ལྟེ་བའི་བྱ་བར་དམིགས་ནས་ནུས་ཤུགས་ཡོད་རྒུས་བརྗོད་དོན་སློབ་གསོ་ཟབ་སྤེལ་དྲང་སྤེལ་བྱེད་པར་སྐུལ་འདེད་གཏོང་དགོས།
2023.04.23 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 13

 ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བའི་སྐོར་གླེང་བ།

མི་བདེན་རྫུན་གྱི་འཁོར་ལོ་བསྐོར་བ་ཡིས། རླབས་ཆེན་ལས་ཀྱི་མཛད་པ་ཡོང་བ་དཀའ། མ་གཡེལ་བདེན་པའི་ལས་ཀུན་ལྷུར་བླངས་ན། མ་ནོར་ལེགས་པའི་ལམ་དུ་ངང་གིས་ལྷགས།  ལྟེ་བའི་བྱ་བར་དམིགས་ནས། ནུས་ཤུགས་ཡོད་རྒུས་བརྗོད་དོན་སློབ་གསོ་ཟབ་སྤེལ་དྲང་སྤེལ་བྱེད་པར་སྐུལ་སྤེལ་གཏོང་བ་ལ། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་རང་རྟོགས་སྒོས་ཏང་ཀྲུང་དབྱང་གི་བླང་བྱ་དང་ཚད་བསྟུན་ཚུལ་བསྟུན་བྱེད་པའི་བླང་བྱ་བཏོན་ཏེ། བརྗོད་དོན་སློབ་གསོའི་གལ་ཆེན་རང་བཞིན་ལ་ཤེས་རྟོགས་ཟབ་མོ་བྱེད་པ་དང་། སློབ་སྦྱོང་བྱེད་མཁས་པ་དང་ལག་ལེན་བྱེད་སྤོབས་པ། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྤྱོད་གསུམ་གཅིག་གྱུར་ཡོང་བ། བདེན་དོན་གྱི་འགུག་ཤུགས་མྱོང་ཞིང་བསམ་བློའི་སྟོབས་ཤུགས་བསྡུ་ལེན། འབད་བརྩོན་གྱི་སྒུལ་ཤུགས་སྐུལ་བ་བཅས་བྱས་ནས།   སྐྱོད་ལམ་གསར་པར་ཧུར་སྐྱོད་བྱེད་པའི་ཁྲོད་དུ་བྱས་རྗེས་གསར་པ་མངོན་ཏེ། བརྗོད་དོན་སློབ་གསོ་མཚོ་སྔོན་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་ཏེ་འབྲས་བུ་སྨིན་པར་བྱེད་དགོས།

ནུས་ཤུགས་ཡོད་རྒུས་ཟབ་སྤེལ་དྲང་སྤེལ་བྱེད་པར་སྐུལ་འདེད་གཏོང་བར། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལྟར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་རྩ་བའི་ལས་འགན་འདི་ལ་དམིགས་ནས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཏང་གི་གསར་སྐྲུན་གཞུང་ལུགས་དེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་གྱི་ཁྲོད་དུ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པས་གཏན་འཁེལ་བྱས་པའི་དེང་རབས་ཅན་གྱི་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་སྤྱིའི་བླང་བྱ་དང་འབད་འཐབ་དམིགས་འབེན་ཁྲོད་ལག་བསྟར་དོན་འཁྱོལ་བྱེད་པ། རང་རྟོགས་སྒོས་མཚོ་སྔོན་འཕེལ་རྒྱས་དེ་རྒྱལ་ཡོངས་ཀྱི་སྤྱི་ཡོངས་ཁྲོད་བཤེར་རྟོག་དང་འཆར་འགོད་བྱེད་པའི་ནང་འཇོག་པ། རང་འགུལ་གྱིས་འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པའི་ཁྲོད་མཉམ་འདྲེས་བྱེད་པ། ཡང་དག་པའི་སྒོ་ནས་མིག་སྔར་དང་རྒྱང་རིང་། བྱེ་བྲག་དང་སྤྱི་ཡོངས། འཕེལ་རྒྱས་དང་སྲུང་སྐྱོབ་བཅས་ཀྱི་འབྲེལ་བ་ཐག་གཅོད་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་གནས་ཡུལ་གྱི་མ་ལག་བསྐྲུན་པའི་སྟེང་ཕན་འབྲས་ལེན་པ་དང་། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་ཏུ་བློ་རྩ་བརྟན་པོས་བསྐྱོད་ཐུབ་པར་བྱེད་དགོས།

