ཉེ་ལམ། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་གཞུང་ལུགས་ལྟེ་གནས་ཚན་ཁག་གིས་རྒྱས་འཛོམས་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭ་བསྡུས།
ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ལས་ཁུངས་ཀྱིས་གཞུང་ལུགས་ལྟེ་གནས་ཚན་ཁག་གི་ཁོངས་མི་དང་། ལས་ཁུངས་ཀྱི་ཁྲུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ། ཁོངས་གཏོགས་ཁེ་ལས་ཀྱི་འགན་ཁུར་བ་གཙོ་བོ་བཅས་ཚང་མ་སློབ་སྦྱོང་གི་ཁྱབ་ཁོངས་སུ་བཞག་སྟེ། སེམས་པ་བདེ་ལྷོད་ཀྱིས་མ་རྩོམ་ཀློག་པ་དང་། སེམས་ནུས་ཡོད་རྒུས་མ་ཡིག་རྟོགས་པ། ཞིབ་མོ་བློ་ཡིས་གནས་ལུགས་བསམ་པ་བཅས་བྱས་ཏེ། སློབ་སྦྱོང་གིས་བསམ་བློར་དྲག་ཆས་སྤྲས་པ་དང་། གཞུང་ལུགས་ཀྱིས་ལག་ལེན་ལ་མཛུབ་སྟོན་བྱས། དཔེ་ཀློག་འཛིན་གྲྭའི་སྟེང་དུ། དགོངས་པ་སློབ་པ་དང་ཏང་གཤིས་བསྐྱེད་པ། ལག་ལེན་འཛིན་པ། བྱས་རྗེས་འཇོག་པ་བཅས་ཀྱི་སྤྱིའི་བླང་བྱར་རྒྱུས་ལོན་ཟབ་མོ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བསླབ་ནས་ཤེས་པ་དང་ཡོངས་སུ་རྟོགས་པ། ལག་བསྟར་བྱེད་པ་བཅས་ཆབ་སྲིད་ཀྱི་འགན་འཁྲི་དང་བསམ་བློའི་འཚོལ་སྙེག རང་རྟོགས་ཀྱི་གོམས་གཤིས་བཅས་སུ་བརྩིས་ཏེ། མངགས་བཅོལ་ཡིད་ལ་བཅངས་ནས་སློབ་པ་དང་། བརྩེ་བ་སེམས་སུ་བཅངས་ནས་སློབ་པ། འགན་འཁྲི་ཕྲག་ཏུ་ཁུར་ནས་སློབ་པ་བཅས་བྱས་ཏེ། ཏང་གི་གསར་གཏོད་གཞུང་ལུགས་ངེས་པ་དོན་གྱིས་རྒྱུད་དུ་ལེན་པ་དང་སེམས་སུ་འཛིན་པ། དོན་ལ་འཁྱོལ་བ་བཅས་བྱེད་དགོས་ཞེས་གསལ་བོར་བསྟན།
ཇི་མ་ཇི་བཞིན་དུ་སློབ་རྒྱུ་གཙིགས་སུ་བཟུང་ནས། ཟབ་མོར་བསླབ་སྟེ་ཟབ་སྤེལ་ལ་ཡར་སྐུལ་བྱས་པ།
འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་ནས་སློབ་པ་དང་། བརྙན་རིས་སྙན་ཞུའི་ཆེད་དོན་ཟུར་ཁྲིད། བགྲོ་གླེང་བརྗེ་རེས་དང་གཅིག་བསྡུས་རང་སྦྱོང་སོགས་གང་ཡིན་རུང་། ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པས་བརྗོད་གཞིར་དམིགས་ནས་སློབ་སྦྱོང་ཟབ་མོ་བྱེད་པ་དང་བསམ་གཞིགས་ཞིབ་མོ་གཏོང་བ། བགྲོ་གླེང་གཙིགས་སུ་འཛིན་པ་དང་། སྒྱུར་སྤོར་ལ་ཡར་སྐུལ་བྱེད་པ། ཕན་འབྲས་ཐོབ་པར་བྱེད་པ་དང་གནས་བབ་གསར་པ་སྐྲུན་པ་བཅས་ཀྱི་ཐད་ནུས་ཤུགས་བཏོན་ནས། དྲིལ་སྒྲོག་ལས་བྱེད་པས་ཆབ་སྲིད་སྦྱོང་བརྡར་ལ་ཤུགས་སྣོན་པ་དང་། བསམ་བློའི་གོ་རྟོགས་མཐོར་འདེགས་བྱེད་པ། ནུས་པ་ཆུ་ཚད་ཇེ་མཐོར་གཏོང་བ་བཅས་ཀྱི་ཆོད་སེམས་ཆེན་པོ་དང་གོམ་སྟབས་བརྟན་པོ་སྔར་ལས་ལེགས་པར་མཚོན་པར་བྱས།
