དྲི་བ་གྱ་བརྒྱད།   སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བར་གོ་བ་ཇི་ལྟར་ལེན་དགོས།
2023.06.19 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 19

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་འཇགས་ཀྱི་གཞི་རིམ་རྨང་གཞི་ཇེ་བརྟན་དུ་གཏོང་དགོསཞེས་པ་དངསྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་མཉམ་སྐྲུན་མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་འཐུས་ཚང་དུ་བཏང་ནས་སྤྱི་ཚོགས་བཅོས་སྐྱོང་གི་ནུས་ཆོད་ཆེ་རུ་གཏོང་དགོསཞེས་ནན་གྱིས་བསྟན་ཡོད། རྒྱས་བཤད་དེ་དག་ལས་རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་ནུས་ཤུགས་འཛུགས་སྐྲུན་ཁྲོད་ཀྱི་རྨང་གཞིའི་འཛུགས་སྐྲུན་གྱི་གོ་གནས་གལ་ཆེན་འབུར་དུ་བཏོད་ནས་བསྟན་ཡོད་པ་དང་། སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བའི་འབད་བརྩོན་གྱི་ཁ་ཕྱོགས་དང་ལས་ཀའི་བླང་བྱ་གསལ་བོར་བཟོས་ཡོད།

སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་རྒྱུ་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་ལྷག་པར་དུ་རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་ཡིན་པས།  ངེས་པར་དུ་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་སྤྱིའི་བླང་བྱ་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ་དང་།   རང་འགུལ་ངང་སྤྱི་ཚོགས་བཅོས་སྐྱོང་གི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་གསར་པ་དང་འཚམ་པར་བྱེད་པ། ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ། མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་འཐུས་ཚང་དུ་གཏོང་བ།  ཏང་ཨུས་འགོ་ཁྲིད་པ་དང་སྲིད་གཞུང་གིས་འགན་འཁུར་བ། དམངས་གཙོས་གྲོས་མོལ་བྱེད་པ། སྤྱི་ཚོགས་ཀྱིས་མཉམ་རོགས་བྱེད་པ། སྤྱི་དམངས་ཟབ་ཞུགས་བྱེད་པ། ཁྲིམས་ལུགས་ཀྱིས་འགན་སྲུང་བྱེད་པ། ཚན་རྩལ་གྱིས་འདེགས་སྐྱོར་བྱེད་པ་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་། དུས་འཁོར་ཡོངས་ཀྱི་འགུལ་རྣམ་བཅོས་སྐྱོང་དང་ཕྱོགས་གང་ཅིའི་ཐད་ནས་ཁྲིམས་ལྟར་བཅོས་སྐྱོང་བྱེད་པ། རྒྱུ་རྐྱེན་གཙོ་བོ་ཡོངས་སུ་བློ་གྲོས་བཅོས་སྐྱོང་བྱེད་ཤུགས་བཅས་ཆེ་རུ་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་སྤྱི་ཚོགས་ཅན་དང་ཁྲིམས་སྐྱོང་ཅན། རིག་ནུས་ཅན། ཆེད་ལས་ཆུ་ཚད་ཅན་བཅས་མཐོར་འདེགས་སུ་བཏང་ནས། མི་ཚང་མར་འགན་འཁྲི་ཡོད་པ་དང་མི་ཚང་མས་འགན་འཁྲི་འཁུར་བ། མི་ཚང་མས་ལོངས་སུ་སྤྱོད་པ་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་དགོས།

སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བར་ངེས་པར་དུ་གཞི་རིམ་དུ་ནུས་སྤྲོད་དང་སྤྱི་ཚོགས་བཅོས་སྐྱོང་དང་ཞབས་ཞུའི་གཙོ་གནད་གཤམ་སྒྱུར་བྱས་ནས་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ནི་སྤྱི་ཚོགས་བཅོས་སྐྱོང་མ་ལག་གི་རྨང་གཞིའི་ཁྲོད་ཀྱི་རྨང་གཞི་ཡིན། སྤྱི་ཚོགས་ཀྱི་འགལ་བ་སྣ་ཚོགས་གཞི་རིམ་དུ་བྱུང་བ་དང་འབྱུང་རྐྱེན་ཡང་གཞི་རིམ་ཡིན་པས། ཐག་གཅོད་ཡག་པོ་བྱས་ན་འགལ་བ་དང་རྩོད་གཞི་དུས་ཐོག་ཏུ་གཞི་རིམ་ནས་འདུམ་གཅོད་དང་མགོ་འབུས་པ་ཙམ་དུ་ཐག་གཅོད་བྱེད་དགོས་པ་དང་། ཐག་གཅོད་ཡག་པོ་བྱེད་མ་ཐུབ་ན་གནད་དོན་འབྱུང་སྲིད་པ་དང་། དོན་ཆུང་རྣམས་དོན་ཆེན་དུ་འགྱུར་སྲིད། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་འཐུས་ཚང་དུ་གཏོང་བར་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བར་དོ་སྣང་བྱེད་དགོས་དང་། སྤྱི་ཚོགས་ཀྱི་གཞི་རིམ་དུ་དུས་རབས་གསར་པའིཧྥེང་ཆའོཉམས་མྱོངརྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ།སྔ་མོ་ནས་དམ་འཛིན་དང་ཆུང་ས་ནས་དམ་འཛིན།མགོ་འབུས་པ་ནས་དམ་འཛིན་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ།  གནས་བབ་གསར་པའི་འོག་མི་དམངས་ནང་ཁུལ་གྱི་འགལ་བ་ཐག་གཅོད་ཡང་དག་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་སྤྱོད་ཚུལ་ཁྱད་གསོད་བྱེད་པར་དུས་རབས་གསར་པའི་མི་དམངས་ཡིག་སྐུར་ངོ་བཅར་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པ་དང་། མང་ཚོགས་ཀྱི་འདོད་དོན་བརྗོད་པ་དང་ཁེ་ཕན་མཐུན་སྦྱོར། ཁེ་དབང་འགན་སྲུང་བཅས་ཀྱི་ཐབས་ལམ་ཐོགས་མེད་བཟོ་བ་དང་ཚད་ལྡན་དུ་གཏོང་བ། འགལ་བ་དང་རྩོད་གཞི་ཡོངས་བཤེར་འདུམ་སྒྲིག་དང་སྣེ་མང་འདུམ་སྒྲིག་གི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཇུས་ཆོད་གལ་ཆེན་གྱིས་སྤྱི་ཚོགས་བརྟན་འཇགས་དང་ཉེན་ཁའི་དཔྱད་འཇོག་ལམ་སྲོལ་དོན་འཁྱོལ་བྱེད་པ། འགོ་ཁྲིད་ལས་བྱེད་པ་དུས་ལྟར་གཞི་རིམ་དུ་བརྟག་ཞིབ་ལ་འགྲོ་བ་དང་། མང་ཚོགས་ལ་སྣེ་ལེན་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ལག་རྩལ་གསར་བའི་བྱེད་ཐབས་སྤྱད་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ནུས་སྤྲོད་བྱེད་པ་དང་། དྲ་མིག་ཅན་གྱི་དོ་དམ་དང་ཞིབ་ཚགས་ཅན་གྱི་ཞབས་ཞུ། ཆ་འཕྲིན་ཅན་གྱི་འདེགས་སྐྱོར་བཅས་ཀྱི་གཞི་རིམ་བཅོས་སྐྱོང་སྟེགས་བུ་འཐུས་ཚང་དུ་བཏང་སྟེ། དྲ་ཐོག་དང་དྲ་ཕྱི་གཞི་གཅིག་ཅན་གྱི་འགལ་ཟླ་དང་རྩོད་གཞི་སྣེ་མང་ཅན་གྱི་འདུམ་འགྲིག་སྟེགས་བུ་དང་རིག་ནུས་ཅན་གྱི་སྤྱི་པའི་ཞབས་ཞུའི་སྟེགས་བུ་འཛུགས་གཉེར་དགོས། གྲོང་གསེབ་ཀྱི་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་བཅས་ཀྱི་གཞི་རྩ་འདི་དམ་པོར་བཟུང་ནས།གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་དང་རྩ་འཛུགས་ཀྱི་འགན་ནུས་སྣ་ཚོགས་ཀྱི་ནུས་པ་འདོན་སྤེལ་ནུས་ལྡན་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་ཆེས་སེམས་ཁུར་དང་ཆེས་ཐད་ཀར།ཆེས་དངོས་ཡོད་བཅས་ཀྱི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱས་ཏེ། འཐུས་སྒོ་ཚང་བའི་ལམ་ལུགས་ནང་རྐྱེན་དང་ཐབས་ལམ་ཐོགས་མེད་བཟོས་ནསའགལ་ཟླ་དང་རྩོད་གཞི་སྣ་ཚོགས་སེལ་གང་ཐུབ་བྱས་ནས་འཆམ་མཐུན་དང་བརྟན་འཇགས་སྲུང་སྐྱོང་དང་བཅོས་སྒྱུར་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྤྱི་ཚོགས་ཀྱི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ཅི་ཐུབ་བྱེད་དགོས།

སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བར་ངེས་པར་དུ་གྲོང་ཁྱེར་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གང་མགྱོགས་གཏོང་བ་དང་། གྲོང་ཁྱེར་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས།  གྲོང་ཁྱེར་ཁོངས་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དེང་རབས་ཅན་དུ་འགྱུར་བའི་གནས་གཙོ་བོ་ཡིན་པ་དང་།   སྤྱི་ཚོགས་བཅོས་སྐྱོང་མ་ལག་ཁྲོད་ཀྱི་སྤྱི་ཁོག་དང་བྱེ་བྲག་གི་བརྒྱུད་སྤྲོད་བྱེད་གནས་ཡིན་ལ།  རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་འཐབ་ཇུས་རྟེན་ས་ཡང་ཡིན་པས། གཞི་རིམ་དང་བསྡུར་ན་འགལ་བ་གལ་ཆེན་ཐག་གཅོད་དང་ཉེན་ཁ་ཚབས་ཆེན་སེལ་བར་བྱེད་པའི་དགོས་ངེས་ཀྱི་ཐོན་ཁུངས་དང་སྟོབས་ཤུགས། བྱེད་ཐབས། དབང་ནུས་བཅས་ལྡན་ཡོད། དུས་རབས་གསར་པའི་སྐྱོད་ལམ་སྟེང་སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བར་གལ་འགངས་ཆེ་ལ་དགོས་གཏུག་ཀྱང་ཆེ་བའི་ལས་འགན་ཞིག་ནི། གྲོང་ཁྱེར་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་འགན་འཁྲི་ཇེ་བརྟན་དུ་གཏོང་བ་དང་། གྲོང་ཁྱེར་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ཐོན་ཁུངས་དང་སྟོབས་ཤུགས་གང་ལེགས་ཀྱིས་བསྡུ་སྒྲིལ་བྱས་ཏེ། གྲོང་ཁྱེར་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་དེ་རེད། གྲོང་ཁྱེར་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལྟེ་གནས་འཛུགས་པར་སྐུལ་འདེད་བཏང་ནས། གྲོང་ཁྱེར་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལྟེ་གནས་ཀྱི་མཉམ་འགུལ་མ་ལག་ཆགས་པར་བྱས་ཏེ། འགན་དབང་གསལ་བོ་དང་ཕན་ཆེའི་མཉམ་འགུལ། གོང་འོག་འབྲེལ་མཐུད་བཅས་ཀྱི་གྲོང་ཁྱེར་ཁོངས་ཀྱི་ཉེན་ཁ་སྔོན་འགོག་ཚོད་འཛིན་བཀོད་འདོམས་འབྲེལ་ཐག་དང་། སྔོན་འགོག་ཚོད་འཛིན་དྲ་བ་ཞིག་ཆགས་པར་བྱས་ནས། ཉེན་ཁ་ཆེ་བའི་རིགས་ཀྱི་གྲོང་ཁྱེར་ཁོངས་ཀྱི་ཁྱབ་ཁོངས་ནང་ཁྱོན་ཡོངས་ནས་ཐག་གཅོད་ཐུབ་པར་བརྩོན་ལེན་བྱས་ཏེ།  གྲོང་ཁྱེར་ཁོངས་ཀྱི་བཅོས་སྐྱོང་དེང་རབས་ཅན་གྱིས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཁྲོད་འདེགས་སྐྱོར་གྱི་ནུས་པ་གལ་ཆེན་འདོན་སྤེལ་ཐུབ་པ་བྱེད་དགོས།

སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བར་ངེས་པར་དུ་སྤྱི་ཚོགས་བདེ་འཇགས་ཀྱི་དཀའ་གནད་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་པ་དང་།  སྤྱི་ཚོགས་བདེ་སྐྱོང་སྤྱི་ཡོངས་ནས་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ནག་སེལ་ངན་འཇོམས་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་ཤིང་མང་ཚོགས་ཀྱིསབསམ་འཆར་མང་བོ་འདོན་པའི་ཁྲིམས་འགལ་ཉེས་གསོག་གི་བྱེད་སྒོ་སྣ་ཚོགས་ལ་ཁྲིམས་ལྟར་ཉེས་ཆད་ནན་མོ་གཅོད་དགོས།སྤྱི་ཚོགས་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་དེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར།བདེ་འཇགས།ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་དང་འབྲེལ་བ་ཡོད་པས་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་གཞི་རྩའི་འགན་འཁྲི་ཡིན། སྤྱི་ཚོགས་བདེ་སྲུང་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་མི་དམངས་བདེ་སྡོད་ལས་བརྩོན་ཡོང་བར་འགན་སྲུང་བྱ་རྒྱུ་ནི་སྤྱི་ཚོགས་བཅོས་སྐྱོང་འཐུས་ཚང་དུ་གཏོང་བའི་གཞི་རྩའི་བླང་བྱ་ཡིན། མི་དམངས་མང་ཚོགས་ཀྱི་བདེ་སྣང་ལ་ཤུགས་རྐྱེན་ཐེབས་པའི་མངོན་གསལ་གྱི་བདེ་འཇགས་གནད་དོན་ལ་དམ་པོར་དམིགས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་བདེ་འཇགས་དང་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། ཆེད་དོན་རྡུང་རྡེག་བཅོས་སྐྱོང་བྱ་སྤྱོད་གཏིང་ཟབ་སྤེལ་བ། འཆལ་རྒྱན་དུག་གསུམ་དང་བཟའ་བཅའ་དང་སྨན་རྫས། རྐུ་བཅོམ། བུད་མེད་དང་བྱིས་པ། བདག་མེད་ལོ་ལོན་སོགས་ལ་དམིགས་པའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནན་མོ་གཏོང་བ། གློག་འཕྲིན་དྲ་རྒྱའི་ཁ་བསླུས་སོགས་ཀྱི་ཉེས་གསོག་བྱ་སྤྱོད་གསར་པ་དང་རྒྱལ་མཚམས་ལས་བརྒལ་བའི་ནག་ཉེས་གསོག་མཁན་ལ་རྡུང་རྡེག་གཏོང་བའི་ནུས་པ་ཆེ་རུ་གཏོང་བ། ཁྲིམས་ལྟར་ཟང་ཟིང་གི་གནས་བབ་བཅོས་སྐྱོང་བྱས་ཏེ། ནག་སེལ་ངན་འཇོམས་ལ་རྡུང་རྡེག་གཏོང་བའི་འཐབ་རྩོད་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ནས།  མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་།   བདེ་སྣང་བཅས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། སྔར་ལས་འགན་སྲུང་ཡོད་པ་དང་རྒྱུན་མཐུད་ཐུབ་པ་བཅས་བྱེད་དགོས།

སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་རྒྱུ་ནི་སྤྱི་ཚོགས་ཡོངས་ཀྱི་འགན་འཁྲི་ཡིན་པས། ངེས་པར་དུ་སྲིད་གཞུང་དང་ཁྲོམ་ར། སྤྱི་ཚོགས་བཅས་ཀྱི་བཅོས་སྐྱོང་ཁྲོད་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མང་ཚོགས་ཚོགས་པའི་རྩ་འཛུགས་དང་སྤྱི་ཚོགས་ཀྱི་རྩ་འཛུགས། ཁེ་ལས་དང་ལས་དོན་ལས་ཁུངས།  དང་བླངས་པ་བཅས་ཧུར་བརྩོན་གྱིས་སྐུལ་སློང་བྱས་ནས་སྤྱི་ཚོགས་བཅོས་སྐྱོང་གི་ཁྲོད་དུ་ཞུགས་སུ་འཇུག་པ་དང་། མང་ཚོགས་ཀྱིས་མཉམ་འགོག་མཉམ་བཅོས་བྱེད་པའི་སྟོབས་ཤུགས་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་བ། བདེན་པའི་རྒྱབ་ལངས་ཀྱིས་སྤྱི་ཚོགས་ཀྱི་ཁོར་ཡུག་བསྐྲུན་ནས། ཚང་མས་མཉམ་དུ་བརྟན་འཇགས་འཆམ་མཐུན་གྱི་ཁྱིམ་གཞིས་གསར་སྐྲུན་བྱེད་པའི་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་དགོས་དང་། མཉམ་དུ་ཆུ་ཚད་སྔར་ལས་མཐོ་བའི་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས།

                                                  ཡིག་སྒྱུར་བ། གཡང་འབུམ་རྒྱལ།