མཚོ་སྔོན་ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་བརྒྱད་པས་ཁེ་ལས་ཀྱིས་བརྗོད་དོན་སློབ་གསོ་བརྟན་ཅིང་བརླིང་ལ་གོ་རིམ་ལྡན་པའི་ངང་སྤེལ་བར་སྐུལ་འདེད་མཛུབ་སྟོན་ནན་ཏན་གནང་།
2023.05.18 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 60

ཁེ་ལས་ལ་མཛུབ་སྟོན་བྱས་ནས་བརྗོད་དོན་སློབ་གསོའི་གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་བ། ཞིབ་བཤེར་དག་ཐེར་ལེགས་བཅོས་བཅས་གཅིག་ཏུ་སྒྲིལ་བ་དང་སྐྱེ་ལྡན་མཉམ་འདྲེས། གཞི་གཅིག་སྐུལ་འདེད་བཅས་ལ་ཁག་ཐེག་བྱེད་པའི་ཆེད་དུ། ཉིན་འགའི་རིང་ལ། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་བརྒྱད་པས་ལྟ་སྐུལ་ནན་མོ་དང་མཛུབ་སྟོན་དངོས་མ། མཛུབ་སྟོན་ལ་བརྟེན་ནས་ལྟ་སྐུལ་བྱས་ཤིང་། གནད་འཁེལ་མཛུབ་སྟོན་དང་རིགས་དབྱེ་མཛུབ་སྟོན། དམིགས་གཏད་མཛུབ་སྟོན་བཅས་རྒྱུན་འཁྱོངས་བྱས་པ། “གནད་འཁེལ་དང་རིགས་དབྱེ། དམིགས་གཏད”བཅས་ཀྱི་རྩོམ་ཡིག་གསུམ་ལེགས་པར་བྲིས་པ། བྱེད་ཐབས་ནུས་ལྡན་ལ་བརྟེན་ནས་ཁེ་ལས་ཀྱིས་བརྗོད་དོན་སློབ་གསོ་བརྟན་ཅིང་བརླིང་ལ་གོ་རིམ་ལྡན་པའི་ངང་སྤེལ་བར་སྐུལ་འདེད་མཛུབ་སྟོན་ནན་ཏན་བྱས།

གནད་འཁེལ་ཕན་ཆེ་སྒོས་སྐོར་ཞིབ་མཛུབ་སྟོན་ལས་དོན་སྤེལ་ཆེད། སྐོར་ཞིབ་མཛུབ་སྟོན་ཚན་ཆུང་བརྒྱད་པས་ལས་འགན་གསལ་པོ་དང་ལམ་ལུགས་འཛུགས་པ། རང་ལུས་སྟོབས་ལྡན་བཅས་བྱས་ཤིང་། མུ་མཐུད་དུ་གཞུང་ལུགས་ཀྱི་དྲག་ཆས་སྤྲས་པར་ཤུགས་སྣོན་པ་དང་མི་སྣའི་དོ་དམ་ཇེ་དྲག་ཏུ་གཏོང་བ། གནད་འཁེལ་ཕན་ཆེ་སྒོས་ལས་དོན་སྤེལ་ཏེ། སྐོར་ཞིབ་མཛུབ་སྟོན་གོ་རིམ་ཁྲོད་ཆེད་ལས་མ་ཡིན་པའི་སྐད་ཆ་བཤད་པ་དང་ཆེད་ལས་མ་ཡིན་པའི་དོན་སྒྲུབ་པར་གཡོལ། དུས་གཏན་སློབ་སྦྱོང་ལམ་ལུགས་བཙུགས་ཤིང་། གཟའ་རེའི་གཟའ་ཟླ་བ་ནི་ཚན་ཆུང་ནང་ཁུལ་གྱི་སློབ་སྦྱོང་ཉིན་མོར་གཏན་འཁེལ་བྱས་པ་དང་། ཚན་གཙོས་སྣེ་ཁྲིད་ནས་སློབ་སྦྱོང་བྱེད་པ། ཁོངས་མི་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་བྱེད་པར་རྩ་འཛུགས་བྱེད་པ། ཚན་ཆུང་ནང་ཁུལ་གྱི་བརྗེ་རེས་བགྲོ་གླེང་ཧུར་ཐག་གིས་སྤེལ་ནས། སྐོར་ཞིབ་མཛུབ་སྟོན་ཀྱི“གཞི་རྩའི་རྩལ་ནུས”ལེགས་པར་སྦྱངས། ཁོངས་མིའི