ནུས་ཤུགས་ཡོད་རྒུས་ཟབ་སྤེལ་དྲང་སྤེལ་བྱེད་པར་སྐུལ་འདེད་གཏོང་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། “རྒྱལ་ཁབ་ཀྱི་དོན་ཆེན”དེ་རང་ཉིད་ཀྱི་འགན་འཁྲི་རུ་བརྩིས་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པར་གཏིང་ཟབ་སྒོས་སློབ་སྦྱོང་དང་ལག་བསྟར་བྱེད་ཅིང་། སེམས་ཞིབ་མོས “ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་ངེས་གནས་དང“སྔར་ལས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གོ་གནས་མཐིལ་རྟོགས་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས“གནས་བཞི”འཛུགས་སྐྲུན་བྱེད་པ་དེ་བརྗོད་དོན་སློབ་གསོའི་ལས་འགན་སྣ་ཚོགས་དང་སྦྲེལ་མཐུད་བྱེད་པ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་གཏིང་ཟབ་ཏུ་སྤེལ་བ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་བྱེད་པ་བཅས་མཚོ་སྔོན་ལག་ལེན་གྱི་ཐེག་བྱད་བྱས་ཏེ། ཕྱོགས་འདི་གསུམ་གྱི་གཙོ་གནད་བྱ་བར་སྐུལ་འདེད་བཏང་སྟེ་ཡར་རྒྱས་མངོན་གསལ་དང་མཐོར་འདེགས་ནུས་ལྡན་འབྱུང་བར་བྱེད་དགོས། བརྗོད་དོན་སློབ་གསོ་སྤེལ་བ་དེ་རང་ས་གནས་དང་རང་སྡེ་ཁག་གི་ལྟེ་བའི་བྱ་བ་དང་ཟུང་འབྲེལ་བྱས་ཏེ། ཕྱོགས་གཉིས་ནས་དམ་འཛིན་དང་ཕྱོགས་གཉིས་ནས་སྐུལ་སྤེལ་གཏོང་ཐུབ་པ་བྱས་ནས། རྒྱུན་ཆད་མེད་པར་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཇོན་ཐང་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་། ཉེན་ཁ་འགོག་ཟོན་དང་ཞི་ལྷོད་དུ་གཏོང་བའི་འཇོན་ཐང་བཅས་མཐོར་འདེགས་གཏོང་བ་དང་། རྒྱུན་ཆད་མེད་པར་མཚོ་སྔོན་གྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་བྱ་བར་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་གཏོང་དགོས།

