མཐུན་སྒྲིལ་དང་འཆམ་མཐུན་ཡོང་བར་བྱས་ནས་བློ་སེམས་རྩེ་གཅིག་གིས་ལེའུ་གསར་བ་འབྲི་དགོས།
2023.06.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 9

---ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་དོན་འཁྱོལ་ཟབ་མོ་བྱེད་པའི་བརྗོད་དོན་སློབ་གསོའི་སྐོར་གླེང་བ།

མཚོ་སྔོན་དུ་མི་རིགས་བྱ་བར་འཆར་འགོད་མ་བྱས་ན། སྤྱི་ཡོངས་ལ་འཆར་འགོད་བྱེད་ཐབས་མེད། ཞིང་ཆེན་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བྱ་བའི་གྲོས་ཚོགས་ཀྱིས་བརྗོད་དོན་སློབ་གསོ་དང་མཚོ་སྔོན་གྱི་དཀྱིལ་སྙིང་བྱ་བར་ཟུང་འབྲེལ་བྱེད་པར་བཀོད་སྒྲིག་བྱེད་སྐབས་བསྟན་དོན། མཚོ་སྔོན་མི་རིགས་ས་ཁོངས་ཀྱི་བཅོས་སྐྱོང་ས་ཆའི་རྒྱ་ཁྱོན་ཆེ་བ་དང་གྲངས་ཉུང་མི་རིགས་ཀྱི་མི་གྲངས་ཟིན་ཚད་མཐོ་ལ། ཆོས་ལུགས་ཀྱི་ཤན་ཤུགས་ཐེབས་ཚད་ཟབ་པས། བརྗོད་དོན་སློབ་གསོ་ངེས་པར་དུ་དམིགས་བསལ་ཅན་གྱི་ཞིང་ཆེན་གྱི་གནས་ཚུལ་དངོས་ལ་དམ་དུ་དམིགས་ནས་སྤེལ་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་རྒྱུ་དེ་མཚོ་སྔོན་གྱིས་བརྗོད་དོན་སློབ་གསོ་སྤེལ་བའི་ལག་ལེན་གྱི་ཐེག་བྱེད་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་དམིགས་འབེན་དུ་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་དཔལ་འབྱོར་འཕེལ་རྒྱས། ཆོས་ལུགས་དོ་དམ། སྤྱི་ཚོགས་བརྟན་འཇགས་བཅས་གཅིག་ཕན་གཅིག་གྲོགས་སུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་གྱི་ཆོས་ལུགས་ཞི་མཐུན་དང་མི་རིགས་འགྲིག་མཐུན། སྤྱི་ཚོགས་འཆམ་མཐུན་གྱི་རྣམ་པ་བཟང་བོ་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་དགོས།