་འབྲེལ་གནས་ལམ་ལུགས་སྐུལ་སྤེལ་བྱས་པ་དང་། ཚན་ཆུང་ནང་ཁུལ་མི་སྣའི་འབྲེལ་གནས་འགན་འཁུར་ལམ་ལུགས་ལག་བསྟར་བྱས་པ། ཚན་གཙོས་སྤྱིའི་འགན་འཁུར་བ། ཁོངས་མི་གཞན་དག་གིས་ལྟོས་བཅས་ཀྱིས་གཏན་འཇགས་ཡིན་པའི་ཁེ་ལས11ལ་འབྲེལ་གཏུག་མཛུབ་སྟོན་བྱས་པ། ཁེ་ལས་ཀྱིས་རྒྱུ་ཆ་དཔྱད་ཞིབ་དང་ཉིན་རྒྱུན་འབྲེལ་གཏུག སྤྱི་འདོམས་སྐུལ་འདེད་སོགས་ཀྱི་ལས་དོན་ལ་ཐོག་མཐའ་བར་གསུམ་དུ་འབྲེལ་གཏུག་མཛུབ་སྟོན་ལེགས་པར་བསྒྲུབས་ནས།   སྐོར་ཞིབ་མཛུབ་སྟོན་གྱི“འགན་འཁྲི་ཞིང་ས”ལེགས་པར་བཏབ། ཚན་ཆུང་ནང་ཁུལ་གྱི་དོ་དམ་ལམ་ལུགས་འཐུས་ཚང་བཙུགས་པ་དང་། གནས་སྐབས་ཏང་ཀྲི་པུའུ་བཙུགས་པ། དུས་གཏན་གྱི་རྩ་འཛུགས་བྱེད་སྒོ་སྤེལ་ནས། “འཐབ་རྩོད་བཙན་རྫོང”གི་མཛུབ་སྟོན་ལས་དོན་གྱི་ཆེས་མདུན་གྲལ་དུ་བཙུགས། གཟའ་རེའི་གཟའ་པ་སངས་ཉིན་གྱི་ཕྱི་དྲོ་གཏན་འཁེལ་བྱས་ཏེ་ཚན་ཆུང་ནང་ཁུལ་གྱི་ཚོགས་ཆུང་བསྡུས་པ་དང་། བྱ་བའི་ཉམས་མྱོང་སྤྱི་སྡོམ་བྱས་པ། གནད་དོན་གྱི་མི་འདང་ས་དབྱེ་ཞིབ་བྱས་པ། རྗེས་ཕྱོགས་ཀྱི་ལས་དོན་ལ་འཆར་འགོད་བྱས་ནས། སྐོར་ཞིབ་མཛུབ་སྟོན་གྱི“སྒྲིག་ལམ་འགག་སྒོ”ལེགས་པར་བརྒལ།

“ལྡེ་མིག་གཅིག་གིས་ཟྭ་གཅིག་འབྱེད་པ”རྒྱུན་འཁྱོངས་བྱས་པ་དང་། ཁེ་ལས་མི་འདྲ་བའི་དངོས་ཡོད་རིགས་དབྱེ་བ། ཁ་གཏད་རང་བཞིན་གྱིས་ཁྱད་པར་ཅན་གྱི་མཛུབ་སྟོན་བྱེད་ཐབས་བཏོན་ནས། ཁེ་ལས་སོ་སོའི་རང་འགུལ་རང་བཞིན་དང་གསར་གཏོད་རང་བཞིན་ཕུན་སུམ་ཚོགས་པར་བསླངས། སློབ་སྦྱོང་ནང་དོན་གནད་ལ་འཁེལ་བར་དཔྱད་ཞིབ་གཏན་འབེབས་བཟོས་པ་དང་། ཅི་ཞིག་ལས་དགོས་ན་དེ་སློབ་པ་དང་ཅི་ཞིག་ཆད་ན་དེ་ཁ་གསབ་བྱེད་པ་རྒྱུན་འཁྱོངས་བྱས་པ། ཁེ་ལས་ཀྱིས《ཞི་ཅིན་ཕིང་གི་གསུང་རྩོམ་འདེམ་ཀློག》དང《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཆེད་དོན་བཏུས་སྒྲིག》སོགས་ངེས་ཀློག་དཔེ་ཆ་ཕྱོགས་ཡོངས་ནས་རྒྱུད་ཁོངས་ལྡན་པའི་སློབ་སྦྱོང་ལ་མཛུབ་སྟོན་བྱས་པ། དུས་མཚུངས་སུ་ཁེ་ལས་སོ་སོས་རང་སྟེང་གི་འགན་ཁུར་དང་ལས་དོན་གཙོ་བོ་དང་ཟུང་འབྲེལ་སྒོས་ཁེ་ལས་གཉེར་སྐྱོང་འཕེལ་རྒྱས་ཀྱི་ལས་སྒོའི་ཤེས་བྱ་དུས་མཉམ་དུ་སློབ་སྦྱོང་ཟབ་མོ་བྱེད་པའི་བླང་བྱ་བཏོན་ནས། བརྗོད་དོན་སློབ་གསོ་སྤེལ་བ་དེ་ལས་སྒོ་ལས་དོན་ལ་སྐུལ་འདེད་གཏོང་བ་དང་ནུས་ལྡན་འདྲེས་སྦྱོར་བྱེད་པར་ངེས་པ་དོན་གྱིས་སྒྲུབ་ཐུབ་པར་བྱས། ལས་དོན་སྤེལ་བའི་གསལ་བརྡ་གསར་གཏོད་བྱས་པ་དང་། ཁེ་ལས་སོ་སོས་བརྗོད་དོན་སློབ་གསོ་སྤེལ་མགོ་བརྩམས་པའི་སྐབས་ཀྱི་འདྲི་རྟོག་གནད་དོན་ཁ་ཤས་ལ་དམིགས་ནས། སྤྱི་གཤིས་ཅན་དང་སྒེར་གཤིས་ཅན་གྱི་གནད་དོན་དབྱེ་ནས་སོ་སོ་ནས་ཁྱད་པར་ཅན་དང་སྒེར་གཤིས་ཅན་གྱི་བྱ་བའི་གསལ་བརྡ་སྤེལ། ཁེ་ལས་སོ་སོའི་འདྲི་རྟོག་ཅུང་མང་བ་དང་ཚུར་སྣང་གཅིག་སྡུད་ཡིན་པའི་གནད་དོན་ལ་དམིགས་ནས། དུས་དང་པོར་ཞིང་ཆེན་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་ལ་དགོངས་ཞུ་བྱས་རྗེས། ལས་དོན་ཚོགས་པར་དོགས་སེལ་དྲིས་ལན་གྱི་ལས་དོན་གསལ་བརྡ་སྤེལ། འདྲི་རྟོག་ཁ་ཤས་ལ། དུས་ལྟར་སྐད་འཕྲིན་དང་བརྡ་འཕྲིན་རྣམ་པས་ལན་བཏབ། རིམ་པ་བཞིའི་འབྲེལ་ཞིབ་ལམ་སྲོལ་འཚོལ་ཞིབ་བྱས་ནས་ལག་ཏུ་བསྟར་བ་དང་། རིམ་པའི་འགག་སྒོའི་བླང་བྱ་གསལ་པོ་བྱས་པ། ཁེ་ལས་ཀྱི་བརྗོད་དོན་སློབ་གསོའི་ཁྲོད་ཞིབ་འཇུག་གཏན་འབེབས་བཟོས་པའི་ལག་བསྟར་ཇུས་གཞི་དང་བྱ་བའི་འཆར་གཞི། བསྡུས་འཕྲིན་སོགས་ཀྱི་རྒྱུ་ཆར་དཔྱད་ཞིབ་ནན་མོ་བྱས་པ། “ཁེ་ལས་ཀྱི་ཏང་ཨུ་དང་འབྲེལ་གནས་འགན་འཁུར་པ། མཛུབ་སྟོན་ཚན་ཆུང་གི་ཚན་གཙོ་གཞོན་པ། ཚན་གཙོ”བཅས་རིམ་པ་བཞིའི་དཔྱད་ཞིབ་འགག་སྒོའི་འབྲེལ་ཞིབ་ལམ་ལུགས་ལག་བསྟར་བྱས་པར་མ་ཟད། ཁེ་ལས་ཀྱི་གནས་ཚུལ་གཞིར་བྱས་ནས་དངོས་ཡོད་ལ་འཚམ་པ་དང་ཁེ་ལས་དང་བསྟུན་པའི་བཟོ་བཅོས་བསམ་འཆར་བཏོན་ནས། བརྗོད་དོན་སློབ་གསོའི་ཁ་ཕྱོགས་མི་གཡོ་བ་དང་བརྒྱུད་རིམ་མི་སྟོང་བ། ཚད་གཞི་མི་ལྷུང་བ་བཅས་ལ་ཁག་ཐེག་བྱས།

གནད་དོན་ཕྱོགས་སྟོན་དུས་དང་རྣམ་པ་ཀུན་ཏུ་རྒྱུན་འཁྱོངས་བྱས་པ་དང་། རེ་འགར་ཁ་ཏ་དང་བརྟག་དཔྱད་ཞིབ་འཇུག དངོས་བཅར་འདྲི་རྟོག་སོགས་ཀྱི་གོ་རིམ་ཁྲོད། ཁེ་ལས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་པར་ཚད་བསྡུར་བྱེད་པའི་བླང་བྱ་བཏོན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྐང་བཙུགས་ནས། གནད་དོན་ཡང་དག་པར་འཚོལ་བ་དང་མི་འདང་ས་རྟོགས་པ། ཁ་ཕྱོགས་གསལ་པོར་བཟོས། སྡོད་གནས་བྱ་བའི་རྣམ་པ་འཚོལ་ཞིབ་བྱས་པ་དང་། བརྗོད་དོན