོགས་དོན་འཁྱོལ་དམ་འཛིན་བཅས་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་དང་ལྟེ་བའི་ལས་འགན་ཡོངས་འགྲུབ་བྱེད་དགོས། གསུམ་ནས་བརྗོད་དོན་སློབ་གསོའི་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བྱེད་པ་དང་། གོང་གིས་འོག་ལ་སྣེ་ཁྲིད་དང་འགན་འཁྲི་ཏན་ཏིག་འཁུར་བ། སྤྱི་འདོམས་ལ་མཐོང་ཆེན་བྱེད་པ། དམིགས་འབེན་བྱེད་ཐབས་ལག་བསྟར་བྱེད་པ། མཛུབ་སྟོན་ལ་ཤུགས་སྣོན་བྱེད་པ། སྤུས་ཚད་ཇེ་མཐོར་གཏོང་བ། དྲིལ་བསྒྲགས་དམ་འཛིན་ཡག་པོ་བྱེད་པ། སྣང་ཚུལ་ལེགས་པོ་བསྐྲུན་པ། ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་། དངོས་སྒྲུབ་ཀྱི་བྱ་བའི་བྱེད་ཐབས། སྒྲིག་ཁྲིམས་སྤྱོད་ཚུལ་གཟབ་ནན་བཅས་ཀྱི་ཐོག་ནས། བརྗོད་དོན་སློབ་གསོ་དེ་འགོ་རྩོམ་ས་མཐོ་བ་ནས་འགོ་རྩོམ་པ་དང་། ཚད་གཞི་མཐོན་པོས་སྐུལ་སྤེལ་བྱེད་པ། སྤུས་ཚད་མཐོན་པོས་ཕན་འབྲས་ལེན་པ་བཅས་ལ་འགན་ལེན་བྱེད་དགོས།
འགོ་རྩོམ་ས་མཐོ་ཞིང་ཚད་གཞི་མཐོ་ལ་སྤུས་ཚད་མཐོ་བ་བཅས་ཀྱི་སྒོ་ནས་བརྗོད་དོན་སློབ་གསོར་སྐུལ་འདེད་གཏོང་བར། འགོ་ཁྲིད་ཀྱིས་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོའི་ཏང་ཨུའི་འགན་འཁུར་བློ་མཐུན་གཙོ་བོས་དངོས་གནས་འགན་འཁུར་བ་དང་པོ་ཡག་པོ་བྱས་ཏེ། “འགག་རྩའི་ཉུང་ཤས”ཀྱིས“མང་ཆེ་བར”དཔེ་སྟོན་སྐུལ་ཁྲིད་བྱེད་པ་དང་། འགན་འཁུར་བ་དང་པོའི་འགན་འཁྲི་ཏན་ཏིག་སྒྲུབ་པ། རང་ཉིད་དངོས་སུ་ཞིབ་འཇུག་ཇུས་འགོད་དང་ལྟ་སྐུལ་མཛུབ་སྟོན་བྱེད་དགོས། ས་གནས་སོ་སོ་དང་སྡེ་ཁག་སོ་སོ། ལས་ཁུངས་སོ་སོ་བཅས་ཀྱིས་ལྟ་སྐུལ་དང་མཛུབ་སྟོན་ཏན་ཏིག་བྱེད་པར་ཤུགས་སྣོན་བྱས་ནས། ཕྱི་ཚུལ་རིང་ལུགས་ཁྱད་བསད་མཐའ་གཅིག་ཏུ་བྱས་ཏེ་དངོས་གནས་བྱ་སྤྱོད་སྤེལ་བ་དང་། མི་འདང་ས་འཚོལ་བ། ཞིབ་འཇུག་ཐབས་ཇུས་ལ་ཁྲིད་སྟོན་རོགས་རམ་བྱས་ནས། “ལྟ་སྐུལ”དང“ ཁྲིད་སྟོན”གཉིས་གཅིག་གྱུར་དམ་ཟབ་ཡོང་བར་བྱེད་པ་དང་། བརྒྱུད་རིམ་ཧྲིལ་བོ་དང་གོ་རིམ་ཧྲིལ་བོ་དམ་འཛིན་ཡག་པོ་བྱས་ནས། བརྗོད་དོན་སློབ་གསོ་ལས་ཐེབས་པའི་ཡིད་ཆེས་དང་སྒྲུབ་སེམས། སྟོབས་ཤུགས་བཅས་དྲིན་བཟོ་ངར་སྐྱོད་དང་མཐུན་སྒྲིལ་འབད་འཐབ་ཀྱི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བར་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་དགོས།
ཡིག་སྒྱུར་བ།སྒྲོལ་མ་སྐྱིད།