མི་རིགས་མཐུན་སྒྲིལ་ནི་རིགས་སོ་སོའི་མི་དམངས་ཀྱི་སྲོག་རྩ་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་མཐོ་ཚད་ནས། མི་རིགས་བྱ་བའི་ཐད་ཀྱི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། ལྟ་བ་གསར་པ་རབ་དང་རིམ་པ་བཏོན་པ་དང་། བཀོད་སྒྲིག་གསར་པ་དང་བྱེད་ཐབས་གསར་པ་སྤྱད་དེ། རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ཐད་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལེན་པར་སྣེ་ཁྲིད་བྱས། མཚོ་སྔོན་གྱིས་ཏང་ཀྲུང་དབྱང་གི་སྣེ་ཁྲིད་འོག་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་བཀོད་སྒྲིག་དང་ལག་བསྟར་བྱས་ནས་གྲུབ་འབྲས་མངོན་གསལ་བླངས་པ་དང་། མི་རིགས་སོ་སོས་མཐུན་སྒྲིལ་བཟང་བོ་བྱེད་པ་དང་རིགས་སོ་སོའི་མི་དམངས་ཀྱིས་ཏང་གི་འགོ་ཁྲིད་འོག་ཏུ་མཉམ་དུ་མཐུན་སྒྲིལ་འབད་བརྩོན་བྱེད་པར་སྐུལ་འདེད་བཏང་ལ། རང་ཞིང་གིས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་སྐུལ་འདེད་བཏང་བ་དང་། མི་རིགས་ས་ཁོངས་རང་སྐྱོང་ས་ཆའི་དཔལ་འབྱོར་སྤྱི་ཚོགས་ཐད་ནས་ལོ་རྒྱུས་རང་བཞིན་གྱི་མཆོང་བརྒལ་མངོན་འགྱུར་བྱས་ལ། དོན་དངོས་ཀྱི་ཐོག་ནས་རིགས་སོ་སོའི་མི་དམངས་ཁྱིམ་ཚང་གཅིག་གི་མི་ལྟ་བུ་ཡིན་པར་གསལ་་བཤད་གང་ལེགས་བྱས་པ་དང་། དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་རྩ་བའི་འགན་སྲུང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས། མཚོ་སྔོན་ནི་ཞིན་ཅང་དང་བོད་ལྗོངས་བརྟན་འཇགས་ཀྱི་འཐབ་ཇུས་ས་ཆ་གཙོ་བོ་ཡིན་པས། ང་ཚོས་ཕྱོགས་ཡོངས་ནས་དུས་རབས་གསར་པའི་བོད་སྐྱོང་ཐབས་ཇུས་ལག་བསྟར་བྱེད་པ་དང་། གཙོ་གཞིའི་འགན་འཁྲི་ཕྲག་ཏུ་ལེན་དགོས་པ་དང་། ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གཏིང་ཟབ་ཏུ་བྱེད་དགོས་པའི་རེ་བ་བཏོན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསླབ་བྱ་ཡིད་ལ་དམ་པོར་བཟུང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་དེ་མཚོ་སྔོན་བཅོས་སྐྱོང་བྱེད་པ་དང་མཚོ་སྔོན་གྱི་སྲིད་སྐྱོང་བའི་རྨང་གཞི་རང་བཞིན་གྱི་ལས་དོན་དུ་བརྩིས་ནས་དམ་འཛིན་བྱེད་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ནི། མར་ཁེ་སི་རིང་ལུགས་ཀྱི་མི་རིགས་གཞུང་ལུགས་རྒྱུན་འཛིན་བྱས་པ་དང་གོང་འཕེལ་དུ་བཏང་བ་དེ་ཡིན་ལ། གནས་བབ་གསར་པའི་འོག་གི་མི་རིགས་བྱ་བ་བཟང་བོར་བསྒྲུབ་པ་དང་། མི་རིགས་ས་ཁུལ་མྱུར་དུ་འཕེལ་རྒྱས་གཏོང་བ། རིགས་སོ་སོའི་མང་ཚོགས་མཉམ་དུ་ཕྱུག་པོར་བསྒྱུར་བར་སྐུལ་འདེད་གཏོང་བ། མི་རིགས་སོ་སོ་སྤྱི་ལ་དབང་བའི་བསམ་པའི་ཁྱིམ་གཞི་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ། མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱེད་པ་དང་མཉམ་དུ་དར་རྒྱས་གོང་འཕེལ་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུ་བ་བཅས་ཀྱི་ཐད་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན་པ་དང་། དེ་ནི་ང་ཚོས་དུས་རབས་གསར་པའི་མི་རིགས་བྱ་བ་བཟང་བོར་སྒྲུབ་པའི་འགུལ་སྐྱོད་ཕྱོགས་སྟོན་ཡིན། བརྗོད་དོན་སློབ་གསོའི་ཁྲོད་ང་ཚོས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ཟབ་མོ་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པར་སྣེ་ཁྲིད་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ། རང་ཞིང་གི་མི་རིགས་བྱ་བ་གསར་གཏོད་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་བྱ་བ་ལག་བསྟར་བྱས་ནས་གྲུབ་འབྲས་ལེན་ཐུབ་པར་བྱེད་དགོས།