ཚང་མས་སེམས་ལྷོད་ལ་བབས་ནས་མ་རྩོམ་ཀློག་པ་དང་མ་ཡིག་སློབ་པ། རྩ་བའི་རིགས་པ་རྟོགས་པར་བྱེད་པ་བཅས་བརྒྱུད་དེ། ཏང་གི་གསར་གཏོད་གཞུང་ལུགས་ཀྱི་འཚོ་བཅུད་བླངས་པ་དང་། དགོངས་པ་འདིའི་བདེན་ལུགས་ཀྱི་འོད་སྣང་དང་ལག་ལེན་གྱི་སྟོབས་ཤུགས་ལ་བརྩི་བཀུར་ཚད་མེད་བྱས་ཤིང་། མར་ཁེ་སི་རིང་ལུགས་ཀྱི་ཤེས་བྱ་འདི་ལེགས་པར་སློབ་པ་དང་ཏང་གཤིས་སློབ་གསོ་འདི་རྒྱུད་དུ་ལེན་པའི་ཆོད་སེམས་ཇེ་བརྟན་དུ་གྱུར།
དཔེ་ཀློག་འཛིན་གྲྭས་བརྗོད་དོན་སློབ་གསོའི་དམིགས་འབེན་ལས་འགན་ལ་དམ་དུ་དམིགས་ནས། སློབ་སྦྱོང་གི་ཐབས་ལམ་རྣམ་པ་སྣ་ཚོགས་སྤྱད་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ། དེའི་ཁྲོད་དུ་ཁྱབ་པའི་ལངས་ཕྱོགས་དང་ཐབས་ཤེས་བཅས་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱས་པ་དང་། དགོངས་པ་གལ་ཆེན་འདིའི་གནས་ལུགས་དང་རིགས་པ། མཚན་ཉིད་གསུམ་ལ་རྒྱུས་ལོན་ཟབ་མོ་བྱས་ཏེ། སློབ་སྦྱོང་གཏིང་ཟབ་མོ་དང་ཏན་ཏིག གཟབ་ནན་བཅས་ཀྱི་སྒོ་ནས་་སྤེལ་བར་ཡར་སྐུལ་བྱས།
ཚང་མས་གཅིག་གྱུར་སྒོས་བལྟས་ན། ཐེངས་འདིའི་བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭ་བརྒྱུད་དེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སྔར་ལས་ཆ་ཚང་ཞིང་མ་ལག་ལྡན་པར་རྒྱུས་ལོན་ཞིབ་མོ་བྱེད་ཐུབ་པར་གྱུར་ནས། བསམ་བློར་དྲག་ཆས་སྤྲས་པ་དང་མཐོང་རྒྱ་ཇེ་ཡངས་སུ་སོང་ལ། ངར་ཤུགས་ཆེ་རུ་བསྐྱེད་སོང་ཟེར།
གཅིག་བསྡུས་གྱིས་བགྲོ་གླེང་དང་སློབ་སྦྱོང་བྱས་ནས། ཟབ་མོར་བསླབ་སྟེ་གོ་བ་ལོན་པར་ཡར་སྐུལ་བྱས་པ།
ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ལས་ཁུངས་ཀྱི་ཏང་ཨུའི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་ཅ་ཚོན་ཁྲིན་གྱིས་བཤད་རྒྱུར། འདི་ནི་མིག་རྒྱ་བསྐྱེད་པའི་སློབ་སྦྱོང་ཆེན་པོ་ཞིག་ཡིན་ལ། དུས་དང་འཚམ་པའི་སྦྱོང་བརྡར་ཆེན་པོ་ཞིག་ཀྱང་རེད། ང་ཚོས་ཇི་མ་ཇི་བཞིན་དུ་སློབ་པ་དང་། མ་ལག་ཆ་ཚང་བར་སློབ་པ། ཡུན་རིང་བོར་སློབ་པ་བཅས་བྱས་ཏེ། ཏང་གི་གསར་གཏོད་གཞུང་ལུགས་ཀྱི་ཆབ་སྲིད་མོས་མཐུན་དང་བསམ་བློའི་མོས་མཐུན། གཞུང་ལུགས་མོས་མཐུན། བརྩེ་སེམས་མོས་མཐུན་བཅས་རྒྱུན་མ་ཆད་པར་ཇེ་དྲག་ཏུ་གཏོང་དགོས་ཟེར།
ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་གཞུང་ལུགས་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཧྲི་ཅུང་གིས་བཤད་རྒྱུར། ཐེངས་འདིའི་དཔེ་ཀློག་འཛིན་གྲྭས་བསམ་བློའི་གཞི་རྩའི་གནད་དོན་ཐག་གཅོད་པར་དམིགས་ནས། གཞུང་ལུགས་སློབ་སྦྱོང་དེ་གོ་གནས་དང་བོར་བཞག་པས། སློབ་སྦྱོང་གི་གྲུབ་འབྲས་མངོན་པར་གསལ་ལ། ལྷག་པར་དུ་མཚན་མོའི་སློབ་ཁྲིད་ཀྱི་སློབ་སྦྱོང་བགྲོ་གླེང་གིས་བསམ་རྒྱ་སྔར་ལས་ཆེ་རུ་བསྐྱེད་སོང་ཟེར།
ཚང་མས་གཅིག་རྗེས་གཉིས་མཐུད་དུ་བཤད་རྒྱུར། བརྗོད་དོན་སློབ་གསོ་ཏན་ཏིག་གིས་སྤེལ་བའི་གོ་སྐབས་འདི་དམ་དུ་བཟུང་ནས། དག་སྲུང་གསར་གཏོད་སྒོས་གཞུང་ལུགས་དྲགས་ཆས་དང་གསར་འགྱུར་གླེང་ཕྱོགས། རིག་གནས་འཛུགས་སྐྱོང་། དཔལ་ཡོན་ལག་ལེན་སོགས་ཀྱི་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་སྟེ། བྱ་བ་དངོས་དང་ལས་འབྲས་དངོས་ལས་བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་དཔྱད་ཞིབ་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྐྱོད་ལམ་གསར་པར་འབད་པས་བསྐྱོད་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྟོབས་དང་ལྡན་པའི་བསམ་བློའི་ཁག་ཐེག་དང་བསམ་པའི་སྟོབས་ཤུགས་འདོན་སྤྲོད་བྱེད་དགོས་ཟེར།
བསམ་སྦྱོར་གཉིས་བརྩོན་གྱིས་སློབ་རྒྱུ་རྒྱུན་འཁྱོངས་བྱས་ནས། ལན་ལེན་ངོ་མས་སྒྱུར་སྤོར་ལ་ཡར་སྐུལ་བྱས་པ།
དཔེ་ཀློག་འཛིན་གྲྭ་འཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་དུ་སློབ་སྦྱོང་གི་ཕན་འབྲས་དེ་དྲིལ་སྒྲོག་བསམ་བློའི་བྱ་བ་བཟང་བོར་སྒྲུབ་པ་དང་ལས་དོན་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་དུ་བསྒྱུར་དགོས་པའི་རེ་བ་བཏོན་ཡོད།
དཔེ་ཀློག་འཛིན་གྲྭ་ནི་ཆེད་དོན་ཟུར་ཁྲིད་ཅིག་ཡིན་ལ་ཡུལ་དངོས་སུ་སློབ་ཁྲིད་བྱེད་པ་ཞིག་ཀྱང་ཡིན། ཇི་ལྟར་བྱས་ནས་བརྗོད་དོན་སློབ་གསོ་དེ་ང་ཚོའི་མིག་སྔའི་དྲིལ་སྒྲོག་བསམ་བློ་བྱ་བ་དང་ཟུང་འབྲེལ་དམ་ཟབ་བྱེད་དགོས་པ་དང་། པུའུ་ལས་ཁུངས་ཀྱི་སློབ་སྦྱོང་དྲུག་གི་མཉམ་འགུལ་ཇི་ལྟར་དོན་འཁྱོལ་ཡག་པོ་བྱེད་དགོས་པ། བརྟག་དཔྱད་ཞིབ་འཇུག་བྱེད་སྟངས་དང་བྱེད་ཐབས་ཇི་ལྟར་ལེགས་སྒྱུར་བྱ་དགོས་པ། ན་གཞོན་ལས་བྱེད་པས་སློབ་སྦྱོང་དར་སྤེལ་ཆེན་པོ་གཏོང་བར་སྐུལ་ཁྲིད་ཇི་ལྟར་བྱེད་པ་སོགས་ལ་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་བྱ་བའི་དོན་དངོས་ལ་དམ་པོར་དམིགས་ནས། དཔེ་ཀློག་འཛིན་གྲྭས་ཕྱོགས་ཡོངས་ནས་སློབ་ཁྲིད་དང་དོགས་གནད་སེལ་ཏེ་ཁ་ཕྱོགས་གསལ་སྟོན་བྱས་ཡོད་ལ་མིག་སྔའི་ཇུས་འགོད་ཀྱང་བྱས་ཡོད།
ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ལིག་ཧྲིན་ཞན་གྱིས་རང་གི་མྱོང་ཚོར་ཟབ་མོ་གླེང་སྐབས་བཤད་རྒྱུར། ཏང་གི་གསར་གཏོད་གཞུང་ལུགས་ཀྱི་ཟབ་ཚད་རྟོགས་པར་བྱེད་པ་དེས་ཆབ་སྲིད་ཀྱི་ཚོར་སྣང་རྐྱེན་ཚད་དང་བསམ་བློའི་ལྟ་རྒྱ་ཡངས་ཚད། བསམ་པའི་གོ་རྟོགས་མཐོ་ཚད་བཅས་མཚོན་ཡོད། དུས་རབས་གསར་པའི་དྲིལ་སྒྲོག་བསམ་བློ་བྱ་བ་བཟང་བོར་སྒྲུབ་དགོས་ན། ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་དམ་པོར་ཆུད་པར་བྱེད་པ་དང་། དེའི་ཁྲོད་དུ་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ། ཐབས་ཤེས་བཅས་བཀོལ་ནས། དུས་རབས་ཀྱི་བརྗོད་གཞི་དང་དམ་དུ་སྦྲེལ་ཏེ། རིག་གནས་གསར་རྩོམ་ལ་ཤུགས་སྣོན་པ་དང་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་བཏང་སྟེ། རིགས་སོ་སོའི་མང་ཚོགས་ལ་བསམ་པའི་རྒྱགས་ཕྱེ་སྔར་ལས་བཟང་བོ་འདོན་སྤྲོད་བྱེད་དགོས་ཟེར།
ཞིང་ཆེན་གསར་འགྱུར་ལས་དོན་པའི་མཐུན་ཚོགས་ཀྱི་ཆེད་བསྐོས་ཀྲུའུ་ཞི་གཞོན་པ་གོ་ཡོན་ཕུའུ་ཡིས་བཤད་རྒྱུར། ཏང་ཡོངས་ཀྱི་གོང་འོག་ཚང་མས་བརྗོད་དོན་སློབ་གསོ་སྤེལ་བཞིན་པ་འདི་གོ་སྐབས་སུ་བརྩིས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བསླབ་ནས་ཤེས་པ་དང་། གོ་བ་ལོན་པ། ལག་ལེན་བྱེད་པ་བཅས་བྱས་ཏེ། དཔའ་སྐྱེད་མདུན་སྐྱོད་དང་འབད་བརྩོན་ལྷོད་མེད་སྒོས་ཞིང་ཆེན་ཡོངས་ཀྱི་གསར་འགྱུར་ལས་རིགས་དང་རྒྱ་ཆེའི་གསར་འགྱུར་ལས་དོན་པས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་འདོན་འོས་པའི་ནུས་པ་འདོན་པར་སྣེ་ཁྲིད་བྱེད་དགོས་ཟེར།
ཉིན་ལྔའི་རིང་ལ་ཚང་མར་སློབ་སྦྱོང་གི་ཕན་འབྲས་དེ་ཇི་ལྟར་བཀོལ་སྤྱོད་བྱེད་པའི་ཐད་ནས་ངེས་ཤེས་ཟབ་མོ་སྐྱེས་ཏེ། ཚད་གཞི་སྔར་ལས་མཐོན་པོ་དང་། རེ་བ་སྔར་ལས་ནན་མོ། བྱེད་ཐབས་སྔར་ལས་གཟབ་ནན་བཅས་ལ་བརྟེན་ནས། བརྗོད་དོན་སློབ་གསོ་ལས་བསྐྱེད་པའི་སློབ་སྦྱོང་དང་བྱ་བའི་སྤྲོ་སེམས་དེ་དཀའ་སེལ་མཁྲེགས་གཏོར་དང་ལས་སྒྲུབ་ལས་སྐྲུན་གྱི་སྒུལ་ཤུགས་ཆེན་པོར་བསྒྱུར་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་གསར་པ་འབད་པས་འབྲི་བར་བྱས་རྗེས་གསར་པ་འཇོག་རྒྱུ་ཡིན་ཟེར།
ཡིག་སྒྱུར་བ། གཡང་འབུམ་རྒྱལ།