་སློབ་གསོ་སྤེལ་མགོ་བརྩམས་པའི་རྗེས་སུ། དུས་ལྟར་ནུབ་གཏེར་སྡེ་ཚོགས་སུ་བསྐྱོད་ནས་གནས་སྐབས་ལས་སྒྲུབ་བྱེད་ས་བཙུགས་པ་དང་། རྗེས་མར་དངོས་ཡོད་ལ་གཞིར་བྱས་ནས་ཚྭ་མཚོ་དང་ཧུའེ་ཞིན། ཁྲོང་ཨན་སོགས་ཀུང་སིར་བསྐྱོད་ཅིང་དུས་ཐུང་ལ་འདུག་རྒྱུ་རེད། བརྗོད་དོན་སློབ་གསོ་སྐོར་ཞིབ་མཛུབ་སྟོན་སྐབས་སུ། ཁེ་ལས་རེ་རེ་ནས་ཉིན12ཡན་སྡོད་རྒྱུ་ཡིན་ལ། ཡུལ་དངོས་དང་པོའི་བྱ་བའི་རྣམ་པ་རྒྱུན་འཁྱོངས་བྱེད་པ། ཁེ་ལས་སུ་རྟོག་ཞིབ་ཟབ་མོ་བྱེད་སྐབས། “སྒྲུབ་ཐེངས་གཅིག་གིས་མཐའ་འཁྱོལ་བ”རྒྱུན་འཁྱོངས་བྱེད་པ་དང་། ཁེ་ལས་ཀྱི་ཡན་ལག་ཀུང་སི་དང་། ཚན་ཆུང་ནང་དང་རླངས་འཁོར་བར། ལས་གཞི་ལས་བསྟར་ཡུལ་དངོས་སོགས་ཐོན་སྐྱེད་ཡུལ་དངོས་དང་པོར་ཐད་ཀར་དུ་བསྐྱོད་པ། ལས་བྱེད་ལས་བཟོ་པ་དང་གླེང་མོལ་བཞུགས་མོལ་ཟབ་མོ་བྱེད་པ། ཁེ་ལས་གཉེར་སྐྱོང་གནས་ཚུལ་དང་ལས་བྱེད་ལས་བཟོ་པའི་དྲན་ཚུལ་འདོད་མོས་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་སོགས་ཀྱི་ནང་དོན་རྒྱུས་ལོན་བྱས་པ། ཁེ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་པའི་གནད་དོན་ཡོད་ས་དང་ལས་བཟོ་པ་བྲེལ་དཀའ་ཁྲལ་རེ་ཆེ་བའི་དོན་དག་ཡང་དག་པར་བཙལ། གནད་དོན་གསལ་ཐོ་གནད་ལ་འཁེལ་བར་དཔྱད་ཞིབ་གཏན་འབེབས་བཟོས་པ་དང་། སྐོར་ཞིབ་མཛུབ་སྟོན་ཚན་ཆུང་གིས་རྒྱུས་ལོན་ཕུན་སུམ་ཚོགས་པ་བྱས་པ་བརྒྱུད། ཁེ་ལས་ཀྱི་ཏང་འཛུགས་སྐྱོང་དང་ཐོན་སྐྱེད་གཉེར་སྐྱོང་སོགས་དངོས་ཡོད་གནས་ཚུལ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱས་པར་མ་ཟད། སྐོར་ཞིབ་སྐོར་གཟིགས་དང་རྩིས་ཞིབ་ལྟ་རྟོག་སོགས་ཕྱོགས་ཀྱི་ཕྱིར་ལན་གནད་དོན་ལ་དམིགས་པ། ཁེ་ལས་ཀྱིས་ཕྱོགས་སྒྲིག་ཡར་ཞུ་བྱས་པའི་གནད་དོན་ཐོ་ཡིག་ལ་དཔྱད་ཞིབ་ནན་མོ་བྱས་པ། གཙོ་གཡོལ་སླ་འཛིན་དང་གཙོ་གནད་མི་འཛིན་པར་རྒྱུན་ལྡན་འཛིན་པ། གནད་དོན་དང་འགལ་བ་གཙོ་བོར་གཡོལ་བ་བཅས་ལ། མཐའ་གཅིག་ཏུ་ཕྱིར་བྱིན་ནས་ཡང་བསྐྱར་གཏན་འབེབས་བཟོ་བའི་བླང་བྱ་བཏོན་ནས། གནད་དོན་ཐོ་ཡིག་གནད་འཁེལ་དངོས་གཉེར་ཡིན་པར་ཁག་ཐེག་བྱས། 

                                                                    རྩོམ་སྒྲིག་པ། གཡང་འབུམ་རྒྱལ།