བརྗོད་དོན་སློབ་གསོའི་ཁྲོད། ང་ཚོས་ངེས་པར་དུ་ཏང་གི་མི་རིགས་བྱ་བའི་ཐད་ཀྱི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་མི་རིགས་གཞུང་ལུགས་དང་མི་རིགས་སྲིད་ཇུས་སློབ་སྦྱོང་བྱེད་པར་ཤུགས་སྣོན་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་རིགས་སོ་སོའི་མང་ཚོགས་ཀྱིས་གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་རྒྱུས་ལོན་གཏིང་ཟབ་བྱེད་པར་སྣེ་ཁྲིད་བྱེད་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ལེགས་པོར་སྒྲུབ་པ་བཅས་བྱས་ནས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་པའི་བགྲོད་ལམ་ཡང་དག་ཏུ་བསྐྱོད་དེ། རིགས་སོ་སོའི་ལས་བྱེད་པའི་བསམ་བློ་དང་བྱ་སྤྱོད་གཉིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་དགོས། ང་ཚོས་རིགས་སོ་སོའི་མི་དམངས་སྤྱི་ལ་དབང་བའི་བསམ་པའི་ཁྱིམ་གཞི་འཛུགས་སྐྲུན་བྱེད་པ་དང་། ཉམས་མྱོང་སྤྱི་སྡོམ་བྱེད་པ། བྱེད་ཐབས་བཟང་བོར་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱིས་ཡང་དག་པའི་མེས་རྒྱལ་ལྟ་བ་དང་མི་རིགས་ལྟ་བ། རིག་གནས་ལྟ་བ། ལོ་རྒྱུས་ལྟ་བ་བརྟན་པོ་འཛུགས་པར་སྣེ་ཁྲིད་བྱེད་པ། “ཁ་འབྲལ་ཐབས་མེད་པ་གསུམ”དང་“མོས་མཐུན་ལྔ”ཇེ་བརྟན་དུ་བཏང་སྟེ། ཀྲུང་ཧྭ་མི་རིགས་སྤྱི་ལ་དབང་བའི་བསམ་པའི་ཁྱིམ་གཞི་མོས་མཐུན་གྱི་ཚད་སྔར་ལས་མཐོ་བ་དང་གཅིག་བསྡུས་ནུས་པ་སྔར་ལས་ཆེ་བ། སྤོབས་སེམས་སྔར་ལས་མཐོ་བར་བྱེད་དགོས། ང་ཚོས་རིགས་སོ་སོའི་མང་ཚོགས་བར་གྱི་འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་ལ་ཤུགས་སྣོན་པ་དང་། “མཐུན་སྒྲིལ་གྱི་ཁྱིམ་གཞི”འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། མི་རིགས་སོ་སོས་བར་སྟོང་མཉམ་འདྲེས་དང་དཔལ་འབྱོར་མཉམ་འདྲེས། རིག་གནས་མཉམ་འདྲེས། སྤྱི་ཚོགས་མཉམ་འདྲེས་དང་བརྩེ་སེམས་མཉམ་འདྲེས་བྱེད་པ་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་ནས། ཕན་ཚུན་བརྩི་བཀུར་དང་ཕན་ཚུན་རྒྱུས་ལོན། ཕན་ཚུན་བཟོད་སྒོམ་བྱེད་པའི་འཆམ་མཐུན་འཕེལ་རྒྱས་ཀྱི་རྣམ་པ་གྲུབ་པར་བྱེད་དགོས། ང་ཚོས་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་དཔལ་འབྱོར་འཕེལ་རྒྱས། སྐྱེ་ཁམས་སྲུང་སྐྱོབ། དམངས་ཚིས་ལེགས་སྒྱུར་སོགས་མཉམ་འདྲེས་སྒོས་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱེད་པར་སྐུལ་འདེད་གཏོང་བ་དང་། ཧུར་ཐག་གིས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱིས་བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་ཐུབ་པར་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དངོས་པོའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། ང་ཚོས་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་རྒྱུ་ཐེག་བྱེད་དུ་བྱེད་པ་དང་། “གཅིག་ཅན་བཅུ”སྣེ་ཁྲིད་དུ་བྱེད་པ། མི་རིགས་ལས་དོན་དེ་མཉམ་འཛུགས་མཉམ་བཅོས་དང་མཉམ་སྤྱོད་ཀྱི་སྤྱི་ཚོགས་བཅོས་སྐྱོང་རྣམ་པའི་ཁྲོད་འཇོག་པ་དང་། མི་རིགས་ས་ཁུལ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་བཏང་སྟེ། འགྲིག་མཐུན་བརྟན་འཇགས་ཀྱི་རྣམ་པ་བཟང་བོ་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་དགོས།

སྐྱོད་ལམ་གསར་པའི་སྟེང་། མི་རིགས་སོ་སོས་བློ་སེམས་གཅིག་ཏུ་བསྡུ་བ་དང་མཐུན་སྒྲིལ་དམ་ཟབ་བྱས་ན། ཕྱོགས་གང་ཐད་ནས་ཀྱང་རྒྱལ་ཁ་ལེན་ཐུབ། ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་བློ་གཅིག་སེམས་གཅིག་དང་མཉམ་དུ་འབད་འཐབ་བྱས་ནས། མི་རིགས་མཐུན་སྒྲིལ་གྱི་ཕུགས་འདུན་བཟོ་སྐྲུན་གྱི་སྟོབས་ཤུགས་གཅིག་ཏུ་བསྡུ་དགོས།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།