ནུས་ཤུགས་ཡོད་རྒུས་ཟབ་སྤེལ་དྲང་སྤེལ་བྱེད་པར་སྐུལ་འདེད་གཏོང་བར། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་གཏོང་བ་དམིགས་འབེན་དུ་བཟུང་ནས། སྤྱི་ཚོགས་བཅོས་སྐྱོང་དང་ཡུན་རིང་བདེ་འགོད་ལ་སྐུལ་འདེད་གཏོང་དགོས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། བློ་བརྟན་འགྱུར་མེད་སྒོས་དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བར་སྐུལ་འདེད་གཏོང་བ་དང་། བརྗོད་དོན་སློབ་གསོ་སྣེ་འདྲེན་བྱས་ཏེ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས། མཇུག་འབྲས་ཀྱི་ཁྲིད་ཕྱོགས་བཅས་རྒྱུན་འཁྱོངས་བྱས་ནས།  “གཅིག་ཅན་བཅུ”གཅིག་སྡུད་བྱས་ནས་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས། རྒྱུན་ཆད་མེད་པར་རིགས་སོ་སོའི་མང་ཚོགས་ཀྱི“ངོས་ཟིན་ལྔ”ཇེ་དྲག་ཏུ་བཏང་སྟེ། ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་དཔལ་འབྱོར་འཕེལ་རྒྱས། ཆོས་ལུགས་དོ་དམ། སྤྱི་ཚོགས་བརྟན་འཇགས་བཅས་ཕན་ཚུན་གཅིག་ལ་གཅིག་བརྟེན་དང་གཅིག་གྲོགས་གཅིག་ཏུ་སོང་ནས། མཚོ་སྔོན་གྱི་ཆོས་ལུགས་འཆམ་མཐུན་དང་མི་རིགས་མཛའ་མཐུན། སྤྱི་ཚོགས་འཆམ་མཐུན་བཅས་ཡིན་པའི་རྣམ་པ་བཟང་པོ་སྲ་བརྟན་དང་རྒྱ་བསྐྱེད་གཏོང་དགོས།

ནུས་ཤུགས་ཡོད་རྒུས་ཟབ་སྤེལ་དྲང་སྤེལ་བྱེད་པར་སྐུལ་འདེད་གཏོང་བར། གཟབ་ནན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་ལག་བསྟར་བྱེད་པའི་ཞིབ་ཕྲའི་སྒྲིག་སྲོལ་གྱི་དགོངས་དོན་ལག་ལེན་དོན་འཁྱོལ་བྱེད་པ་དེ་འཛིན་ལུང་དུ་བྱས་ཏེ། གཏིང་ཟབ་སྒོས་ཏང་ནན་གྱིས་སྐྱོང་བ་དང་དཔོན་རིགས་ནན་གྱིས་སྐྱོང་དགོས། ཏང་གི་སྒྲིག་ཡིག་ལ་ངེས་པར་དུ་བཀུར་བརྩི་བྱེད་པ་དང་། རང་རྟོགས་སྒོས་ཏང་གི་ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་སྒྲིག་སྲོལ་ལྟར་བྱ་བ་སྒྲུབ་པ། དུས་སྐབས་ག་འདྲ་དང་གནས་ཚུལ་ག་འདྲའི་འོག་ཏུའང་ཏང་གི་ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་སྒྲིག་སྲོལ་ལ་གཏོར་བརླག་བྱེད་མི་རུང་ཞིང་། སུས་ཀྱང་ཏང་གི་ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་སྒྲིག་སྲོལ་སྤྱད་ནས་ཉོ་འཚོང་བྱེད་མི་ཆོག ཐོག་མཐའ་བར་གསུམ་དུ་གནད་དོན་གྱི་རང་རྟོགས་དང་བློ་རྩེ་ནང་ལ་སྐོར་བའི་བློ་སྤོབས་རྒྱུན་འཁྱོངས་དང་དེར་ལྟ་སྟངས་ཡང་དག་བཟུང་ནས། རྒྱུན་ཆད་མེད་པར་ཏང་གི་རང་ངོས་གསར་བརྗེ་ལ་སྐུལ་སྤེལ་བྱེད་ཅིང་། སློབ་སྦྱོང་བྱེད་ཞོར་དང་ཕྱིར་རྟོག་བྱེད་ཞོར། བརྟག་དཔྱད་བྱེད་ཞོར་དང་བཤེར་རྟོག་བྱེད་ཞོར་བཅས་བྱེད་པ་དང་། བྱེད་ཕྱོགས་ཀྱི་གནད་དོན་དག་ཐེར་བཅོས་སྐྱོང་ནན་མོ་བྱས་ནས། ཏང་གཤིས་བརྟན་པོ་དང་དོན་དངོས་འགུལ་སྐྱོད་ཀྱིས་ཆབ་སྲིད་སྐྱེ་ཁམས་ཀྱི“གསེར་རི་དངུལ་རི”བསྐྲུན་དགོས། །

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།